English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ནད་པ་ད་ལྟ་ཧ་ཅང་ཡག་པོ་དྲག་ཡོང་གི་འདུག་བཀའ་དྲིན་ཆེ།

འདོན་སྤེལ། 2015/08/19 12:43 PM རྩོམ་པ་པོ།

11873907_1121073971241453_1867363783_n

ནད་པ་ད་ལྟ་ཧ་ཅང་ཡག་པོ་དྲག་ཡོང་གི་འདུག་བཀའ་དྲིན་ཆེ། དེའང་ལྡི་ལི་བསམ་ཡས་གླིང་གི་ཁང་པའི་སྒོ་རྟགས་ཨང་ ༦༢ པའི་ནང་གནས་སྡོད་སྡེ་དགེ་བ་དབང་མོའི་བཟའ་ཟླ་གོ་འཇོ་ཚེ་བརྟན་རྡོ་རྗེ་ལགས་ལ་འདས་པའི་ལོ་ཤས་ནས་བཟུང་ཀླད་པའི་འབྲས་སྐྲན་(Brian Tumour Lymphoma)ཞེས་པ་ཕོག་སྟེ། ཁྱིམ་གྱི་རྒྱུ་དངོས་ཡན་ཆད་བཙོང་སྟེ་ཡུན་རིང་སྨན་བཅོས་བྱས་ཡོད་ཀྱང་དྲག་སྐྱེད་གཏན་ནས་བྱུང་མེད་པ་མ་ཟད། བར་ལམ་ནས་ཁོང་གི་ནད་གཞི་ཇེ་སྡུག་ཏུ་སོང་པ་དང་། སྨན་ཁང་གིས་མྱུར་སྐྱོབ་སྨན་བཅོས་བྱེད་མ་ཐུབ་ཚེ། ཟླ་བ་གཉིས་ཙམ་ལས་འཚོ་ཐུབ་རྒྱུ་ཁག་པོ་ཡིན་སྐོར་བརྗོད་ཡོད་པ་རེད།

དེ་ཡང་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་རྒྱ་གར་གསོ་བ་རིག་པ་ཞིབ་འཇུག་སློབ་གཉེར་ཁང་(All India Institute and Medical Science)གི་ཆེད་མཁས་སྨན་པ་ལ་ལི་ཀུ་མར་(Dr. Lalit Kumar)ལགས་ཀྱིས། ཚེ་བརྟན་རྡོ་རྗེའི་ནད་དེ་དྲག་སྐྱེད་ཐུབ་སྲིད་པའི་སྨན་ཁབ་ཅིག་ཡོད་ཀྱང་། ཁབ་རེར་ཧིན་སྒོར་ ༢༣༠༠༠ ཙམ་ཡིན་ལ། ཉུང་མཐར་ཁབ་དེ་ཐེངས་ ༦ ཙམ་རྒྱག་དགོས། གལ་སྲིད་དེ་ལྟར་རྒྱག་ཐུབ་ཚེ་ལོ་ལྔ་དྲུག་ཙམ་ལ་འཚོ་ཐུབ་སྲིད་པའམ། དཔེ་དེ་སངས་དྲག་ཡོང་སྲིད་པའི་རེ་བའང་ཡོད་སྐོར་བརྗོད་འདུག ཡིན་ནའང་། ཁོ་རང་གཉིས་ཆ་ཕྱིས་སུ་བོད་ནས་འབྱོར་བ་ཞིག་ཡིན་པ་དང་།  ཁྱིམ་ལ་རྒྱུ་དངོས་ཏོག་ཙམ་ཡོད་པ་རྣམས་སྨན་ཡོན་གྱི་ཆེད་དུ་སྔ་ས་ནས་བཙོང་ཚར་བ་དང་། དེ་བཞིན་ནང་གི་འཚོ་རྟེན་དུ་ཁྲོམ་ལམ་དུ་ལཱ་ཧྥིན་དང་ཞོག་ཁོག་བཙོང་རྒྱུ་ལས་གཞན་དཔལ་འབྱོར་གྱི་ཡོང་ཁུངས་མེད་ལ། ད་དུང་ཁོང་དང་བཟའ་ཟླ་དབང་མོ་གཉིས་ལ་ནར་མ་སོན་པའི་བྱིས་པ་ཆུང་ཆུང་གསུམ་ཀྱང་ཡོད་པ་རེད།11221349_1126724344009749_3921662202652223993_n དེ་ལྟར་ཨ་ཆད་འུ་ཐུག་གི་གནས་སུ་གྱར་ཏེ་འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༥ ཉིན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ལ་བདེ་སྡུག་གི་སྙན་ཞུ་འབྱོར་བ་ལྟར་རྒྱལ་ཕྱི་ནང་གི་ཕ་ཡུལ་གཅིག་པ་ཚོར་ཞལ་འདེབས་རྒྱ་མི་ཆུང་བ་རེ་གནང་རྒྱུའི་རེ་འབོད་ཞུས་ཡོད་པ་རེད།

དེ་བཞིན་ཚང་མས་སེམས་ཚོར་ཆེན་པོས་ཞལ་འདེབས་གནང་པ་ཡོངས་བསྡོམས་ཧིན་སྒོར་འབུམ་ ༡༤ དང་ཁྲི་གསུམ་ཉིས་སྟོང་བདུན་བརྒྱ་དྲུག་ཅུ་རེ་གཅིག་(༡༤,༣༢,༧༦༡) ཐམ་པ་ཕྱི་ཟླ་ ༥ ཚེས་ ༡༣ ནང་ཚུན་ནད་པ་ཚེ་བརྟན་རྡོ་རྗེ་ལགས་དང་། ཁོང་གི་བཟའ་ཟླ་སྡེ་དགེ་དཔལ་ཡུལ་འབྲི་ཆུ་ཁ་ནས་ཡིན་པ་དབང་མོ་གཉིས་ཀྱི་ལག་ཏུ་རིམ་པས་འབྱོར་ཡོད་པ་རེད། 11891079_1126724327343084_4082918610390557036_nད་ལྟའི་ཆར་ནད་པ་ལ་རྒྱ་གར་གསོ་བ་རིག་པ་ཞིབ་འཇུག་སློབ་གཉེར་ཁང་ (All India Institute and Medical Science)ནང་སྨན་བཅོས་བྱེད་བཞིན་ཡོད་ལ། དེང་སང་ཁོང་དྲག་སྐྱེད་ཡག་པོ་བྱུང་སྟེ་རང་འགུལ་གྱིས་ཇ་འཐུང་ཁང་དང་། སྐྲ་གཏུབ་ས་སོགས་ལ་འགྲོ་སྐྱོད་ཐུབ་པ་མ་ཟད། ཁ་སང་ཕྱི་ཚེས་ ༡༧ ཉིན་བཟའ་ཟླ་དབང་མོས་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ཆེད་བཅར་ཐོག ནད་པ་དེང་སང་ཧ་ཅང་ཡག་པོ་དྲག་སྐྱེད་ཡོང་གི་འདུག སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཟེར་ན་རེད། སྡེ་དགེ་བ་ཟེར་ན་རེད། གང་ལྟར་ཧ་ཅང་ཕན་ཐོགས་ཆེན་པོ་བྱུང་སོང་། མི་ཚེ་འདིར་རྩ་བ་ཉིད་ནས་བརྗེད་ཐབས་མེད། ཧ་ཅང་དྲིན་ཆེན་ཡིན། ནད་པ་ཁོ་རང་གིས་ཀྱང་ཡང་སྐྱར་ཡང་སྐྱར་བཀའ་དྲིན་ཆེན་པོ་ཡིན་ལབ་ཀྱི་འདུག ད་དུང་ཁོ་རང་ལས་ཁུངས་སུ་ཡར་བཅར་ནས་ཐུགས་རྗེ་ཆེ་ཞུ་དགོས་ཟེར་ཀྱི་འདུག ངས་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་ཡི་ཡོད། དེ་འདྲ་རོགས་རམ་ཞིག་བྱས་མེད་ན་དཀའ་སྡུག་ཆེན་པོ་འཕྲད་ས་ཡོད་ཅེས་བརྗོད་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་ཁོང་མོས་སྡེ་དགེ་བའི་དྲ་ཐོག་ཚོགས་པ་ཞིག་གི་ནང་དུ་སླར་ཡང་མང་ཚོགས་ལ་ད་ལྟ་ནད་པའི་གནས་སྟངས་ཡག་པོ་ཡོང་གི་ཡོད་ལུགས་དང་། རོགས་རམ་རྒྱ་ཆེན་གནང་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞེས་ཞུས་ཡོད་པ་རེད།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བོད་ཀྱི་གྲྭ་པས་བྱིས་པ་ནམ་བརྐུས་ནི་རེད།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།