English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

དེང་གི་དྲ་འབུ་ཚོར་ཆབ་སྲིད་ཀྱི་མིག་འབེན་འདུག

འདོན་སྤེལ། 2013/06/13 3:51 PM རྩོམ་པ་པོ།

དེང་གི་དྲ་འབུ་ཚོར་ཆབ་སྲིད་ཀྱི་མིག་འབེན་འདུག་ཟེར།

ཡོང་ཁུངས། བོད་ཀྱི་དུས་བབ།

DSC_0128ཁ་སང་ངྷ་སར་དྲ་ཚིགས་དང་ཁ་པར་བདེ་སྲུང་སྐོར་ལ་གོ་རྟོག་སྤེལ་བ་ལྟར་ན། སྔོན་ཆད་དྲ་འབུ་ཚོས་ཚོང་ལས་དཔལ་འབྱོར་སྡེ་ཚན་ཁག་ཏུ་གནོད་སྐྱོན་གཏོང་གི་ཡོད་ཀྱང་། དེང་སྐབས་གཞུང་དང་ཕྱི་འབྲེལ་སྡེ་ཚན། འགྲོ་བ་མིའི་ཐོང་ཐང་ཚན་པ་སོགས་ལ་འཇབ་རྒོལ་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཁ་སང་ཉིན་རྒྱབ་ངྷ་ས་ཉིན་སློབ་ཚོགས་ཁང་དུ། བོད་དོན་ལས་འགུལ་བསྟི་གནས་ཁང་གིས་གོ་སྒྲིག་འོག བཙན་བྱོལ་བོད་མིའི་དྲ་རྒྱ་དང་ཁ་པར་སོགས་ཀྱི་བདེ་སྲུང་སྐོར་ལ་གོ་རྟོག་སྤེལ་བའི་བགྲོ་གླེང་ཞིག་ཚོགས་སོང་། ཁེ་ན་ཌ་ཊོ་རོན་ཊོ་སློབ་ཆེན་(University of Toronto) གྱི་མངའ་འབངས་ཞིབ་འཇུག་ཁང་(The Citizen Lab) གི་དྲ་རྒྱུའི་བདེ་སྲུང་ཞིབ་འཇུག་པ་མཱ་ས་ཞཱེ་(Masashi) ལགས་དང་། བོད་དོན་ལས་འགུལ་བསྟི་གནས་ཁང་(Tibet Action Institute) གི་འགན་འཛིན་བཀྲས་མཐོང་ལྷ་སྒྲོན་ལགས་རྣམ་གཉིས་ཀྱིས་དྲ་རྒྱའི་བདེ་འཇགས་སྐོར་ལ་གཏམ་བཤད་དང་དྲི་བར་ལན་འདེབས་གནང་ཡོད།

ཐོག་མར་དྲ་རྒྱའི་ནང་འདྲ་འབུ་ཇི་ལྟར་འཛུལ་གྱི་ཡོད་མེད་དང་འདྲ་འབུ་སྔོན་འགོག་བྱེད་ཕྱོགས། ཁ་པར་དང་གློག་ཀླད་ནང་གི་གསང་པའི་ཡིག་ཆ་རྐུ་འཁྱེར་ཇི་ལྟར་བྱེད་ཀྱི་ཡོད་མེད། ཁ་པར་དང་དེའི་བྱང་བུ་ལ་བརྟེན་ཏེ་རང་ཉིད་གང་དུ་ཡོད་མེད་ཤེས་ཐུབ་པ་སོགས་ཀྱི་ཆེད་སྒྲིག་གློག་བརྙན་དང་ཡིག་ཆ་འགྲེམས་སྤེལ་བྱས་སོང་།

དེའི་རྗེས་དྲ་རྒྱའི་བདེ་སྲུང་ཞིབ་འཇུག་པ་མཱ་ས་ཞཱེ་ལགས་ཀྱིས་དྲ་འབུ་དེ་དག་གིས་གཙོ་བོ་དྲ་རྒྱའི་ཁྱབ་ཚད་ལ་སྟངས་འཛིན་བྱེད་ཀྱི་ཡོད་པ་དང་། བོད་ནང་གི་དྲ་རྒྱ་ཁག་ཅིག་བོད་ནང་ལོགས་ནས་ལྟ་ཀློག་ཐུབ་ཀྱི་ཡོད་ཀྱང་མཚམས་རེར་ཕྱི་ཕྱོགས་ནས་ཁ་འབྱེད་ཐུབ་ཀྱི་མེད་པ་ལྟ་བུ། ཡང་རིགས་གཅིག་དྲ་འབུ་བཏང་སྟེ་དྲ་རྒྱ་དང་གློག་ཀླད་སྒོ་འབྱེད་མི་ཐུབ་པ། དྲ་རྒྱའི་སྟེང་གི་གནས་ཚུལ་དང་ཡིག་ཆ་ནག་གསུབ་གཏོང་པ། ལྷག་དོན་(Targeted Malware)ཞེས་པ་འདིས་མི་སྒེར་དང་ཚོགས་སྡེ་སྒེར་བ་གཅིག་མིག་འབེན་དུ་བཟུང་སྟེ། དྲ་འབུ་བྱེ་བྲག་པ་ཞིག་ཆེད་དུ་བཟོས་ཏེ་དྲ་ཚིགས་གཏོར་རྒོལ་དང་གནས་ཚུལ་རྐུ་འཁྱེར་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཞིབ་འཇུག་ཁང་དེ་གས་དྲ་འབུ་དེ་དག་ཇི་ལྟར་ཡོང་ཡོད་མེད་དང་སུས་བཏང་ཡོད་མེད་སོགས་ལ་ཞིབ་འཇུག་བྱས་སྐབས། དྲ་འབུ་དེ་དག་རྒྱ་ནག་ཧྲང་ཧེ་རུ་རྟེན་གཞི་བྱེད་པའི་དམག་དོན་ཁང་ཞིག་གིས་གཏོང་གི་ཡོད་པའི་དོགས་པ་ཡོད་སྐོར་དང་། སྔོན་ཆད་དྲ་འབུ་དང་གསང་མྱུལ་བ་ཚོས་ཚོང་ལས་སྡེ་ཚན་ཁག་གི་ཡིག་ཆ་རྐུ་འཁྱེར་ལ་དམིགས་ཀྱི་ཡོད་ཀྱང་། ཉེ་དུས་ཤིག་ནས་གཞུང་གི་ལས་ཁུངས་ཁག་དང་ཕྱི་འབྲེལ་ཚན་པ་ཁག འགྲོ་བ་མིའི་ཐོབ་ཐང་ཚོགས་སྡེ་ཁག་བཅས་ལ་གཏོར་རྒོལ་དང་གསང་མྱུལ་བྱེད་ཀྱི་ཡོད་ཅིང་། དེ་ནི་ཆབ་སྲིད་ཀྱི་མིག་འབེན་དང་གནད་དོན་ཡོད་སྐོར་བརྗོད་བྱུང་།

ཁོ་ཚོས་ཞིབ་འཇུག་བྱས་འབྲས་སུ། ད་སྔ་རྒྱལ་ཁབ་ ༡༠༣ ནས་གཞུང་སྒེར་ཚོགས་སྡེ་ ༡༣༠༠ ཙམ་ལ་འདྲ་འབུའི་འཇབ་རྒོལ་དང་གནོན་སྐྱོན་ཐེབས་པ་ཤེས་རྟོགས་བྱུང་བ། རྒྱ་གར་ནི་གནོན་སྐྱོན་ཐེབས་ཡུལ་ཤུགས་ཆེ་ཤོས་ཤིག་ཡིན་པ་དང་། ངྷ་རམ་ས་ལའང་ཅུང་ཚབས་ཆེན་ཆགས་ཡོད་སྐོར་སོགས་བརྗོད་བྱུང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་དྲ་འབུ་དེ་རིགས་རང་ལུས་མེར་བསྲེགས་སྐོར་ནས་ཡོང་གི་ཡོད་པ་དང་། གློག་འཕྲིན་དང་ངོ་དེབ། ཊི་ཝེ་ཊར། སྐར་འཕྲིན་སོགས་བརྒྱུད་དེ། རང་ལུས་མེར་བསྲེགས་སོགས་ཀྱི་གནས་ཚུལ་ཐུང་ངུ་རེ་(Message)བཏང་སྟེ། ཞིབ་ཕྲའི་གནས་ཚུལ་གཤམ་གྱི་ཟུར་སྣོན་(attachment)ལ་ལྟོས་ཟེར་བ་ལྟ་བུ་ཡོང་གི་ཡོད་པ་པ་དང་། ཟུར་སྣོན་ཁ་ཕྱེས་པ་དང་མཉམ་དུ་དྲ་འབུ་གློག་ཀླད་དང་ཁ་པར་ནང་འཛུལ་འགྲོ་བ། སོ་སོའི་གློག་འཕྲིན་ཁ་བྱང་བརྒྱུད་མི་གཞན་གྱི་གློག་ཀླད་དང་ཁ་པར་སོགས་སུ་འཛུལ་འགྲོ་བཞིན་ཡོད་སྐོར་སོགས་བརྗོད་བྱུང་།

