སྡེ་དགེ་པས་༸བདག་ཆེན་གདན་ཞུ།
༄། །ད་ལམ་ས་གནས་ཨ་རི་སྡེ་དགེ་སྐྱིད་སྡུག་གིས་༸སྐྱབས་རྗེ་ས་སྐྱ་བདག་ཆེན་རིན་པོ་ཆེ་མཆོག་ལ་ཤི་གསོན་གཉིས་ཀྱི་ཆེད་གདན་ཞུ་གསོལ་འདེབས་ཞུས་པ་བཞིན། ཕྱི་ལོ་༢༠༡༣་༣་༢༦ དང་ ༡༧ རེས་གཟའ་སྤེན་པ་དང་ཉི་མ་ཉིན་གཉིས་ཀྱི་རིང་ཞབས་སོར་བཀའ་དྲིན་བསྐྱང་རྒྱུ་ཐུགས་གཏན་འཁེལ་བ་ལྟར། ཉིན་དང་པོར་ ༸མགོན་པོ་གང་ཉིད་ཀྱིས་གཙོས་རིས་མེད་ཀྱི་བླ་གྲྭ་རྣམས་དང་མི་མང་བཅས་འདུ་འཛོམས་ཐོག་འཛམ་གླིང་ཞི་བདེའི་དེད་དཔོན་ལྷར་བཅས་སྲིད་ཞིའི་གཙུག་རྒྱན་ ༸གོང་ས་ཡིད་བཞིན་ནོར་བུ་མཆོག་གིས་གཙོས་རིས་མེད་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་ཞབས་པད་བརྟན་པའི་གསོལ་སྨོན་དང་ཞུ་རྒྱུ་དང་ཆབས་ཅིག ད་བར་བོད་ཕྱི་ནང་གཉིས་སུ་བོད་བསྟན་སྲིད་གཉིས་ཀྱི་ཆེད་དུ་རང་སྲོག་བློས་གཏོང་གནང་མཁན་རྣམས་དང་། ལྷག་པར་དུ་ཉེ་བའི་ཆར་སྐུ་ལུས་མེ་མཆོད་ཕུལ་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་དམིགས་གསལ་བྱང་ཆོག་དང་བསྔོ་སྨོན་གསོལ་འདེབས་འཚོག་རྒྱུ།
ཉིན་གཉིས་པར་གསོན་པོ་རྣམས་ཀྱི་རྐྱེན་ངན་བར་ཆད་བཟློག་པ་དང་ཚེ་རིང་ནད་མེད་ཡོང་ཆེད་ཚེ་དབང་བཀའ་དྲིན་བསྐྱང་རྒྱུ་དང་། ཕྲིན་བཅོལ་གཏོང་གནང་རྒྱུའི་མཛད་རིམ་བཞིན་ཚང་མ་མཉམ་ཞུགས་ཡོང་བའི་འབོད་བསྐུལ་ཞུ།
སྐབས་འདིར་འདས་གྲོངས་སུ་གྱུར་པ་རྣམས་ཀྱི་མཚན་ཐོ་བྱང་ཆོག་དང་བསྔོ་སྨོན་སྐབས་ཕུལ་ན་གཤིན་པོའི་རྣམ་ཤེས་ལ་ཕན་རླབས་ཤིན་ཏུ་ཆེ་བས་དགོངས་འཇགས་ཞུ།
གོང་གསལ་མཛད་རིམ་ཆེད་མཐུན་རྐྱེན་རོགས་རམ་གནང་འདོད་ཡོད་དང་འབྲེལ་བ་གནང་འདོད་ཡོད་མཁན་ཚོས་གཤམ་གསལ་ཁ་བྱང་དག་སྤྱོད་རོགས་ཞུ།
ནིའུ་ཡོག་ས་གནས་སྡེ་དགེ་སྐྱིད་སྡུག་ནས་༢༠༡༣་༣་༨ ཉིན་ཕུལ།
VENUE;
Qucens Palace. 37-11, 57th St.
Woodside, NY 11377
(3/16/2013)Saturday. 11:30 am to 5:00 pm
3/17/2013(Sunday) 1:30 pm to 6:00 pm
Contacts;
Tibetan dhege society of north America
Wangdu 347 852 8888
Jampa 347 972 5288
Tsering Chokyi 646 5889315