English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

རྒྱ་མི་ལས་བྱེད་ཚོས་གཏེར་རྡོ་བརྐུས་པས་མ་ཚད་བོད་མི་འཇུ་བཟུང་།

འདོན་སྤེལ། 2013/11/29 3:18 PM རྩོམ་པ་པོ། འཆམ་ར་དྲི་མེད་རྒྱལ་མཚན།

དེའང་འདི་ཟླའི་ཕྱི་ཚེས་ ༢༥ ཉིན་སྡེ་དགེ་དཔལ་ཡུལ། གཏེར་ལུང་ཁུལ་ནས་ཁུལ་དེའི་དཔོན་པོ་རྒྱ་མི་ཞིག་ཡོད་པ་དེ་དང་། དཔལ་ཡུལ་རྫོང་གི་ལས་བྱེད་འགའ་ཁ་མཐུན་བྱས་ཏེ་ཡུལ་དེའི་རང་བྱུང་གཏེར་ཁ་ཅན་གྱི་གཏེར་རྡོ་ཆེན་པོ་དེ་འདྲ་ནམ་རྒྱུན་ནས་བརྐུས་ཁྱེར་བྱེད་ཀྱིན་ཡོད་པ་ལྟར། སྐྱར་དུ་བཙན་ཁྱེར་བྱེད་བཞིན་པའི་སྐབས་ས་གནས་བོད་མི་ཚོས། གཏེར་རྡོ་དེ་དག་ས་འདིའི་ས་བཅུད་ཡུལ་བཅུད་གསོ་བའི་ཕྱིར་དུ། སྔོན་བྱོན་དམ་པའི་སྐྱེས་བུ་རྣམས་ཀྱིས་བྱིན་གྱིས་རླབས་ནས་བཞག་པ་དེ་འདྲ་ཡིན་པས། དེ་ཚོ་ཁྱེར་སོང་ན། ཡུལ་ལ་ཆར་ཆུ་མི་འབབ་པ་དང་། ལོ་ཕྱུག་མི་ལེགས་པ། དེ་བཞིན་ནད་མུག་གོད་ཆག་དེ་འདྲ་ཡོང་གི་རེད། གཏན་ནས་ཁྱེར་མ་འགྲོ་རོགས་ཞེས་ཞུ་བ་འཐེན་ནས་དཀག་འགོག་བྱས་སྟབས། ཕྱི་ཚེས་ ༢༥ ཉིན་ས་གནས་དེ་གའི་བོད་མི་གཞུང་གི་ལས་བྱེད་ལྔ་དང་། ཡུལ་དགོན་གཉིས་ཀྱིས་བསྐོས་པའི་འཐུས་མི་མི་བཞི་བཅས་མི་དགུ་ལ་དཔལ་ཡུལ་རྫོང་དུ་ཚོགས་འདུ་ཞིག་ཡོད་པས་དེ་ལ་ཤོག་ཅེས་རྫོང་གིས་བཀའ་ཕབ་སྟེ་སྐད་གཏོང་པ་རེད།

 

ཁོང་ཚོ་རྫོང་དུ་སླེབས་དུས་ཚོགས་འདུ་འཚོག་རྒྱུའི་ཚབ་ཏུ་འཇུ་བཟུང་བྱས་ཏེ་ད་ལྟ་བཀག་བསྐྱིལ་བྱས་འདུག ཁོང་ཚོ་ནི། སྨྲ་ཀོང་གྲོང་གི་དམ་ཆོས་ཚེ་བརྟན། ཤིང་སྒོ་གྲོང་གི་བུ་འབྲིང་མ། གདོང་ཐོག་གྲོང་གི་རིན་ཆེན་ཚེ་རིང་། རྡོ་ལྷུང་གཤིས་ཀྱི་ཀུན་བཟང་ལྷུན་འགྲུབ། དཔལ་འབར་གྲོང་གི་བཀྲ་ཤིས་ཚེ་རིང་དང་། སྐལ་བཟང་ཆོས་སྒྲོན། ཁོང་སྟོང་གྲོང་གི་པདྨ་དམ་ཆོས། ཨོ་རྒྱན་ཕུན་ཚོགས། ཨ་ཡིས་གྲོང་གི་བཀྲ་ཤིས་རྡོ་རྗེ་བཅས་རེད་འདུག

 

ད་དུང་འདི་ཟླའི་ཕྱི་ཚེས་ ༢༧ ཉིན་སྐྱར་དུ་ཨོ་རྒྱན་ཕུན་ཚོགས་ཀྱི་བུ་དང་། བོད་མི་གཞན་དག་ཅིག་བཅས་མི་གཉིས་འཇུ་བཟུང་བྱས་འདུག ད་དུང་ཡུལ་དེའི་དགོན་སྡེ་ཁང་དམར་དགོན་པའི་བཤད་གྲྭ་གསར་བཟོའི་ཆེད་རྫོང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་ཡུལ་དགོན་གཉིས་ཀྱིས་དུས་ཡུན་ཟླ་བ་གཅིག་རིང་། ཤིང་ཆ་མང་པོ་ཞིག་བཅད་ཡོད་པ་རྣམས་ཀྱང་དཔལ་ཡུལ་རྫོང་དུ་བཙན་ཤེད་ཐོག་ཁྱེར་སོང་ཡོད་འདུག

 

སྤྱིར་ཕྱི་ལོ ༢༠༠༨ ནས་བཟུང་ས་གནས་འདིར་གོང་རིམ་ལས་བྱེད་ཚོས་རྒྱ་ནག་གི་རྒྱ་དར་སྦྲེང་དགོས་པའི་བཀའ་ཕབ་འདུག་སྟེ། མང་ཚོགས་དང་ལེན་མ་བྱས་པ་དང་། ཁུལ་ལས་ཁུངས་དང་། རྡོ་ཕ་ཝང་དེ་འདྲའི་སྟེང་བོད་རང་བཙན་ཞེས་པའི་ཡི་གེ་མང་པོ་བྲིས་ཡོད་འདུག  དེ་ཙམ་ནས་གཞུང་གིས་མང་ཚོགས་ལ་ཆུ་གློག་ཆེན་པོ་དེ་འདྲ་ཞིག་སྤྲད་འདུག་མོད། བསླུ་བྲིད་བྱེད་ཀྱིན་ཡོད་རེད་ཅེས་ལབ་ནས་མང་ཚོགས་ཀྱིས་བླངས་མི་འདུག  དེ་བཞིན་ཡུལ་འདི་ནས་སྔོན་མ་སྟག་ལྤགས་གཟིག་ལྤགས་སོགས་པགས་པའི་རིགས་མེར་སྲེག་གཏོང་པ་རེད། སྐབས་དེར་བོད་མི་ནོར་བཟང་དང་། ཨོ་རྒྱན་ཚེ་འཕེལ་ཞེས་པ་གཉིས་འཇུ་བཟུང་བྱས་ནས་ཟླ་བ་ཁ་ཤས་བཙོན་འཇུག་བྱས་པ་རེད། ཨོ་རྒྱན་ཚེ་འཕེལ་ནི་ཁ་སང་སྐྱར་དུ་འཇུ་བཟུང་བྱས་འདུག

 

 གཏེར་ལུང་ཞེས་པའི་ཡུལ་འདིར་རྒྱ་གཟའ་ཀོང་ཇོ་རྒྱ་ནག་ནས་བོད་དུ་ཕེབས་སྐབས་བྲིས་པའི་རྒྱལ་བ་རིགས་ལྔའི་བྲག་ངོས་སྡེབས་རིས་དང་། སློབ་དཔོན་པདྨ་འབྱུང་གནས་ཀྱིས་བདུད་སྲིན་བཏུལ་སྐབས་བདུན་སྲིན་གྱི་ཁྲག་དང་ཆུ་སེར། ཀླད་པ་བཅས་ལས་གྲུབ་པའི་མ་ཎི་རང་བྱོན་དཀར་དམར་སེར་གསུམ་ཅན་དེ་འདྲ་མཇལ་རྒྱུ་ཡོད་ལ། གཏེར་སྟོན་ཉི་མ་གྲགས་པས་གཏེར་སྟོན་པའི་གནས་སོགས་གནས་རི་བྱོན་ཅན་མང་པོ་ཞིག་ཡོད་པས་མ་ཚད། རང་བྱུང་ཁོར་ཡུག་ལ་མཚོན་ནའང་གཏེར་ཁས་ཕྱུག་པའི་ཡུལ་ལུང་ཞིག་ཡིན་སྟབས་མིང་དུའང་གཏེར་ལུང་ཞེས་ཐོགས་ཡོད་རེད།

དེང་སྐབས་གཏེར་ལུང་ཞེས་པ་ནི། སི་ཁྲོན་ཞིང་ཆེན། དཀར་མཛེས་ས་ཁུལ། དཔལ་ཡུལ་རྫོང་། གཏེར་ལུང་ཁུལ་གྱི་ཁོངས་གཏོགས་སུ་ཡོད།

2 Responses

  1. Drimey Gyaltsen says:
    November 29, 2013 at 3:35 pm

    དྲྭ་ཐག་འདིའི་སྟེང་སྡེ་དགེ་གཏེར་ལུང་གི་མཛེས་ལྗོངས་དང་། གཏེར་རྡོ་སོགས་ཀྱི་འབྲེལ་ཡོད་པར་རིས་མང་པོ་ཞིག་ཡོད། https://www.facebook.com/media/set/?set=a.378751198925665.1073741828.230678963732890&type=1

    Reply
  2. Drimey Gyaltsen says:
    November 30, 2013 at 4:44 pm

    སྡེ་དགེ་དཔལ་ཡུལ། གཏེར་ལུང་ཕྱོགས་ནས་རྒྱ་མི་ལས་བྱེད་པས་གཏེར་རྡོ་རྐུ་ཁྱེར་བྱས་པའི་སྐོར་ནས་ཨ་རིའི་རླུང་འཕྲིན་ཁང་གིས་བཅའ་འདྲི་བྱས་པ་ཞིག་དྲྭ་ཐག་འདི་ནས་གསན་ཐུབ།

    Reply

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་ལ་བཅར་འདྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།