མཇུག་ཏུ། བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་རྒྱ་ནག་གིས་འགྲོ་གྲོན་དང་ཐབས་ཤེས་སྣ་ཚོགས་བརྒྱུད་དེ་བཙན་བྱོལ་བོད་མིའི་དྲ་རྒྱར་འཇབ་རྒོལ་བྱེད་ཀྱི་ཡོད་པ་དེ་ནི། འདས་པའི་ལོ་ངོ་ལྔ་བཅུ་ལྷག་རིང་བོད་མི་ཚོས་འཐབ་རྩོད་དང་རྒྱ་ནག་ལ་ཁ་གཏད་བཅག་པ་དེས་རྒྱ་ནག་ལ་ཕོག་ཐུག་ཆེན་པོ་གཏོང་ཐུབ་ཀྱི་ཡོད་པ་གསལ་བཤད་བྱས་ཡོད་པ་དང་། ཕར་བལྟས་ན་རྒྱ་ནག་སྟོབས་ཆེན་ཡིན་ཡང་དོན་དངོས་ཐོག་དཀའ་ངལ་ཆེན་པོ་འཕྲད་ཀྱི་ཡོད་སྟབས། ཐབས་ལམ་སྣ་ཚོགས་བརྒྱུད་དེ་ཁ་གཏད་པའི་འཆར་གཞི་དང་གསང་བ། ལས་དོན་སོགས་ལ་བར་ཆད་དང་རྐུ་འཁྱེར་བྱེད་ཀྱི་ཡོད་སྐོར་བརྗོད་བྱུང་།

ཁོང་མོས་མུ་མཐུད་དུ། མི་སྒེར་གཅིག་གི་གློག་ཀླད་དང་ཁ་པར་ནང་དྲ་འབུ་འཛུལ་བ་ཡིན་ན་དེས་གཞུང་དང་ཚོགས་སྡེ་ཁག་ཚུད་པའི་སྤྱི་ཚོགས་ཧྲིལ་བོར་ཁྱབ་ཉེན་ཡོད་སྟབས། སོ་སོས་དོ་སྣང་བྱ་དགོས་པ་མ་ཟད་གྲོགས་པོ་གྲོགས་མོ་དང་ནང་མི་སོགས་ལའང་དྲ་རྒྱའི་བདེ་སྲུང་ཐོག་གོ་རྟོགས་སྤེལ་དགོས་པའི་འབོད་སྐུལ་དང་། དྲ་རྒྱའི་བདེ་སྲུང་ཐད་ཆ་རྒྱུས་མེད་པའི་འཕྲིན་ཐུང་དང་ཟུར་སྣོན་རིགས་གང་བྱུང་ཁ་མི་འབྱེད་རྒྱུ་དང་། དྲ་འབུ་རིགས་གཅིག་སོ་སོའི་གློག་ཀླད་དང་ཁ་པར་ནང་འཛུལ་རྗེས་མངོན་པར་མི་གསལ་བའི་སྒོ་ནས་གང་ཟག་སྒེར་གྱི་གནས་ཚུལ་དང་བྱ་སྤྱོད་ལ་སོ་མྱུལ་བྱེད་ཀྱི་ཡོད་སྟབས། དུས་རྒྱུན་གློག་ཀླད་དང་ཁ་པར་བེད་སྤྱོད་གཏོང་སྐབས་བརྙན་ལེན་(web camp) སྟེང་ཤོག་བུ་འགེབས་པ་དང་། བེད་སྤྱོད་མེད་སྐབས་གློག་རྫས་(Battery) ཕྱིར་འདོན་དགོས་པ། ལྷག་པར་དུ་སྐད་འཕྲིན་(we chat) ནི་རྒྱ་ནག་གིས་བཟོས་པ་ཞིག་ཡིན་སྟབས་བེད་སྤྱོད་མཚམས་འཇོག་དགོས་པ་སོགས་བརྗོད་བྱུང་།

བཀྲས་མཐོང་ལྷ་སྒྲོན་ལགས་ཀྱིས་ “བོད་མི་ཚང་མས་མཉམ་རུབ་ཐོག་དྲ་རྒྱའི་བདེ་སྲུང་ལ་དོ་སྣང་དང་འགན་འཁུར་རོགས། འདི་ཡང་ང་ཚོའི་འཐབ་རྩོད་ཀྱི་ཆ་ཤས་གལ་ཆེན་ཞིག་ཡིན། ང་ཚོ་ལས་འགུལ་ཁང་གི་ངོས་ནས་ད་སྔ་དྲ་རྒྱའི་བདེ་སྲུང་ཆེད་གོ་རྟོགས་གང་མང་སྤེལ་ཡོད་ལ། མ་འོངས་པར་མུ་མཐུད་སྤེལ་ངེས་ཡིན། མི་མང་ལ་གོ་རྟོགས་སྤེལ་རྒྱུ་ནི་དྲ་རྒྱའི་བདེ་འཇགས་ལ་ཁག་ཐེག་ཡོང་རྒྱུའི་ལམ་ཁ་ཡག་ཤོས་དེ་རེད། གོ་རྟོགས་ལས་འགུལ་འདི་རིགས་བརྒྱུད་བོད་ནང་གི་བོད་མི་ཚོས་ནང་ཁུལ་དང་ཕྱི་ཕྱོགས་ལ་འབྲེལ་བ་བྱེད་པའི་བདེ་སྲུང་ཐུབ་ཀྱི་ཡོད་པ་རེད” ཅེས་བརྗོད་བྱུང་།

གསར་འགོད་པ། བནྡེ་སྐྱབས།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། གྲགས་ཆེན་རྩོམ་པ་པོ་འོད་ཟེར་གཟའ་མི་གཉིས་བཀག་ཉར།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།