English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

རྩོམ་པ་པོ་ཚེ་རིང་འོད་ཟེར་རྒྱ་གཞུང་གིས་བཀག་ཉར།

འདོན་སྤེལ། 2014/07/12 7:15 AM རྩོམ་པ་པོ།

རྩོམ་པ་པོ་ཚེ་རིང་འོད་ཟེར་དང་མོའི་ཁྱོ་ག་ཝང་ལི་ཞང་གཉིས་པེ་ཅིང་གི་རང་ཁྱིམ་དུ་བཀག་ཉར་བྱས་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱ་གཞུང་ལ་སྐྱོན་བརྗོད་བྱས་འདུག

ཨ་རིའི་ཕྱི་སྲིད་དྲུང་ཆེ་ཇོན་ཁེ་རེས་རྒྱ་ནག་ཏུ་སླེབས་ཏེ་ཨ་རི་དང་རྒྱ་ནག་བར་དཔལ་འབྱོར་དང་ཐབས་ཇུས་ཀྱི་གྲོས་མོལ་ཐེངས་དྲུག་པའི་ཚོགས་འདུར་ཞུགས་བཞིན་པའི་སྐབས་འདིར། བོད་ཀྱི་རྩོམ་པ་པོ་གྲགས་ཅན་ཚེ་རིང་འོད་ཟེར་དང་ཁོང་གི་བཟའ་ཟླ་ཝང་ལི་ཞང་གཉིས་པེ་ཅིང་གི་རང་ཁྱིམ་དུ་བཟང་བཙོན་ལ་བཅུག་པར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་དོ་སྣང་ཤུགས་ཆེན་བྱས་འདུག

ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ལྕམ་རྗན་ས་ཁི་(Jen Psaki)ཡིས། “ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་རྒྱལ་སྤྱིའི་བུད་མེད་བློ་སྟོབས་ཀྱི་གཟེངས་རྟགས་འབུལ་མྱོང་བའི་རྒྱ་ནག་གི་མི་གཉིས་དབུ་མེད་དང་འབྲེལ་བའི་གནད་དོན་སྐོར་གྱི་སྒེར་གྱི་དགོང་ཚིགས་ཤིག་ལ་གདན་ཞུ་བྱས་ཡོད། རྒྱ་གཞུང་གིས་བོད་རིགས་བུད་མེད་རྩོམ་པ་པོ་འོད་ཟེར་བཟང་བཙོན་འོག་ཏུ་བཅུག་པ་མ་ཟད། དགོང་ཚིགས་གསོལ་སྟོན་དེའི་ཐོག་མཉམ་ཞུགས་བྱེད་པར་བཀག་སྡོམ་བྱས་པ་རེད་ལ། བུད་མེད་ཀྱི་གཟེངས་རྟགས་ཐོབ་པའི་རྒྱ་ནག་གི་མི་གཞན་པ་དེའང་འོད་ཟེར་དང་གཅིག་མཚུངས་ཀྱི་གནས་སྟངས་འོག་ཡོད་པའི་ཡིད་ཆེས་ཡོད། ཨ་རིའི་ཕྱོགས་ནས་དེའི་སྐོར་ལ་དོ་སྣང་བྱེད་བཞིན་པ་མ་ཟད། རྒྱུ་རྐྱེན་ཤེས་རྟོགས་ཐུབ་པའི་རེ་བ་ཡོད་”ཅེས་བརྗོད་ཡོད་པ་རེད།

