བོད་ཀྱི་བུད་མེད་སློབ་མ་ཞིག་ལ་རྒྱ་གར་གྱི་གཟེངས་རྟགས་ཐོབ་པ།
བོད་ཀྱི་བུད་མེད་སློབ་མ་ཞིག་ལ་རྒྱ་གར་གྱི་གཟེངས་རྟགས་ཐོབ་པ།
གློག་འཕྲིན། པར་འདེབས། ཕི་ཌི་ཨེཧཕ།
kelsang-gold-metalist-271×300༢༠༡༣ ལོའི་ཕྱི་ཟླ་༣ པའི་ནང་རྒྱ་གར་བྷེང་ལོར་ཝི་ཇེ་ཝ་ཌ་གཙུག་ལག་སློབ་གྲྭ་ཆེན་མོའི་ (Maris Stella Autonomous College in Vijayawada) ནང་ཚོང་རིགས་ཐོག་ཡིག་རྒྱུགས་གཟེངས་སུ་ཐོན་པའི་བོད་པའི་སློབ་མ་སྐལ་བཟང་ལ་གཙུག་ལག་སློབ་གྲྭའི་ལོ་འཁོར་བསླབ་པ་མཐར་སོན་པའི་མཛད་སྒོའི་ཐོག་གསེར་གྱི་གཟེངས་རྟགས་གསོལ་རས་གནང་ཡོད་འདུག
སློབ་མ་སྐལ་བཟང་གིས་ལོ་གསུམ་རིང་ཁྱོན་བསྡོམས་ཡིག་རྒྱུགས་ཀྱི་བརྒྱ་ཆ་༨༠ ལྷག་བླངས་ཏེ་ཨང་རིམ་དང་པོ་ཆགས་ཡོད་པ་དང་། མོས་“གཟེངས་སུ་ཐོན་པའི་གྲུབ་འབྲས་འདི་ཉིད་༧གོང་ས་མཆོག་དང་། བོད་མིའི་སྒྲིག་འཛུགས་ཀྱི་བཀའ་དྲིན་ལ་རྟེན་ནས་བྱུང་བ་ཞིག་ཡིན་”ཞེས་བརྗོད་འདུག
བོད་མིའི་སྒྲིག་འཛུགས་ཀྱི་དྲ་གནས་ཐོག་“ཁོ་མོའི་གྲུབ་འབྲས་འདི་བརྒྱུད་བོད་མིའི་སྤྱི་ཚོགས་ཁྲོད་ཤེས་ཡོན་གྱི་གནས་ཚད་གོང་སྤེལ་ཡོང་རྒྱུར་སྙིང་སྟོབས་འཕེལ་ཐུབ་པ་བྱུང་བ་མ་ཟད། བོད་པའི་སློབ་ཕྲུག་གཞན་རྣམས་ཀྱིས་མུ་མཐུད་སློབ་གཉེར་ཡག་པོ་བྱ་རྒྱུར་བློ་སྤོབས་ཀྱང་བསྐྲུན་ཡོད་”ཅེས་གནས་ཚུལ་སྤེལ་འདུག
སློབ་མ་སྐལ་བཟང་ནི་བོད་ནང་གི་འབྲོག་པའི་ཁྱིམ་ཚང་དུ་སྐྱེས་པ་དང་། ཕྱི་ལོ་ ༡༩༩༦ ལོར་རྒྱ་གར་ལ་སྐྱབས་བཅོལ་ལ་ཡོང་སྟེ། གྷོ་པལ་པུར་བོད་ཁྱིམ་ནས་གཞི་རིམ་སློབ་སྦྱོང་དང་། དེ་རྗེས་སྦེལ་ཀོབ་བོད་ཁྱིམ་ནང་སློབ་སྦྱོང་གནང་། ད་ཆ་མོན་ཊི་ཀར་མེལ་མཐོ་སློབ་ Mount Carmel College ནང་མུ་མཐུད་ཚོང་རིགས་སློབ་དཔོན་གནས་རིམ་ཐོག་སློབ་སྦྱོང་གནང་བཞིན་ཡོད་པ་རེད།།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།