English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ།

འདོན་སྤེལ། 2013/01/10 10:54 AM རྩོམ་པ་པོ།

ཡོང་ཁུངས། བོད་ཀྱི་བང་ཆེན།

བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་དེ་ཟླ་འདིའི་ཕྱི་ཚེས་༢༦ ཉིན་ནས་འགོ་བརྩམས་དེ་ཉིན་བཞིའི་རིང་། ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་ཉིན་མོའི་སློབ་གྲྭར་འཚོག་གི་ཡོད་པ་རེད་འདུག

དེ་ཡང་ལྡི་ལི་མཐོ་སློབ་ཀྱི་སློབ་མ་གཡག་ཕྱུག་ཕུན་ཚོགས་ཆོས་འཕེལ་གྱིས་འདི་གར་གནས་ཚུལ་བཏང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༦ ཉིན་ལྡི་ལི་བསམ་ཡས་གླིང་བོད་མིའི་གཞིས་སྒར་གྱི་ཉིན་མོའི་སློབ་གྲྭའི་མདུན་ཐང་དུ། བོད་རིགས་མཐོ་རིམ་སློབ་མའི་ཚོགས་ཆེན་ཐེངས་བདུན་པ་དེ་དབུ་འཛུགས་གནང་ཡོད་པ་དང་། དབུ་འབྱེད་མཛད་སྒོའི་ཐོག་སྐུ་མགྲོན་གཙོ་བོ་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་མཁས་དབང་བློ་བཟང་སེང་གེ་མཆོག་གིས་གཙོས། ལྡི་ལི་བསམ་ཡས་གླིང་གཞིས་སྒར་གྱི་ས་གནས་འགོ་འཛིན་དང་། བརྒྱ་དཔོན། གཞན་ཡང་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་ཚོགས་གཙོ་རྣམ་པ་བཅས་མཉམ་ཞུགས་གནང་ཡོད་པ་རེད་འདུག

 

མཐོ་རིམ་སློབ་མའི་ཚོགས་ཆེན་གཙོ་སྐྱོང་བ་བསོད་ནམས་དར་རྒྱས་ལགས་སུ། ཚོགས་ཆེན་འདི་གོ་སྒྲིག་ཞུས་དགོས་པའི་རྒྱུ་མཚན་དང་མཐོ་རིམ་སློབ་མ་ཇི་ཙམ་ཞིག་ཚོགས་ཆེན་ཐོག་འཛུལ་ཞུགས་གནང་ ཡོད་མེད་སྐོར་བཅར་འདྲི་ཞུས་པར་ཁོང་གིས་“ད་ལན་ཚོགས་ཆེན་འདིའི་ཐོག་མཐོ་སློབ་འདྲ་མིན་༣༡ དང་ས་གནས་ཁག་༡༢། ད་དུང་མངའ་སྡེ་ཁག་དགུ་ཙམ་ནས་སློབ་མ་གྲངས་༨༡ ཙམ་འཛུལ་ཞུགས་ཐུབ་པ་བྱུང་ཡོད་པ་དང་། ཚོགས་ཆེན་འདི་གོ་སྒྲིག་བྱེད་དགོས་པའི་རྒྱུ་མཚན་ནི་རྒྱ་གར་མཐོ་སློབ་འདྲ་མིན་ནང་། སློབ་སྦྱོང་བྱེད་བཞིན་པའི་མཐོ་རིམ་སློབ་མ་རྣམས་ལོ་གཅིག་ལ་ཐེངས་མ་གཅིག་ཙམ་ཕན་ཚུན་མཉམ་འཛོམས་ཀྱིས། བོད་མི་རིགས་ཀྱི་ཆབ་སྲིད་དང་སྤྱི་ཚོགས་དཔལ་འབྱོར་སོགས་བརྗོད་གཞི་འདྲ་མིན་གྱི་ཐོག་ལ་གྲོས་བསྡུར་དང་། ཕན་ཚུན་བསམ་ཚུལ་བརྗེ་རེས་ཀྱི་སྡིངས་ཆ་གསར་བ་ཞིག་བསྐྲུན་ཐུབ་པའི་ཆེད་དུ་ཡིན་”ཞེས་བརྗོད་སོང་།

