English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཆོས་རྒྱལ་ནམ་མཁའི་ནོར་བུ་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ།

འདོན་སྤེལ། 2018/09/28 1:27 PM རྩོམ་པ་པོ།

མཁས་དབང་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་མཆོག་འདི་ཟླའི་ཕྱི་ཚེས་ ༢༧ ཉིན་དམ་པ་ཁོང་རང་ཉིད་ཀྱི་གདན་ས་ཨེ་ཊ་ལི་རུ་ཡོད་པ། མེ་རི་སྒར་ན་དགོངས་པ་རྫོགས་པའི་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་མྱ་ངན་གུས་འདུད་དང་བཅས་ཤུལ་ལུས་ནང་མི་དང་སློབ་འབངས་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།

16279688593_d28271c3fd_bདེའང་དམ་པ་ཁོ་ནི་ཁམས་སྡེ་དགེ་ལྕང་རྭའི་ཕྱོགས་སུ་ ༡༩༣༨ ལོར་སྐུ་འཁྲུངས་ཤིང་། དགུང་ལོ་གསུམ་སྟེང་ཞེ་ཆེན་རབ་འབྱམས་སྣང་མཛད་གྲུབ་པའི་རྡོ་རྗེས་ཨ་འཛོམ་འགྲོ་འདུལ་དཔའ་བོ་རྡོ་རྗེའི་ཡང་སྲིད་དུ་ངོས་འཛིན་གནང་སྟེ། དགུང་ལོ་༨ ཀྱི་ཐོག་ཏཱའི་སི་ཏུ་པདྨ་དབང་མཆོག་རྒྱལ་པོ་དང་། ༧རྒྱལ་དབང་ཀརྨ་པ་ཟུང་ནས་འབྲུག་ཞབས་དྲུང་ངག་དབང་རྣམ་རྒྱལ་གྱི་ཐུགས་ཀྱི་སྤྲུལ་སྐུར་ངོས་འཛིན་གནང་། སྐུ་ན་ཆུང་དུས་སྡེ་དགེ་དགོན་ཆེན་དུ་བཞུགས་པ་དང་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་སོགས་ལས་རིས་མེད་ཀྱི་གདམས་པ་མང་པོར་གསན་བསམ་གནང་། ༡༩༥༤ ལོར་ལྷོ་ནུབ་མི་རིགས་སློབ་གླིང་གི་བོད་ཡིག་སྡེ་ཁག་གི་དགེ་རྒན་མཛད། ཕྱིས་སུ་ཉག་བླ་བྱང་ཆུབ་རྡོ་རྗེར་མཇལ་ཞིང་ཉག་བླའི་སྒར་དུ་རྩ་བའི་བླ་མའི་སྨན་གཡོག་གནང་ཞོར་རྫོགས་ཆེན་སེམས་ཀློང་མན་ངག་གསུམ་གྱི་གདམས་པ་ཆ་ཚང་ཞུས།

༡༩༥༧ ལོར་འབྲས་ལྗོངས་སུ་ཕེབས་ནས་བོད་ཡིག་སློབ་དེབ་གསར་དུ་བསྒྲིགས། ༡༩༦༠ ལོར་ཨེ་ཊ་ལིར་བོད་རིག་པའི་འབུམ་རམས་པའི་ཕྱག་འཁྱེར་བཞེས་ཏེ་བོད་སོག་སྐད་ཡིག་དང་རྩོམ་རིག་ཆེད་ལས་ཀྱི་སློབ་དཔོན་ཆེན་མོའི་ཐུགས་འགན་བཞེས། ༡༩༨༡ ལོར་ན་པུ་ལེ་སི་རུ་རྫོགས་པ་ཆེན་པོའི་ ༼རིག་གནས་མཐུན་ཚོགས། ༽ཞེས་པ་གསར་འཛུགས་དང་། ༡༩༨༨ ལོར་ཤར་ཕྱོགས་རིག་གནས་སྐོར་ལ་ཆེད་དམིགས་ཀྱིས་༼ཞང་ཞུང་དཔེ་སྐྲུན་ཁང་། ༽དང་། ༡༩༨༩ ལོར་ ༼རྒྱལ་སྤྱིའི་ཞང་ཞུང་རིག་གནས་ཞིབ་འཇུག་ཁང་།༽ ཨ་ཤེ་ཡའི་རྒྱལ་སྤྱིའི་མཐུན་འགྱུར་ཚོགས་པ་ཞེས་པ་བཅས་སྔ་གཞུག་ཏུ་གསར་འཛུགས་གནང་། ཁོང་གིས་ཨེ་ཊ་ལི་དང་ཨ་རི། ཡུ་རོབ་སོགས་ཀྱི་ནང་མེ་རིའི་ཕོ་བྲང་དང་ཀུན་བཟང་ཕོ་བྲང་སོགས་རྫོགས་པ་ཆེན་པོའི་ཆོས་ཚོགས་ཀྱི་མཐུན་ཚོགས་ཆེན་པོ་ ༦ ནང་དུ། འཛམ་གླིང་གི་རྒྱལ་ཁབ་ཁག་ ༤༠ བརྒལ་བའི་དད་ལྡན་སློབ་ཕྲུག་འབུམ་ཕྲུག་ལས་བརྒལ་བ་རྣམས་ལ་རྫོགས་ཆེན་གྱི་ཆོས་འཁོར་བསྐོར་བ་དང་། དམིགས་བསལ་དུ་ཞང་བོད་རིག་གནས་ནུབ་ཕྱོགས་སུ་དར་བར་ཕྱག་ལས་རྒྱ་ཆེན་གནང་ཡོད།

ཁོང་གི་གསུང་བརྩམས་ལ་<<བོད་རིགས་གཞོན་ནུ་རྣམས་ལ་གྲོས་སུ་འདེབས་པ་གཟི་ཡི་ཕྲེང་བ>> <<བོད་ཀྱི་ལོ་རྒྱུས་ལས་འཕྲོས་པའི་གཏམ་མུ་ཏིག་ཕྲེང་བ>> <<རྩ་རླུང་འཕྲུལ་འཁོར་ཉི་ཟླ་ཁ་སྦྱོར>><<ཞང་བོད་གནའ་རབ་ཀྱི་ལོ་རྒྱུས་ནོར་བུའི་མེ་ལོང་།>> <<བྱང་འབྲོག་ལམ་ཡིག>>སོགས་བརྩམས་ཆོས་ཧ་ཅང་མང་པོ་ཡོད་པའི་ནང་ནས་སྐད་གྲགས་ཆེ་ཤོས་ནི། ༡༩༩༦ ལོར་པར་སྐྲུན་གནང་བའི་<<ཞང་བོད་ལོ་རྒྱུས་ཏི་སེའི་འོད།>> ཞེས་པ་དེ་ཡིན་ལ། ད་ལྟའི་ཆར་འཛམ་གླིང་གི་སྐད་ཡིག་མི་འདྲ་བ་བཅུ་ལྷག་གི་ནང་བསྒྱུར་ཡོད་པ་དང་། འདི་ཟླའི་ཕྱི་ཚེས་ ༡༠ ཉིན་ཁོང་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ་ཡོད་པ་བཅས་མདོར་ན་དམ་པ་ཁོང་གི་སྐུ་ཚེ་གང་པོ་ཞང་བོད་ཀྱི་ཆོས་དང་རིག་གཞུང་གི་ཆེད་དུ་གཏོང་གནང་ཡོད་པའི་རྣམ་ཐར་སྙིང་བསྡུས་སུ།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། མདོ་ཁམས་སྡེ་དགེ་ཀུ་ཚེའི་ཡུལ་གྱི་ཤིར་པར་བརྐོ་སྲོལ་གླེང་བ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།