English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

མེ་ཏོག་ལྷ་མཛེས་ལགས་ལ་མཛེས་མའི་དབུ་རྒྱུན་ཐོབ་འདུག

འདོན་སྤེལ། 2014/03/22 10:49 AM རྩོམ་པ་པོ།

བོད་དོན་རྒྱབ་སྐྱོར་བ་ཌོག་ཊར་མ་ཧེ་ཤ་ཡ་རྡབ་ཀྱི་གོ་སྒྲིག་འོག རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བོད་དོན་ཁྱབ་བསྒྲགས་དང་འབྲེལ་བའི་“རྒྱལ་སྤྱིའི་གཟི་བརྗིད་ཀྱི་མཛེས་མའི་འགྲན་སྡུར་”(Miss Glory of Universe-2014) ཞེས་པ་ཞིག་གོ་སྒྲིག་བྱས་ཡོད་པ་དང་། དེའི་ཁྲོད་མཛེས་མའི་དབུ་རྒྱན་དེ་བོད་ཀྱི་བུད་མེད་མེ་ཏོག་ལྷ་མཛེས་ལ་ཐོབ་ཡོད་པ་རེད།

1977157_1479420985602736_1431702353_n

(Miss Glory of Universe-2014) ཞེས་པའི་མཛེས་མའི་འགྲན་སྡུར་གྱི་དངོས་གཞི་དེ་ཕྱི་ཟླ་༣ ཚེས་༡༡ ནས་ཚེས་༡༤ བར་ལྡི་ལི་རུ་འཚོགས་པ་དང་། དེའི་ནང་མི་རིགས་འདྲ་མིན་གྱི་བུད་མེད་༡༣ འཛུལ་ཞུགས་བྱས་ཡོད་འདུག མང་ཆེ་བ་རྒྱ་གར་གྱི་བུད་མེད་ཡིན་པ་དང་། བོད་ཀྱི་བུད་མེད་མེ་ཏོག་ལྷ་མཛེས་གཅིག་པུ་ཡིན་པ་དང་། འགྲན་སྡུར་སྐབས་གཏམ་བཤད་དང་། དྲི་བ་དྲིས་ལན། གཟུགས་བྱད་ངོམ་པ། གོམ་འགྲོས་འགྲན་སྡུར་སོགས་ཡོད་འདུག མེ་ཏོག་ལྷ་མཛེས་ཀྱིས། “ཌོག་ཊར་མ་ཧེ་ཤ་ཡ་རྡབ་ནི་བོད་དོན་རྒྱབ་སྐྱོར་ཆེན་པོ་ཞིག་རེད་ལ། ཁོང་གིས་བུད་མེད་ཀྱི་འགྲན་སྡུར་ཞིག་གོ་སྒྲིག་བྱས་པ་དེ་བོད་དོན་རྒྱབ་སྐྱོར་དང་འབྲེལ་བའི་ལས་འགུལ་ཞིག་རེད། དེའི་ནང་བོད་པ་ཞིག་སླེབས་ན་བསམ་ནས་འཛུལ་ཞུགས་བྱས་པ་ཡིན། རྒྱལ་སྤྱིའི་ནང་གི་བུད་མེད་ཚོ་མཉམ་པོར་འགྲན་སྡུར་བྱས་ཏེ་རྒྱལ་ཁ་ཐོབ་དུས་ཧ་ཅང་དགའ་པོ་བྱུང་སོང་། མ་འོངས་པར་བོད་དོན་ཆེད་ལས་འགུལ་དེའི་རིགས་གལ་ཆེན་པོ་བརྩི་ཡི་ཡོད་”ཅེས་འགྲེལ་བརྗོད་གནང་སོང་།

རྒྱ་གར་བ་ཌོག་ཊར་མ་ཧེ་ཤ་ཡ་རྡབ་ནི་ལོ་མང་རིང་བོད་དོན་ལས་འགུལ་སྤེལ་མཁན་ཞིག་ཡིན་པ་དང་། དེ་ཡང་ཁོང་གིས་ཟུང་ཁྲག་གིས་བྲིས་པའི་“བོད་རང་བཙན། རྒྱ་གར་གྱི་བདེ་འཇགས་”ཞེས་པ་དང་། རྒྱ་གར་དབུས་གཞུང་གི་དཔོན་རིགས་ཁག་ལ་བོད་དོན་རྒྱབ་སྐྱོར་དགོས་པའི་ཟུང་ཁྲག་གིས་བྲིས་པའི་སྙན་ཞུ་ཕུལ་བ། བོད་དོན་ཆེད་གོམ་བགྲོད་དང་ཟས་བཅད་ངོ་རྒོལ་སོགས་ལས་འགུལ་རིགས་འདྲ་མིན་སྤེལ་གྱི་ཡོད་པ་རེད།

མེ་ཏོག་ལྷ་མཛེས་ཀྱིས་ཁོང་གི་ལོ་རྒྱུས་ངོ་སྤྲོད་གནང་བ་ལྟར། ཁོང་ཁམས་སྡེ་དགེ་འཇོ་མདའ་ནས་ཡིན་པ་དང་། ༡༩༩༩ ལོར་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་ཏེ། སུ་ཇཱ་བོད་ཁྱིམ་སློབ་གྲྭར་ཞུགས་ཡོད་ནའང་། ཁོང་གི་ཨ་ཕ་ན་ནས་ཕྱིར་བོད་དུ་ལོག་དགོས་བྱུང་། ལོ་ཤས་རིང་ལྷ་སར་སྡོད་སྐབས། རྒྱ་ནག་གཞུང་གིས་མོ་རྒྱ་གར་ནས་ཡོང་བ་ཡིན་པར་བརྟེན། དོགས་གཞི་སྣ་ཚོགས་བྱས་ཏེ་བཀག་ཉར་བྱེད་པ་སོགས་སུན་གཙེར་སྣ་ཚོགས་བཟོས་པར་བརྟེན། རྗེས་སུ་བསྐྱར་དུ་རྒྱ་གར་དུ་སྐྱབས་བཅོལ་ལ་ཡོང་དགོས་བྱུང་ཡོད་པ་རེད།།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེའི་དབུས་རྒྱུན་སྐབས་དང་པོའི་ཚོགས་འདུ་མཇུག་སྒྲིལ་བ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།