ཡང་ཁོང་གིས་“ཚོགས་ཆེན་འདི་བརྒྱུད་མཐོ་རིམ་སློབ་མ་རྣམས་འཇིག་རྟེན་འདིའི་ནང་ཆེས་ཡི་གར་འོང་བའི་ཡར་རྒྱས་ཀྱི་རྩ་བ་ལྟ་བུའི་མན་ངག་གསུམ་སྟེ། རང་མགོ་རང་ཐོན་དང་། རང་ངོ་རང་ཤེས། རང་འགན་རང་འཁུར་གྱི་ལྟ་གྲུབ་གསུམ་རྒྱུན་འཁྱོངས་བྱེད་ཐུབ་ཐབས་དང་། མཐོ་སློབ་འདྲ་མིན་ནང་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ལ། བོད་མི་སྤྱི་ཚོགས་ཁྲོད་ཆེད་ལས་མཁས་པ་དང་རིགས་གཅིག་རྐང་འཛིན་པའི་མི་སྣ་གསོ་སྐྱོང་བྱེད་ཐུབ་པར་རང་ཉིད་ནས་འགོ་བརྩམས་དགོས་པ་དང་། བོད་མིའི་སྤྱི་ཚོགས་ནང་རང་ནུས་གང་ཡོད་ཀྱིས་ཞབས་འདེགས་སྒྲུབ་ཐུབ་པ་བྱ་རྒྱུ་དེ་གལ་གནད་ཆེན་པོ་ཡིན་པ་ཧ་གོ་བའི་ཆེད་དུ་ཡིན་”ཞེས་བརྗོད་སོང་།

ཐེངས་འདིའི་མཛད་སྒོའི་ཐོག་མཐོ་རིམ་སློབ་མ་ཡོངས་ཀྱི་ཚབ་ཞུས་ནས་བོད་མི་རིགས་ཀྱི་བདེན་པའི་འཐབ་རྩོད་ཆེད་དུ། རང་ལུས་མཆོད་མེ་རུ་ཕུལ་མཁན་དཔའ་བོ་དཔའ་མོ་རྣམས་ཀྱི་ཚེ་སྲོག་བློས་གཏོང་གི་རླབས་ཆེན་མཛད་འཕྲིན་འདིར་གུས་བརྩི་དང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་ཆེ་བསྟོད་གཟེངས་རྟགས་ཕུལ་ཡོད་འདུག་ལ། གཞན་བོད་དབྱིན་གཉིས་ཀྱི་རྩོམ་ཡིག་འགྲན་བསྡུར་ནང་ཨང་རིམ་སོན་པའི་རྩོམ་པ་པོ་རྣམས་ལ་ཡང་བྱ་དགའ་དང་ལག་འཁྱེར་ཕུལ་ཡོད་པ་རེད། དེ་རིང་གི་ཚོགས་ཆེན་འདིའི་ཐོག་བོད་དོན་ལས་འགུལ་ལ་ལོ་ངོ་བཞི་བཅུ་ལྷག་ཙམ་ཞིག་ཕྱག་ལས་གནང་མྱོང་མཁན། བོད་དོན་རྒྱབ་སྐྱོར་བ་དང་པར་ལེན་གསར་འགོད་པ་“ལྦི་ཇེཡི་ཀ་རན་དི་”(VijayKranti)མཆོག་ལ་ཡང་ཐུགས་རྗེའི་ལེགས་ཕུལ་གྱི་ཕྱག་རྟགས་ཤིག་ཀྱང་ཕུལ་ཡོད་འདུག

 

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། འབྲུག་གི་དབང་འདུས་ཕོ་བྲང་ལ་མེ་སྐྱོན་ཚབས་ཆེན་ཤོར་བ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།