English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ཨ་རིའི་གྲོས་ཚོགས་འཐུས་མི་ཞིག་གིས་བོད་དོན་སྐྱོར་གྱི་བསྒྲགས་གཏམ།

འདོན་སྤེལ། 2013/01/10 11:04 AM རྩོམ་པ་པོ།

ཡོང་ཁུངས། བོད་ཀྱི་བང་ཆེན།

དེ་རིང་གོ་སྐབས་འདི་བརྒྱུད་ངས་གཞིས་ལུས་བོད་མི་ཚོ་དང་ཁྱེད་ཚོའི་འཐབ་རྩོད་དེ་དག་ཨ་རིའི་གྲོས་ཚོགས་ཀྱིས་དུས་ནམ་ཡང་མི་བརྗེད་ཅེས། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་ཇོ་སེབ་ལི་བྷར་མན་གྱིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ཉིན་མོར་བརྗོད་ཡོད་པ་རེད།

དེ་ཡང་ཟླ་འདིའི་ཕྱི་ཚེས་༡༠ ཉིན་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་སྲུང་བརྩི་དང་སྟབས་བསྟུན། འཛམ་གླིང་ཁྱོན་ཡོངས་སུ་བོད་དོན་རྒྱབ་སྐྱོར་བ་དང་བོད་མི་ཚོས་བོད་ནང་གི་ཛ་དྲག་གི་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ལས་འགུལ་སྣ་མང་སྤེལ་ཡོད་པ་ལྟར། ཉིན་དེར་ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རྗོ་སེབ་ལི་བྷར་མེན་US Senator Joseph Lieberman མཆོག་གིས། བོད་དོན་རྒྱབ་སྐྱོར་གྱི་བསྒྲགས་གཏམ་ཞིག་སྤེལ་བའི་ནང་འཁོད་དོན། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་ཆབ་སྲིད་ཀྱི་སྐུ་དབང་མང་གཙོའི་ལམ་ནས་འོས་འདེམས་བྱས་པའི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ་རྩིས་སྤྲོད་མཛད་པ་དེར་ངས་ཡི་རངས་བསྔགས་བརྗོད་ཞུ་རྒྱུ་ཡིན། ཁོང་གི་མཛད་རྗེས་དེས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་བོད་མིའི་བདེན་པའི་འཐབ་རྩོད་ཐོག་ཁྲིམས་ཀྱི་རྒྱབ་རྟེན་ཤུགས་ཆེ་རུ་ཕྱིན་པར་བརྟེན། འབྱུང་འགྱུར་ལོ་ངོ་བཅུ་ཕྲག་མང་པོའི་རིང་བོད་མིའི་འཐབ་རྩོད་མུ་མཐུད་རྒྱུན་གནས་ཐུབ་རྒྱུ་རེད། འདི་ལོར་ཁོང་དང་མཇལ་རྒྱུ་བྱུང་བར་ཧ་ཅང་སྐལ་བ་བཟང་པོ་བྱུང།

ཕྱི་ལོ་༢༠༡༡ ཟླ་༣ ནང་རྒྱལ་ཁབ་༣༠ ལྷག་གི་ནང་བོད་མི་ཁྲི་ཕྲག་བརྒལ་བས་མང་གཙོའི་ལམ་ནས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་བོད་མིའི་ཆབ་སྲིད་ཀྱི་དབུ་ཁྲིད་ལ་འོས་འདེམས་བྱས་ཡོད། ངས་རྒྱལ་ས་ཝ་ཤིང་ཊོན་དུ་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ཐེངས་གསུམ་ཙམ་མཇལ་རྒྱུ་བྱུང་བར་ཧ་ཅང་དགའ་པོ་བྱུང། སྲིད་སྐྱོང་མཆོག་ནི་མཁས་མཛངས་དང་འབྱོན་ཐང་ལྡན་པའི་དབུ་ཁྲིད་གཅིག་ཡིན་པར་བརྟེན། བོད་མི་ཚོས་ཁོང་སྲིད་སྐྱོང་ལ་འདེམས་པ་དེ་རྣམ་དཔྱོད་ཅན་གྱི་ཐག་གཅོད་ཅིག་ཆགས་ཡོད། བཙན་བྱོལ་བོད་མི་ཚོས་ཡང་དག་པའི་མང་གཙོའི་ལམ་ལུགས་ཐོག་ཤར་བསྐྱོད་གནང་ཐུབ་པ་དེས་བོད་ཙམ་མ་ཟད། རྒྱ་ནག་ནང་དུ་མང་གཙོའི་ལམ་ནས་རང་གི་སྲིད་གཞུང་དང་དབུ་ཁྲིད་འདེམས་རྒྱུའི་གཞིས་རྩའི་ཐོབ་ཐང་དོན་དུ་གཉེར་མཁན་ཚོར་སྙིང་སྟོབས་འཕར་མ་ཞིག་སྐྲུན་ཐུབ་ངེས་ཡིན་ཞེས་དང་།

ཡང་བསྒྲགས་གