སྡེ་དགེ་རྒྱལ་པོས་མཛད་པའི་མདོ་སྔགས་ཆོས་ཚུལ་སྙིང་པོ།
༄༅། །གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞི་ཡི་རྣམ་གཞག་བསྟན་པའི་སྙིང་པོ་སྡོམ་པ་གསུམ་གྱི་དོན་གཞི་ལམ་འབྲས་གསུམ་གྱི་གནད་བསྡུས་ཞར་བྱུང་བོད་ཀྱི་གྲུབ་མཐའི་ལོ་རྒྱུས་བཅས་ལྷན་ཅིག་ཏུ་བཀོད་པ་མདོ་སྔགས་ཆོས་ཚུལ་སྙིང་པོའི་གསལ་བྱེད་མ་རིག་མུན་པ་སེལ་བའི་དཔལ་ལྡན་འོད་ཟེར་བརྒྱ་པ་སྐལ་བཟང་བློ་ཡི་པད་ཚལ་བཞད་པ་དོན་གཉིས་ལྷུན་གྱིས་གྲུབ་པའི་ལམ་བཟང་ཞེས་བྱ་བ་བཞུགས་སོ།། ཨོཾ་སྭསྟི་སིདྡྷཾ། ན་མཿསརྦ་ཛྙོ་ནཱ་གརྫུ་ན་ས་ག་ར་ཡ། སྲིད་པ་གསུམ་ན་ཟླ་བྲལ་ཐམས་ཅད་མཁྱེན། །སྡོམ་པ་གསུམ་གྱི་བཀའ་དྲིན་ལེགས་སྩལ་མགོན། །སྐྱབས་གསུམ་ཀུན་འདུས་མཁན་ཆེན་ཐམས་ཅད་མཁྱེན། །སྙིང་ནས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །བདུད་ལས་རྣམ་རྒྱལ་འཇིག་རྟེན་གསུམ་གྱིས་མཆོད། །སྤངས་རྟོགས་མཐར་ཕྱིན་འགྲོ་ཀུན་གཏན་བདེར་བཀོད། །སྟོན་མཆོག་རྒྱལ་བ་ཤཱཀྱ་སེང་གེ་ལ། །གུས་པས་འདུད་དོ་བྱང་ཆུབ་བར་དུ་སྐྱོངས། །གང་ལ་ཐེག་གསུམ་དམ་པའི་ཆོས། །ཞུ་བསྡུ་འགྲེལ་བཤད་བྱང་ཆུབ་སེམས། །དགྲ་བཅོམ་པཎ་གྲུབ་འཕགས་ཡུལ་གྱི། །རྒྱལ་བསྟན་གསལ་བྱེད་རྣམས་ལ་འདུད། །ཁྱད་པར་འཇམ་དབྱངས་བྱམས་པ་མགོན། །ཀླུ་སྒྲུབ་ཡབ་སྲས་ཐོགས་མེད་མཆེད། །ཕྱོགས་གླང་ཆོས་གྲགས་ཡོན་ཏན་འོད། །ཤྲཱི་མཱན་དྷརྨ་པཱ་ལར་འདུད། །བྷོ་ཊའི་ལྗོངས་འདིར་ཐུབ་པའི་བསྟན། །རྒྱས་མཛད་ཆོས་རྒྱལ་བློན་འཕགས་པའི། །པཎ་གྲུབ་བོད་ཀྱི་ལོ་ཙཱ་བ། རིམ་པར་བྱེད་པ་རྣམས་ལ་འདུད། །ཁྱད་པར་མཁན་ཆེན་ཞི་བ་འཚོ། །པདྨ་སཾ་བྷ་ཇོ་བོ་རྗེ། །ཤཱཀྱ་ཤྲཱི་སྤྲིན་འཛིན་པ་ཞབས། །དད་བྱེད་གོ་ཆ་རྣམས་ལ་འདུད། །ལོ་ཆེན་བེ་རོ་སྐ་ཅོག་དང་། །རིན་ཆེན་བཟང་པོ་རྔོག་པ་ཚབ། །འགོས་གཉན་བ་རི་འབྲོག་མི་དང་། །མལ་དང་རྭ་ལོ་ཆེན་པོར་འདུད། །ཡོངས་རྫོགས་བསྟན་པའི་མངའ་བདག་མཆོག །དཔལ་ལྡན་ས་སྐྱ་པ་ཆེན་པོ། །གོང་མ་རྣམ་ལྔ་དབོན་དང་སློབ། །བརྒྱུད་པར་བཅས་པའི་ཚོགས་ལ་འདུད། །ཁྱད་པར་རྗེ་བཙུན་གྲགས་པའི་མཚན། །འཇམ་མགོན་ས་སྐྱ་པཎྜི་ཏ། །རྒྱལ་བ་ངོར་ཆེན་རྡོ་རྗེ་འཆང་། །ཀུན་མཁྱེན་བསོད་ནམས་སེང་གེར་འདུད། །ངོར་ཆེན་དཀོན་མཆོག་ལྷུན་གྲུབ་དང་། །བདག་ཆེན་རྡོ་རྗེ་འཆང་ཆེན་པོ། །གྲུབ་མཆོག་དབང་པོ་རྡོ་རིངས་པ། །ཚར་ཆེན་ཆོས་ཀྱི་རྒྱལ་པོར་འདུད། །ཐམས་ཅད་མཁྱེན་པ་མང་དུ་ཐོས། །ཀླུ་སྒྲུབ་རྒྱ་མཚོའི་ཞལ་སྔ་ནས། །པཎ་ཆེན་ངག་དབང་ཆོས་ཀྱི་གྲགས། །མཁས་པའི་དབང་པོ་མཆོག་ལ་འདུད། །དྲིན་ཅན་གནས་གསར་རྡོ་རྗེ་འཆང་། །རིགས་ཀུན་བདག་པོ་ཐར་རྩེ་རྗེ། །རྡོ་རྗེ་འཆང་དངོས་ཡར་རླུང་པ། །རྗེ་བཙུན་འཆི་མེད་མཚན་ཅན་འདུད། །སྐྱབས་མཆོག་འཇམ་མགོན་ས་སྐྱ་པ། །མངྒ་ལ་དང་རཏྣའི་མཚན། །ཡབ་སྲས་སྐུ་མཆེད་རྣམས་ལ་འདུད། །བྱང་ཆུབ་བར་དུ་བརྩེས་སྐྱོངས་མཛོད། །མདོ་སྔགས་སྨྲ་བའི་སེང་གེ་མཆོག །ལམ་འདི་བཀའ་དྲིན་སྩོལ་བའི་རྗེ། །བྱམས་པ་སྨོན་ལམ་གྲགས་པ་ཡི། །ཞབས་ལ་གུས་པ་ཆེན་པོས་འདུད། །མཆོག་གསུམ་དགྱེས་མཛད་སོགས་ཡི་དམ། གུར་ཞལ་རྣམ་གཉིས་བཀའ་བསྟོད་བཅས། །ནོར་ལྷའི་ཚོགས་ལའང་གུས་པས་འདུད། །གྲུབ་གཉིས་དགེ་ཚོགས་མཆོག་སྩོལ་ཅིག །ལེགས་པའི་ལམ་བཟང་མདོ་སྔགས་ལམ། །ལེགས་པར་བགྲོད་ཚུལ་རིམ་པ་ནི། །ལེགས་བཤད་དོན་འདུས་གོ་བདེ་བར། །ལེགས་པའི་ལམ་བཟང་འདི་ན་འགོད། །ཆོས་རྗེ་ས་སྐྱ་པཎྜི་ཏས། །བསྟན་བཅོས་མཁས་པའི་འཇུག་སྒོ་ནས། །མཁས་པས་འཛིན་པའི་གྲུབ་མཐའ་ནི། །སངས་རྒྱས་པ་དང་མུ་སྟེགས་བྱེད། །དེ་ལས་གཞན་པའི་བླུན་པོ་ཡིས། །གློ་བུར་བཏགས་པའི་གྲུབ་མཐའ་ཡིན།་་་་་སྟོན་པ་དང་འགྲེལ་བྱེད་སོགས་ཁུངས་ལྡན་མེད་པའི་རིགས། །གློ་བུར་ཞེས་པ་ཀླ་ཀློ་སོགས། །བདག་མེད་རྟོགས་པའི་ཤེས་རབ་ལས། །ཕྱིར་ཕྱོགས་ཐར་པའི་མུའམ་སྟེགས། །ལ་བརྟེན་ལམ་སྒྲུབ་ཁས་འཆེ་བའི། །མུ་སྟེགས་རྟོག་གེ་སྡེ་ལྔ་ནི། །རིག་བྱེད་གྲངས་ཅན་འུག་ཕྲུག་པ། །ཟད་བྱེད་ཚུར་རོལ་མཛེས་པ་བ། །དེ་ལས་རིག་བྱེད་པར་གྲགས་པ། །ཁྱབ་འཇུག་ཚངས་པ་ལྷར་འཛིན་ཏེ། །ཁྱབ་འཇུག་ལྷ་རྫས་ཀྱི་ངོ་བོ། །འཆི་བ་མེད་པས་འགྲོ་ཐམས་ཅད། །བསྐྱེད་པར་འདོད་ཅིང་དེའི་ལྟེ་བའི། །པདྨོར་ཚངས་པ་སྐྱེས་པར་འདོད། །དེ་ཡི་རིག་བྱེད་བསྟན་པར་བཤད། །བདག་་་་་་ཁྱབ་འཇུག་གིས་སྣོད་བཅུད་ཐམས་ཅད་ལ། ཀུན་ལ་ཁྱབ་སོགས་སུ་འདོད། །ཁྱབ་འཇུག་ཡོན་ཏན་བསྒོམ་པ་ཡིས། །བདེ་བ་ཐོབ་ཅིང་གྲོལ་གྱུར་བཤད། །གྲངས་ཅན་པ་ཡི་ས་བོན་ནི། །སྐྱ་བོའི་སྐབས་ན་མྱུ་གུ་སྔོ། །མི་གསལ་ཚུལ་དུ་གནས་པ་བཞིན། །རྐྱེན་གྱི་མངོན་པར་གསལ་བཞིན་པའི། །རྒྱུ་འབྲས་གཅིག་འདོད་སྙིང་སྟོབས་རྡུལ། །མུན་པའི་རང་བཞིན་གསུམ་ཆ་མཉམ། །དེས་བྱས་གཙོ་བོས་བྱས་ཞེས་འདོགས།་་་་་དཔེ་བྱས་པའི། བདག་ཤེས་རིག་པའི་སྐྱེས་བུ་ནི། །རྟག་པ་རང་དབང་ཅན་ལུས་ཅན། །རྣམས་ཀྱི་སྙིང་ལ་གནས་ཞེས་ཟེར། །དེ་ཉིད་སྟག་ཚང་ལོ་ཙཱའི་གྲུབ་མཐའ་ཀུན་ཤེས་སུ་གསལ།་་་་་ཉེར་ལྔ་ཤེས་གྲོལ་བཤད། །འུག་ཕྲུག་པ་ཞེས་དབང་ཕྱུག་པས། །སྣོད་བཅུད་སྐྱེ་འགྲོ་བདེ་སྡུག་སོགས། །ཐམས་ཅད་དབང་ཕྱུག་གིས་བློ་ཡིས། །གཡོ་བ་སྔོན་བཏང་བྱས་པར་འདོད། །འཇིག་ལྟ་ཡུལ་ལ་མ་འཁྲུལ་བར། །མཐོང་ནས་དེ་ཡི་འཛིན་སྟངས་ལ། །གསལ་སྣང་འདོན་ཏེ་དབང་བསྐུར་བྱེད། །ཚིག་དོན་དྲུག་་་་་་སྟག་ཚང་ལོ་ཙཱའི་གྲུབ་མཐའ་ཀུན་ཤེས་སུ་གསལ། ཤེས་གྲོལ་བར་བཤད། །ཟད་བྱེད་གཅེར་བུ་པ་ཞེས་པས། །གྲངས་ཅན་པ་ལྟར་བདག་སེམས་ཀྱི། །མཚན་ཉིད་ཡིན་ཅིང་བདག་དང་སྲོག །སྐྱེས་བུ་རྣམ་གྲངས་ཡིན་པར་འདོད། །ལས་ནི་གསར་དུ་མི་བསོག་ཕྱིར། །སྡོམ་པས་བསྡམས་དང་སྔར་གྱི་ལས། །ཟད་ཕྱིར་ཟས་མི་ཟ་བ་སོགས། །དཀའ་ཐུབ་སྣ་ཚོགས་བྱེད་ནས་ནི། །དེ་དག་ཟད་ནས་འཇིག་རྟེན་གྱི། །སྟེང་ན་ཐར་པ་གདུགས་དཀར་པོ། །གྱེན་བཀན་འདྲ་བར་གྲོལ་བར་འདོད། །དེ་བཞི་རྟག་ལྟའི་སྡེ་ཚན་ཡིན། །ཚུ་རོལ་མཛེས་བྱེད་རྒྱང་འཕེན་པ། །ལུས་སེམས་རྫས་གཅིག་འདོད་ནས་དེ། །སྲན་ཟླུམ་ཚེར་རྣོ་རྨ་བྱ་ཡི། །སྒྲོ་ཐིག་སྟེས་དབང་གློ་བུར་དུ། །གྲུབ་པ་ལྟར་དུ་མ་ཤི་བར། །བདག་་་་་་བདག་འཛིན་རྟག་བརྟན་ཐེར་ཟུག་ཅན་འདོད་པ། ཤེས་རེག་ཏུ་སྐྱེས་ལ་ཤི། །དེ་ནས་ཆད་འདོད་ལས་རྒྱུ་འབྲས། །ཚེ་ནི་སྔ་ཕྱི་སོགས་མེད་འདོད། །ཆད་ལྟ་ཤིན་ཏུ་ཐ་ཆད་དོ། །དེ་ལྟར་རྟོག་གེ་སྡེ་ལྔ་པོ། །རྟག་ཆད་གཉིས་སུ་འདོད་པའོ། །མུ་སྟེགས་ཐམས་ཅད་བདག་འཛིན་མཐུན། །རྟག་སྨྲ་རྣམས་ཀྱིས་བདག་ཡོད་པར། །རྟག་པར་འདོད་ཅིང་ཆད་སྨྲ་རྣམས། །བདག་ཡོད་ཤི་ནས་ཆད་པར་འདོད། །སྔ་མ་གསུམ་ནི་རིག་བྱེད་འདོད། །ཕྱི་མ་གཉིས་ཀྱིས་་་་་་ཁྱབ་འཇུག་དང་དབང་ཕྱུག་ལྷར་འཛིན། རིག་བྱེད་འདོར། །བདག་ཡོད་པ་ནི་ཐམས་ཅད་མཐུན། །བལྟ་བའི་བྱེ་བྲག་གཞན་མི་འདྲ། །ཕྱི་ནང་གྲུབ་མཐའི་ཁྱད་པར་ནི། །དབྱེ་ཚུལ་རྣམ་པ་་་་་་སྐྱབས་འགྲོའི་ཁྱད་དང་ལྟ་བ་བཀའ་རྟགས་བཞི་ཞེས་པ་མི་རྟག་སྡུག་བསྔལ་སྟོང་ཞིང་བདག་མེད་བཞི་དང་། བསྒོམ་པ་སྲིད་རྩེའི་གཉེན་པོ་ཡོད་མེད་ཀྱི་ཁྱད་པར་ཀྱང་རང་སྡེ་གནས་མ་བུའི་སྡེས་བརྗོད་དུ་མེད་པའི་བདག་ཁས་བླངས་ཀྱང་། །བདག་མེད་རྟོགས་པའི་ཤེས་རབ་ནི་མེད་པར་མི་འདོད་པས་སྐྱོན་ཅན་མིན་ཅིང་ཀུན་མཁྱེན་བླ་མའི་བཞེད་པའི་འདི་ལེགས་པར་མངོན། མང་མཆིས་ཀྱང་། །བདག་མེད་རྟོགས་པའི་ཤེས་རབ་ཀྱིས། །ལམ་ལ་བརྟེན་ནས་ཐར་པ་མཆོག །འདོད་མིན་སྒོ་ནས་ཕྱི་ནང་གི །ཁྱད་པར་དབྱེ་བ་རྩོད་བྲལ་ཡིན། །དོན་དུ་བདག་མེད་རྟོགས་མ་རྟོགས། །ཁོ་ནས་ཕྱེ་བ་མཁས་ལ་གྲགས།་་་་་ཀུན་མཁྱེན་བླ་མའི་བཞེད་པ་འདི་ཕུལ་དུ་བྱུང་ཞིང་ལེགས་པར་མངོན། །ནང་པ་སངས་རྒྱས་གྲུབ་མཐའ་ལ། །སྙིང་པོ་ཀྱཻ་ཡི་རྡོ་རྗེ་ཡི། །རྩ་རྒྱུད་བརྟག་པ་གཉིས་པ་ལས། །དང་པོར་གསོ་སྦྱོང་སྦྱིན་པར་བྱ། །དེ་རྗེས་བསླབ་པའི་གནས་བཅུ་ཉིད། །དེ་ལ་བྱེ་བྲག་སྨྲ་བ་བསྟན། །མདོ་སྡེ་པ་ཡང་དེ་བཞིན་ནོ། །དེ་ནས་རྣལ་འབྱོར་སྤྱོད་པ་ཉིད། །དེ་ཡི་རྗེས་སུ་དབུ་མ་བསྟན། །སྔགས་ཀྱི་རིམ་པ་ཀུན་ཤེས་ནས། །དེ་རྗེས་ཀྱཻ་ཡི་རྡོ་རྗེ་བསྟན། །དང་པོ་བྱེ་བྲག་སྨྲ་བ་ནི། །བཤད་གཞི་དམ་ཆོས་མངོན་པ་ནི། །སྟོན་པ་མཆོག་གི་ཡུལ་གང་ཟག །སྣ་ཚོགས་དོན་དུ་ཐོར་བུར་་་་་་ཤེས་རབ་ཅན་གྱི་མཆོག་ཤཱ་རིའི་བུ་སོགས་བདུན། གསུངས། །ཕྱིས་སུ་དགྲ་བཅོམ་བདུན་གྱིས་བསྡུས། །སྡེ་བདུན་ཞེས་གྲགས་དེའི་དགོངས་འགྲེལ། །དགྲ་བཅོམ་ལྔ་བརྒྱས་མཛད་པ་ཡི། །བྱེ་བྲག་བཤད་མཛོད་ཆེན་མོ་ཞེས། །འཕགས་བོད་མཁས་གྲུབ་སློབ་དཔོན་གྱིས། །དར་ཞིང་རྒྱས་པར་མཛད་དེའོ། །ཤེས་བྱའི་གཞི་ལྔ་བདེན་གྲུབ་ཏུ། །སྨྲ་བས་བྱེ་བྲག་སྨྲ་ཞེས་གྲགས། །དེ་ལ་ཐམས་ཅད་ཡོད་སྨྲ་དང་། །དགེ་འདུན་ཕལ་ཆེན་གནས་བརྟན་སྡེ། །མང་བཀུར་རྩ་བའི་སྡེ་བཞི་དང་། །དེ་ལས་གྱེས་པས་བཅོ་བརྒྱད་བྱུང་། །ད་ལྟ་བོད་ཀྱི་སྡོམ་རྒྱུན་ནི།་་་་་ཇོ་བོ་རྗེ་ཕལ་ཆེན་པ་དང་། དད་བྱེད་གོ་ཆ་གནས་བརྟན་པའི་མཁན་པོ་བོད་དུ་ཕེབས་མྱོང་བ་ཙམ་ལས། གཞན་སྡེ་པ་གསུམ་པོ་མ་བྱུང་། །ཐམས་ཅད་ཡོད་པར་སྨྲ་བ་ཡིས། །གསུང་རབ་ལེགས་སྦྱར་སྐད་དུ་འདོན། །མཁན་པོ་རྒྱལ་རིགས་སྒྲ་གཅན་འཛིན། །ལས་བརྒྱུད་སྣམ་སྦྱར་སྣམ་ཕྲན་དགུ། །ཡན་ཆད་ཉི་ཤུ་རྩ་ལྔའི་བར། །ཟུང་དུ་མ་གྱུར་རྟགས་འཁོར་ལོ། །པདྨ་མིང་ལ་མཁན་བརྒྱད་ཀྱི། །མཚན་གྱི་སྒྲ་དང་ལྡན་པར་འདོགས། །བྱེ་བྲག་སྨྲ་བ་ཁ་ཆེ་དང་། །ཉི་འོག་ཅེས་པ་གནས་ཀྱི་ཁྱད། །དེ་ལ་བྱེ་བྲག་སྨྲ་བའི་ལུགས། །ཤེས་པར་བྱ་བའི་གཞི་ལྔ་ནི། །གཟུགས་སེམས་སེམས་ལས་བྱུང་བ་དང་། །མི་ལྡན་འདུ་བྱེད་འདུས་མ་བྱས། །སྔ་མ་བཞི་ནི་མི་རྟག་རྫས། །ཕྱི་མ་གཅིག་ནི་རྟག་རྫས་་་་་་འགྱུར་ལྡོག་སྐྱེ་འཇིག་བྲི་གང་མེད་པ་ལ་རྟག་པ་ཞེས་གསུང་། སོ། །དེ་ཡང་སྤྱིར་ནི་གཟུགས་་་་་་སྣང་བ་གཟུགས་ཀྱི་གཞི་བསགས་ལུགས། ལ་གཉིས། །རྫས་རྡུལ་ཕྲ་རབ་ཞེས་པ་དང་། །བསགས་རྡུལ་ཕྲ་རབ་གཉིས་སུ་གཉིས། །གཟུགས་ཅན་ཀུན་གྱི་ཆུང་མཐའ་ནི། །ཕྱོགས་ཀྱི་ཆ་་་་་་ཆུང་མཐའ་མེད་རྡུལ་ཕྲ་ཡན་གར་བ།་་་་་རབ། །དུས་ཀྱི་ཐུང་མཐའ་་་་་་མཐའ་མ་སྐད་ཅིག་་་་་་སྐྱེས་བུའི་སེལ་གོལ་རྟོག་ཡུན་ལ་སྐད་ཅིག་མ་གཅིག་དེ་བརྒྱ་ཉི་ཤུ་ལ་དེའི་སྐད་ཅིག་མ་གཅིག་དེ་དྲུག་ཅུ་ལ་རྒྱང་གཅིག་དེ་སུམ་ཅུ་ལ་ཡུད་ཙམ། དེ་སུམ་ཅུ་ལ་ཞག་མ། །དེ་ལྟའི་རགས་པའི་རྩོམ་གཞིར་གྱུར་པ།་་་་་རྫས་རྡུལ་ཕྲ་རབ་བདུན། །རྡུལ་ལས་་་་་་བསགས་རྡུལ་བསགས་པའི་རྡུལ་རགས་པའི་ཆུང་མཐའོ། འདི་རྣམས་དངོས་པོ་ཡིན་ཅིང་ཡན་གར་བ་དང་རྡུལ་ཕྲན་འདི་དབང་ཡུལ་དུ་མི་མངོན་་་་་་ཕྲན་གཅིག །ལྕགས་ཆུ་རི་བོང་ལུག་དང་གླང་། །ཉི་ཟེར་རྡུལ་དང་སྲོ་མ་ཤིག །ནས་བཅས་རིམ་བཞིན་བདུན་་་་་་དེ་ནས་བདུན་ལ་སོར་གང་དེ་ཉི་ཤུ་ལ་གྲུ་གང་དེ་བཞི་ལ་འདོན་གང་གཞུ་འདོན་ལྔ་བརྒྱ་ལ་རྒྱང་གྲགས་གཅིག དེ་བརྒྱད་ལ་དཔག་ཚད་གཅིག འགྱུར་རོ། །དེ་ནས་གཟུགས་ཅན་རགས་པ་རྣམས། །རྫས་གྲངས་དུ་དང་ལྡན་ཞེ་ན། །འདོད་པའི་ས་ཡིས་བསྡུས་པ་ལ། །ཉུང་མཐའ་རྫས་བརྒྱད་ལྡན་པར་སྐྱེ། །ས་ཆུ་མེ་རླུང་འབྱུང་་་་་་འདི་འབྱུང་བ་ནི་རྒྱུའི་འབྱུང་བ་བཞི་ཡིན། ད་ལྟ་མངོན་གྱུར་པ་འདི་འབྲས་བུའི་འབྱུང་བ་བཞི་ཡིན། བཞིའི་རྡུལ། །གཟུགས་དྲི་རོ་རེག་རྡུལ་་་་་་འདོད་པའི་ལས་བསྡུས་པའི་བསགས་རྡུལ་གོང་བུ་ཡིན་ན་རྡུལ་རྫས་བརྒྱད་འདུས་ཡིན་པས་ཁྱབ་ཅེས་སོ། །འདིའི་སྐབས་གྲངས་ནི་ནུས་པའི་གྲངས་འདུས་པ་ཡིན། བཅས་བརྒྱད། །དེ་སྟེང་ལག་པ་་་་་་འདི་ནས་བཟུང་རགས་པ་ལྟ་བུ་ཡི། །ཆ་ཤས་ལྡན་ཚེ་དགུ་རུ་འགྱུར། །མིག་སོགས་དབང་པོ་ལྡན་པ་ན། །བཅུར་གྱུར་དེ་སྟེང་སྒྲར་ལྡན་པས། །རྡུལ་རྫས་བཅུ་གཅིག་ལྷན་ཅིག་སྐྱེ། །གཟུགས་ཁམས་སས་བསྡུས་དྲི་རོ་གཉིས། །མེད་པས་འབྱུང་བཞི་གཟུགས་རེག་དྲུག །ལུས་ཀྱི་ཆ་ཤས་ལྡན་ཚེ་བདུན། །དབང་པོ་གཞན་ལྡན་བརྒྱད་འགྱུར་རོ། །གཟུགས་མེད་པ་ཡིས་བསྡུས་པ་ལ། །རྡུལ་རྫས་བརྩི་རྒྱུ་མེད་པའོ། །ཤེས་བྱའི་གཞི་ལྔའི་དང་པོ་ལ། །སྣང་བ་གཟུགས་ཀྱི་གཞི་དངོས་་་་་་གཟུགས་ཀྱི་གཞི་ཡི་མཚན་ཉིད་ནི། །གཟུགས་སུ་རུང་ཞིང་གཟུགས་ཅན་གྱིས། །གནོད་པ་བྱ་རུང་ཞིག་ལ་འཇུག །གཟུགས་ནི་དབང་པོ་ལྔ་དང་དོན། །ལྔ་དང་རྣམ་རིག་བྱེད་མི་ཉིད། །ཅེས་པའི་མཚན་ཉིད་གཟུགས་སུ་རུང་། །གཟུགས་དང་གཟུགས་ཅན་གཟུགས་ཕུང་རྣམས། བེམ་པོ་ཡིན་ན་གཟུགས་ཅན་ཡིན་པས་ཁྱབ། གཟུགས་ཅན་ཡིན་ན་བེམ་པོ་ཡིན་པས་མི་ཁྱབ་བོ། །ཕྱི་བེམ་ནི་རི་ར་ཁང་ཁྱིམ། ནང་བེམ་ནི་ལུས་སོགས་སོ། །ཕྱི་བེམ་དང་ནང་བེམ་འདི་བྱེ་བྲག་ཏུ་སྨྲ་བ་ལས་གཞན་ལ་མ་གྲགས།་་་་་།དོན་གཅིག་མིང་གི་རྣམས་གྲངས་སོ། །གཟུགས་ནི་མིག་སོགས་དབང་པོ་ལྔ། །གཟུགས་སོགས་དོན་ལྔ་རྣམ་པ་ནི།་་་་་འདོད་ཡོན་ལྔ། །རིག་བྱེད་མ་ཡིན་ཏེ་བཅུ་གཅིག །དབང་ཁམས་སྐྱེ་མཆེད་མིང་དོན་གཅིག །དབང་ལྔའི་མཚན་ཉིད་་་་་་མིག་སོགས་དབང་པོ་ལྔ་རྣམ་ཤེས་ལྔའི། །བདག་རྐྱེན་བྱེད་པའི་རིགས་གྱུར་པའི། །ནང་གཟུགས་དྭངས་མ་མིག་ལ་ནི། །ཟར་མའི་མེ་ཏོག་ལྟར་གནག་པ། །སྣ་ལ་ཟངས་ཁབ་གཤིབ་འདྲ་བ། །ལྕེ་ལ་ཟླ་བ་བཀས་ལྟ་བུ། །རྣ་བ་གྲོ་གའི་འཛེར་བ་འདྲ། །ལུས་ལ་བྱ་་་་་་སྲོག་ཆགས་རེག་འཇམ་པགས་མཚུངས། །དབང་པོ་ལྔ་ཡི་སྤྱོད་ཡུལ་དུ། །གྱུར་པ་གཟུགས་སྒྲ་དྲི་རོ་རེག །སྐྱེ་མཆེད་དམ་ནི་ཁམས་ཞེས་འདོགས། །གཟུགས་་་་་་གཟུགས་སོགས་དོན་ལྔ་ལ་ཁ་དོག་དབྱིབས་གཟུགས་གཉིས། །རྩ་བའི།་་་་་ཁ་དོག་སྔོ་སེར་དམར་པོ་དཀར། །སྤྲིན་དང་དུ་བ་རྡུལ་ཁུག་སྣ། །་་་་་ལྷོ་ནུས། གྲིབ་མ་ཉི་མ་སྣང་བ་མུན། །དབྱིབས་ཀྱི་གཟུགས་ལ་རིང་ཐུང་གཉིས། །གྲུ་བཞི།་་་་་ལྷམ་དང་ཟླུམ་པོ་མཐོ་དམན་གཉིས།
འདི་ལ་ཤོག་ངོས་༢༣༩ ཡོད་འདུག་པས། འདི་ངེད་སྡེ་དགེ་དྲ་བས་ཡིག་ཚོགས་ལ་འཇིགས་ནས་གོང་འོག་བསྡུས་ཙམ་ལས་མ་བཀོད། འོན་ཀྱང་དགོས་གལ་ཅན་དག་གིས་འབྲེལ་བ་གནང་འཐུས་ཞུ།
མན་ངག་གནད་ལྡན་འགྲན་ཟླ་བྲལ། །དེ་ལྟར་དཔལ་ལྡན་ས་སྐྱ་པའི། །གདུང་བརྒྱུད་འབྱོན་དང་འབྱོན་གྱུར་པས། །བསྟན་འཛིན་གྲུབ་པ་ངོར་རྫོང་དང་། །ཁྱད་པར་རྒྱུད་སྡེ་རྒྱ་མཚོའི་བདག །རྒྱལ་བས་རྒྱལ་བར་ལུང་བསྟན་པ། །ངོར་ཆེན་རྡོ་རྗེ་འཆང་ཆེན་པོ། །བརྒྱུད་པར་བཅས་དང་སྙན་བརྒྱུད་ཀྱི། །བདག་པོ་ཁའུ་བྲག་རྫོང་པ། །ཚར་ཆེན་ཆོས་ཀྱི་རྒྱལ་པོ་ནི། །ཡབ་སྲས་བརྒྱུད་པར་བཅས་པ་གཙོ། །གངས་རིའི་ལྗོངས་འདིར་གསར་རྙིང་གི །མཁས་པ་སྤྱི་དང་རྒྱལ་བའི་བསྟན། །ཡོངས་རྫོགས་མངའ་བདག་ས་གསུམ་གྱི། །འགྲོ་མགོན་རྒྱལ་དབང་རྡོ་རྗེ་འཆང་། །ཐམས་ཅད་མཁྱེན་གཟིགས་ལྔ་པ་ཡི། །བསྟོད་ཅིང་བསྔགས་པར་མཛད་པ་ལྟར། །སྙན་པ་དོན་ལྡན་འཇམ་པའི་དབྱངས། །དཔལ་ལྡན་ས་སྐྱ་པའི་རིང་ལུགས། །རིས་བྲལ་ཡོངས་ཀྱི་གཙུག་ན་མཐོ། །དེས་ན་སུ་ཞིག་མཁས་བཙུན་བཟང་། །འདོད་ན་ས་སྐྱའི་བཀའ་སྲོལ་ཟུངས། །ཐུན་མོང་དངོས་སྒྲུབ་འབད་མེད་འགྲུབ། །གྲུབ་པའི་གཙུག་རྒྱན་མཆོག་གི་ས། །སངས་རྒྱས་རྡོ་རྗེ་འཆང་འདོད་ན། །ས་སྐྱའི་བཀའ་སྲོལ་གུས་པས་ལོངས། །དེ་ལྟར་རང་བཞིན་བརྗོད་པ་ཡི། །བདེན་པའི་ཚིག་གི་བོད་ཡུལ་གྱི། །གྲུབ་མཐའི་རྣམས་བཞག་མདོར་བསྡུས་ཙམ། །སྨྲས་འདིའི་བསྟན་འགྲོ་བདག་ཅག་གི །འཕྲལ་ཡུན་གཏན་དུ་དགའ་དང་བདེའི། །ལེགས་ཚོགས་འཕེལ་བའི་རྒྱུར་གྱུར་ཅིག །མདོ་དང་རྒྱུད་སྡེ་རྒྱ་མཚོ་ཡི། །མདོ་སྡོམ་གྲུབ་མཐའ་སྡོམ་གསུམ་དོན། །མདོ་སྔགས་ས་ལམ་རྣམ་གཞག་བཅས། །མདོ་དོན་གོ་བདེར་དྲིལ་སྟེ་བཀོད། །ལེགས་བྱས་གཏན་གྱི་བདེ་བའི་རྒྱུ། །ལེགས་མཆོག་མདོ་སྔགས་ལམ་བཟང་དོན། །ལེགས་པར་འཁྲུལ་མེད་རྟོགས་ལ་རེའི། །ལེགས་དོན་གོ་བདེ་དོན་ཚང་འདི། །རང་གཞན་མདོ་སྔགས་ཆོས་ཚུལ་ལ། །རང་གཞན་གཏན་གྱི་བདེ་ཐོབ་ཕྱིར། །རང་གཞན་ཆོས་ཀྱི་དོན་མ་ནོར། །རང་གཞན་རྣམ་དག་ཆོས་སྤྱན་མཆོག །ལེགས་པར་ཐོབ་ནས་གཞུང་ལུགས་དོན། །ལེགས་རྟོགས་གཞུང་ལུགས་ཀུན་ལ་མཁས། །ལེགས་པའི་གཞུང་བཟང་འདིར་ཀུན་འཇུག །ལེགས་བཤད་གཞུང་ལུགས་བཤད་སྒྲུབ་དར། །དེ་ལྟར་འབྱུང་རུང་ལ་སོགས་དགེ །དེ་དག་མཐུ་ལས་རྒྱལ་བའི་བསྟན། །དེ་འཛིན་རབ་བྱུང་སྡེ་བས་འཕེལ། །དེ་བཞིན་མཁའ་མཉམ་སྣོད་བཅུད་ཀུན། །ཁྱད་པར་ས་ངོར་སྙན་བརྒྱུད་བསྟན། །དེ་འཛིན་ངུར་སྨྲིག་སྡེ་བཅས་འཕེལ། །རྩ་བའི་བླ་མ་འཇམ་དཔལ་དབྱངས། །བདག་ཆེན་ཡབ་སྲས་སྐུ་མཆེད་དང་། །མཁན་ཆེན་ཐམས་ཅན་མཁྱེན་ཆེན་པོ། །ཡོངས་འཛིན་སྨོན་ལམ་མཚན་ཅན་མཆོག །ཞབས་བརྟན་ཕྲིན་ལས་རྒྱས་པ་དང་། །བདག་ཅག་བྱམས་སྐྱོང་འདོད་དགུ་སྩོལ། །བདག་ཅག་བརྩེས་སྐྱོང་ལྟོས་འཁོར་བཅས། །འགལ་རྐྱེན་ཕྱི་ནང་བར་ཆད་ཞི། །ལུགས་ཟུང་དཔལ་ཡོན་ཕུན་སུམ་ཚོགས། །རྟག་ཏུ་བདེ་དགར་སྤྱོད་པར་ཤོག །བདག་ཀྱང་སྐྱེ་དང་ཚེ་རབས་སུ། །མི་འདོད་སྲིད་པའི་འཆིང་ལས་གྲོལ། །རབ་བྱུང་རྡོ་རྗེ་འཛིན་མཆོག་གྲུབ། །མདོ་སྔགས་བཤད་སྒྲུབ་ལེགས་རྩེར་སོན། །འབྲེལ་ཚད་བྱང་ཆུབ་མཆོག་གི་སར། །འགོད་ནུས་ལུགས་ཟུང་བྱ་བ་ཀུན། །ལེགས་ཤིང་བསྟན་འགྲོར་ཕན་ཐོགས་པའི། །མཐུ་ལྡན་རབ་བྱུང་མཆོག་ཐོབ་ཤོག །བཀྲ་ཤིས་དགེ་ལེགས་ཀུན་སྩོལ་མཆོག །མཆོག་གསུམ་བླ་མ་ཆོས་སྲུང་གི །མཆོག་ཐུན་དངོས་གྲུབ་བདེ་བླག་ཏུ། །ཐོབ་པའི་བཀྲ་ཤིས་དེང་འདིར་སྩོལ། །ཅེས་གྲུབ་མཐའ་བཞི་དང་རྒྱུད་སྡེ་བཞི་ཡི་རྣམ་གཞག་བསྟན་པའི་སྙིང་པོ་སྡོམ་པ་གསུམ་གྱི་དོན་གཞི་ལམ་འབྲས་གསུམ་གྱི་གནད་བསྡུས་ཞར་བྱུང་བོད་ཀྱི་གྲུབ་མཐའི་ལོ་རྒྱུས་བཅས་ལྷན་ཅིག་ཏུ་བཀོད་པ་མདོ་སྔགས་ཆོས་ཚུལ་སྙིང་པོའི་གསལ་བྱེད་མ་རིག་མུན་པ་སེལ་བའི་དཔལ་ལྡན་འོད་ཟེར་བརྒྱ་པ་སྐལ་བཟང་བློ་ཡི་པད་ཚལ་བཞད་པ་དོན་གཉིས་ལྷུན་གྱི་གྲུབ་པའི་ལམ་བཟང་ཞེས་བྱ་བ་འདི་རང་ཉིད་ཆུང་ངུའི་དུས་ནས་དཀོར་ཟན་གྱི་བག་ཆགས་ལྟ་བུའི་ཆོས་ཕྱོགས་ལ་ཐོས་བསམ་བསྒོམ་སྒྲུབ་ལ་སྤྲོ་བ་ལྟ་བུ་ཞིག་ཡོད་ཅིང་། དེ་མུས་ལེགས་ལམ་དུ་སོང་ན་དལ་འབྱོར་དོན་ཡོད་ཙམ་དང་རང་གཞན་ལ་ཕན་ཐོགས་ཕྲན་བུ་ཨེ་ཡོང་ཀྱང་། སྙིགས་དུས་ཀྱི་ནག་ཕྱོགས་ཁ་རྒྱལ་ཞིང་ཐམས་ཅད་ངན་འགྲོའི་ལམ་ལ་ཆས་པ་ཕལ་ཆེ་བའི་དུས་དབང་དང་། རང་ཉིད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོར་སྲིད་པའི་འཆིང་བའི་ནང་དུ་ཆུད་པའི་རྒྱུ་དང་། ངན་འགྲོའི་ལམ་ལ་ཆས་པ་ཕལ་མོ་ཆེ་འགའ་ཞིག་གི་རང་གཞན་ཐར་པ་མཆོག་གི་ལམ་ལས་ལྡོག་ཅིང་དུཿཁར་སྦྱོར་བའམ། ཇི་སྐད་དུ་འཇམ་མགོན་བླ་མས། །བློ་ཆུང་ཞིག་གིས་ཕན་བཏགས་པས། །འགའ་ཞིག་གནོད་པ་ཆེན་པོར་འགྱུར། །ཞེས་གསུངས་པའི་དོན་ལྟ་བུ་ཡིན་ནམ། ལུགས་ཟུང་གི་བསླབ་བྱ་ཇི་བཞིན་མ་ཡིན་པའི་སྒོ་གསུམ་སྡུག་བསྔལ་གྱི་འདམ་དུ་བྱིངས་ཀྱང་། ཆོས་བློ་མ་བོར་ཙམ་ཁུལ་གྱི་མདོ་སྔགས་ཟབ་མོའི་ལམ་ཕྱིན་ཅི་མ་ལོག་པ་ཞིག་ཤེས་ལ་རེ་བའི། ཀུན་མཁྱེན་འཇིགས་མེད་གླིང་པའི་མཛོད་འགྲེལ་ཤིང་རྟ་རྣམ་གཉིས་ཞིག་མཐོང་བ་དེ་ལ་ལྟ་རྟོགས་བྱེད་འདོད་ཀྱི་ཀུན་གཟིགས་དགེ་སྤྲུལ་རིན་པོ་ཆེར་ལམ་ཙམ་ཞུ་ཁུལ་བགྱིས་ཀྱང་རྣམ་གཡེངས་ཁག་གཟན་གྱིས་མཐར་མ་འཁྱོངས། བསྟན་པའི་མངའ་བདག་རྗེ་བཙུན་ས་སྐྱ་པ་གྲགས་པ་རྒྱལ་མཚན་དང་། ངོར་ཆེན་ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ་གྱིས་མངོན་རྟོགས་ལྗོན་ཤིང་རིན་པོ་ཆེ་དང་། གོང་མའི་དགོངས་རྒྱན་ཞིག་མཇལ་བ་ལྷག་པར་དེ་དོན་མདོ་སྔགས་ཀྱི་གཞི་ལམ་འབྲས་གསུམ་ཆ་ཚང་ཞིག་ལ་ཐོས་སྦྱང་དེ་ཡང་མཁན་ཆེན་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད་མཆོག་དང་། འདྲེན་མཆོག་བླ་མ་ངག་དབང་རིན་ཆེན་ཟུང་ལ་བཀའ་འདྲི་ལམ་ཙམ་ཐོས་པ་ཙམ་ལས། གཞན་གསར་རྙིང་གི་བླ་མ་མཁས་ཚུལ་འཛིན་པ་འགའ་ལ་དྲི་གཏུགས་བྱས་ཁུལ་ཀྱང་སྦུག་ཐུམ་ཞིག་ལས་སོར་ཆོད་པ་མ་བྱུང་ཞིང་། ལར་ཡང་རང་སྐལ་བ་དམན་པས། འདི་ཕྱིའི་བདེ་ཐབས་དང་ཐར་པའི་ལམ་སྟོན་པ་ནི་དྲིན་ཆེན་བླ་མ་ཡར་ཀླུང་པ་རྡོ་རྗེ་འཆང་དེ་ཉིད་དང་། འདྲེན་མཆོག་ངག་དབང་རིན་ཆེན། ཐར་རྩེ་རྡོ་རྗེ་འཆང་ཁུ་དབོན་ཙམ་དུ་ཟད་ཅིང་། བྱང་ཆུབ་བསྒྲུབ་པ་ལ་འགལ་རྐྱེན་སྣ་ཚོགས་ཀྱི་ངང་དུ་འབྱམས་མུར་སྐྱབས་མཆོག་བསླུ་བ་མེད་པ་བླ་མ་མཆོག་གསུམ་ཆོས་སྐྱོང་སྲུང་མའི་ཐུགས་རྗེ་ལ་བརྟེན། རྒྱལ་བའི་བསྟན་པ་རིན་པོ་ཆེའི་སྒོར་ཞུགས་ཏེ་མཁན་ཆེན་ཐམས་ཅད་མཁྱེན་པ་ཆེན་པོར་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས། མཁན་ཆེན་ཐམས་ཅད་མཁྱེན་གཟིགས་མཆོག་གིས་མཁྱེན་བརྩེ་ནུས་པ་ཆེན་པོའི་ཉི་གཞོན་གསར་པའི་ཐིག་ཕྲེང་གིས་རྨོངས་པའི་མུན་པ་བསལ་ཞིང་ལུགས་ཟུང་བློ་ཡི་ཅུང་ཟད་རྒྱས་པའི་སྐལ་བཟང་ཐོབ་པས་གསར་རྙིང་རིས་བྲལ་སྤྱི་དང་རྗེ་བཙུན་ས་སྐྱ་པའི་མདོ་སྔགས་སྙན་བརྒྱུད་ཟབ་མོ་ལ་ཐོས་བསམ་བསྒོམ་པའི་མོས་པ་ལམ་བྱེད་ལ་རྩེ་གཅིག་ཏུ་གཞོལ་མུར་ས་ཁྱི་ས་ཕག་སྐོར་སྔོན་གྱི་ཐུགས་བསྐྱེད་སྨོན་ལམ་བཟང་པོས་རྗེས་སུ་བཟུང་བའི་སྨྲ་བའི་སེང་གེ་བྱམས་པ་སྨོན་ལམ་གྲགས་པའི་ཞབས་པད་ཉེ་བར་བསྟེན་ཏེ་གང་གི་ཞལ་སྒོ་ལས་གྲུབ་མཐའ་བཞི་དང་། འཇམ་མགོན་བླ་མ་ས་སྐྱ་པ་པཎྜི་ཏ་ཆེན་པོའི་བསྟན་བཅོས་སྡོམ་གསུམ་རབ་དབྱེ། ཀུན་མཁྱེན་བསོད་ནམས་སེང་གེའི་དེ་ཡི་ཁ་སྐོང་། མཁན་ཆེན་ཐམས་ཅད་མཁྱེན་པ་ངག་དབང་ཆོས་གྲགས་ཀྱི་དཀའ་འགྲེལ་ཟུང་གི་ལྗགས་ཁྲིད་ཞིབ་མོར་ཞུས་ཤིང་། དེར་བརྟེན་སློབ་དཔོན་རིན་པོ་ཆེ་བསོད་ནམས་རྩེ་མོར། རྗེ་བཙུན་རིན་པོ་ཆེ་གྲགས་པ་རྒྱལ་མཚན་དང་། །ས་སྐྱ་པཎྜི་ཏ། འཕགས་པ་རིན་པོ་ཆེ། སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན། ཐམས་ཅད་མཁྱེན་པ་དཀོན་མཆོག་ལྷུན་གྲུབ། འཇམ་མགོན་མཁྱེན་བརྩེའི་དབང་ཕྱུག །དཔལ་མང་དུ་ཐོས་པ་ཐམས་ཅད་མཁྱེན་པ་ཀླུ་སྒྲུབ་རྒྱ་མཚོ་རྣམས་ཀྱི་གསུང་རབ་ལ་ཞིབ་མཇལ་ཞུས། གཞན་ཡང་འགོས་ལོ་གཞོན་ནུ་དཔལ་གྱི་དེབ་ཐེར། སྡེ་དགེ་ཞུ་དག་རིན་པོ་ཆེའི་དཀར་ཆག གྲུབ་དབང་བླ་མ་སངས་རྒྱས་རྒྱ་མཚོའི་གསུང་རྩོམ་བཅས་རྣམས་ལ་ལེགས་པར་མཇལ་ཏེ་འཕགས་བོད་ཀྱི་ལྟ་གྲུབ་གཞི་ལམ་འབྲས་གསུམ་ཡོངས་རྫོགས་ཀྱི་བཤད་པ། གནད་དྲིལ་གོ་བདེའི་ཚུལ་དང་གསང་སྔགས་ཀྱི་རྒྱུད་སྡེ་ཕལ་ཆེར་མན་ངག་གསང་བའི་སྐོར་ཡིན་ཀྱང་གསང་བ་དམ་ཆེས་པའི་ཟལ་ལུས་སུ་མི་འགྱུར་བའི་ཕྱིར། ཞལ་གསལ་ཙམ་བཅས་རང་དང་དཔལ་ལྡན་ལྷུན་གྲུབ་སྟེང་གི་བླ་མ་དགེ་འདུན་པ་རྣམས་ཀྱི་མཚོན། རྗེ་བཙུན་ས་སྐྱ་པ་བསྟན་འཛིན་ངོར་པ་དང་། ཚར་པའི་བརྒྱུད་འཛིན་སོགས་ཀུན་གྱིས་རྟོགས་སླ་ཞིང་མདོ་སྔགས་ཟབ་མོའི་དོན་ལ་ཐོས་བསམ་གྱི་རྒྱུན་བཟང་པོ་འཕེལ་དུ་རེ་བའི་ལྷག་བསམ་རྣམ་པར་དག་པས་ཀུན་ནས་བསླང་ཏེ་བཀའ་དྲིན་གཞལ་དུ་མེད་པ་ཡར་ཀླུང་རྡོ་རྗེ་འཆང་བྱམས་པ་ངག་དབང་ཀུ་ན་དགའ་ནམ་མཁའ་ལེགས་པ་ལྷུན་གྲུབ་བསྟན་པའི་རྒྱལ་མཚན་དཔལ་བཟང་པོ་པ་དང་། ཐར་རྩེ་རྡོ་རྗེ་འཆང་བྱམས་པ་ནམ་མཁའ་འཆི་མེད། རྗེ་བཙུན་འཆི་མེད་བསྟན་པའི་ཉི་མ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་བཀྲ་ཤིས་མཐུ་སྟོབས་བསྟན་འཛིན་དབང་པོ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དཔལ་ས་སྐྱ་པ་ཆེན་པོ་སྔགས་འཆང་བླ་མ་ཐམས་ཅད་མཁྱེན་པ་ངག་དབང་ཀུན་དགའ་རིན་ཆེན་དཔའ་བོ་བདུད་ལས་རྣམ་རྒྱལ་དབང་གི་རྒྱལ་པོ་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། ཡང་དཔལ་ས་སྐྱ་པ་ཆེན་པོ་འཇམ་དབྱངས་ངག་གི་དབང་ཕྱུག་མགོན་པོ་དངོས་གྲུབ་དཔལ་འབར་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་རྒྱལ་མཚན་རིན་ཆེན་ཚུལ་ཁྲིམས་དབང་ཕྱུག་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་རྡོ་རྗེ་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན་བཀྲ་ཤིས་གྲགས་པ་རྒྱལ་མཚན་དཔལ་བཟང་པོ། མཁན་ཆེན་ཐམས་ཅད་མཁྱེན་པ་བྱམས་པ་ཀུན་དགའ་བསྟན་འཛིན་གྱི་ཞལ་སྔ་ནས་གཙོས། གཞན་ཡང་ས་ངོར་ཞ་ལུ་དགེ་ལྡན། དྭགས་བརྒྱུད། རྡོར་སྨིན། རྫོགས་ཆེན། ཀཿཐོག་པ་སོགས་རིས་བྲལ་གྱི་འདྲེན་པ་ཁ་ཤས་དང་། དོན་གྱི་སླད་དུ་མཚན་ནས་སྨོས་ན། ཆོས་ཚུལ་གྱི་བཀའ་དྲིན་ཆེན་པོས་རྗེས་སུ་བཟུང་བ། རབ་འབྱམས་སྨྲ་བའི་སེང་གེ་བྱམས་པ་སྨོན་ལམ་གྲགས་པ་སོགས་ཀྱི་རྗེས་སུ་བཟུང་ཞིང་། གསར་རྙིང་ཆོས་ཚུལ་མདོ་སྔགས་སྤྱི་དང་རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཟབ་དགུ་ལེགས་པར་ཐོབ་པ་གནས་གསར་རྡོ་རྗེ་འཆང་གི་བྱིན་རླབས་སྙིང་ལ་སྨིན་པའི་མདོ་སྨད་ས་སྐྱོང་སྡེ་དགེའི་རིགས་སྐྱེས་ཤཱཀྱའི་དགེ་སློང་ཚེ་ལ་དབང་བའི་རྡོ་རྗེའི་རིག་པ་འཛིན་པ་བྱམས་པ་ཀུན་དགའ་སངས་རྒྱས་བསྟན་པའི་རྒྱལ་མཚན་གྱིས་དགེ་བྱེད་ཀྱི་ལོ་ནག་པ་ཟླ་བའི་ཚེས་གཅིག་བཟང་པོར་ལུགས་བརྒྱའི་འདུན་ས་ཆེན་པོ་དཔལ་ལྡན་ལྷུན་གྲུབ་སྟེང་གི་ཆོས་གྲྭ་ཆེན་པོར་སྦྱར་བའི་དཔེ་ཁུངས་འཚོལ་བ་དང་། ཡི་གེའི་གྲོགས་དན་པ་ནི་རིག་གནས་གཞུང་ལུགས་ཟབ་མོ་ལ་སྤོབས་པ་དགེ་བ་ཕྲིན་ལས་རྒྱ་མཚོས་བགྱིས་པ་འདིས་ཀྱང་འབྲེལ་ཚད་ཐམས་ཅད་བྱང་ཆུབ་མཆོག་ལ་མྱུར་དུ་འགོད་པ་དང་། བདག་ཅག་བརྩེས་སྐྱོང་ལྟོས་འཁོར་བཅས་པ་རྣམས་ཀྱི་ལུགས་ཟུང་གི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་ཏེ་འཕྲལ་ཡུན་བདེ་དགར་སྤྱོད་པ་དང་། རྒྱལ་བསྟན་རིན་པོ་ཆེ་གསར་རྙིང་རིས་སུ་མ་ཆད་པ་སྤྱི་དང་། རྗེ་བཙུན་ས་སྐྱ་པའི་སྙན་བརྒྱུད་ཀྱི་བསྟན་པ་རིན་པོ་ཆེ་མདོ་སྔགས་བཤད་སྒྲུབ་རབ་བྱུང་གི་སྡེ་བཅས་བྱམས་བསྟན་མ་ཤར་གྱི་བར་དུ་འཚོ་གཞེས་བརྟན་པར་གྱུར་ཅིག །ཛ་ཨནྟུ། དམིགས་པ་བདེན་བཞིའི་སྤྱོད་ཡུལ་ཅན། །རྣམ་པ་མི་རྟག་སོགས་བཅུ་དྲུག་་་་་རེ་རེར་བཞི་ཚན་ཕྱེ་བས་སྡུག་བསྔལ་མི་རྟག་སྟོང་དང་བདག་མེད་སོགས་བཅུ་དྲུག །དེ་ལའང་ཆེ་འབྲིང་ཆུང་གསུམ་ཡོད། །མཐར་ཕྱིན་སྦྱོར་ལཾ།། །