འོད་ཟེར་དང་མོའི་ཁྱོ་ག་རྒྱ་རིགས་རྩོམ་པ་པོ་ཝང་ལི་ཞང་གཉིས་ནང་སོག་ནས་ཕྱིར་པེ་ཅིང་དུ་ཕྱིར་ལོག་བྱས་པའི་རྗེས། རྒྱལ་ཁབ་བདེ་འཇགས་མི་སྣས་ཁོང་གཉིས་ཕྱིར་འགྲོ་བསྐྱོད་མི་ཆོག་པའི་བཀའ་རྒྱ་བཏང་ཡོད་པ་དང། ཁྱིམ་དུ་བཟང་བཙོན་ལ་འཇུག་དགོས་པའི་རྒྱུ་མཚན་འགྲེལ་བརྗོད་བྱས་མེད་ཀྱང་། འོད་ཟེར་ཀྱིས་དེ་ནི་ཁོང་ལ་པེ་ཅིང་དུ་བཅའ་སྡོད་ཨ་རིའི་གཞུང་ཚབ་ཁང་ནས་དགོང་ཚིགས་གསོལ་སྟོན་ལ་མགྲོན་འབོད་བྱས་བའི་རྐྱེན་ཡིན་པར་ཚོད་དཔག་བྱེད་བཞིན་པ་མ་ཟད། འོད་ཟེར་ཀྱིས་སྐབས་དེར་རྒྱ་ནག་ལ་གཟིགས་སྐོར་དུ་ཕེབས་པའི་ཨ་རིའི་ཕྱི་སྲིད་དྲུང་ཆེ་རྗོན་ཁེ་རེས་དང་ཐུག་འཕྲད་ཐུབ་པའི་ཚོད་དཔག་བྱས་ཡོད། དེའི་ཐད་འོད་ཟེར་གྱིས་བརྗོད་དོན། ཁོང་མོ་དང་ཝང་ལི་ཞང་གཉིས་ཉེ་སྔོན་པེ་ཅིང་ནས་ཁ་བྲལ་སྐབས་ཨ་རིའི་གཞུང་ཚབ་ཁང་གིས་མགྲོན་འབོད་བྱས་ཏེ་ཕྱི་ཚེས༩ ཉིན་གྱི་དགོང་མོར་ཐུག་རྒྱུ་བྱས་བ་ཡིན། ད་ལྟ་ཉེན་རྟོག་པས་རང་ཁྱིམ་དུ་བཀག་སྡོམ་འོག་ཕྱི་ལ་འགྲོ་ཐབས་མེད་པས་ཧ་ཅང་བློ་ཕམ་འདུག་ཅེས་བརྗོད་འདུག

༢༠༡༣ ལོར་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་<<རྒྱལ་སྤྱིའི་བུད་མེད་ཀྱི་བློ་སྟོབས་གཟེངས་རྟགས་>> ཞེས་པའི་བྱ་དགའ་དེ་ཚེ་རིང་འོད་ཟེར་ལ་སྤྲད་ཡོད་ནའང་། རྒྱ་ནག་གཞུང་གིས་ཚེ་རིང་འོད་ཟེར་ལ་ཕྱི་བསྐྱོད་ལག་ཁྱེར་མ་སྤྲད་པའི་རྐྱེན་གྱིས་ཁོང་དངོས་སུ་ཨ་རིའི་རྒྱལ་ས་ཝ་ཤིང་ཌོན་དུ་བྱ་དགའ་ལེན་པར་བསྐྱོད་ཐུབ་མེད་ནའང་། ཨ་རིའི་རྒྱ་ནག་ཏུ་བཅའ་སྡོད་གཞུང་ཚབ་ཁང་གི་ལས་བྱེད་ཅིག་གིས་རྗོན་ཁེ་རེས་ཀྱི་ཚབ་བྱས་ནས་བྱ་དགའ་དེ་འོད་ཟེར་ལ་སྤྲད་ཡོད་པ་མ་ཟད། ཝ་ཤིང་ཌོན་དུ་གཟེངས་རྟགས་གཟེངས་རྟགས་འབུལ་བཞེས་ཀྱི་མཛད་སྒོའི་སྐབས་རྗོན་ཁེ་རེས་ཀྱིས། རྒྱ་ནག་གཞུང་གིས་བོད་ནང་ཕྱོགས་ཡོངས་ནས་གནས་ཚུལ་བཀག་སྡོམ་བྱེད་བཞིན་པའི་སྐབས་འདིར། ཚེ་རིང་འོད་ཟེར་ཀྱིས་བློ་སྟོབས་ཆེན་པོའི་ངང་བོད་མིའི་གནས་སྟངས་ངོ་མ་ཡིག་ཐོག་ཏུ་ཕབ་སྟེ་རྒྱལ་སྤྱིའི་སྟེང་བོད་མི་མང་གི་སྐད་སྒྲ་སྒྲོག་བཞིན་པར་བསྟོད་བསྔགས་བྱས་ཡོད་པ་རེད།། ཡོང་ཁུངས། བོད་ཀྱི་བང་ཆེན།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེའི་དབུས་རྒྱུན་ཚོགས་འདུ་ཐེངས་ ༢ པ་ཚོགས་པ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།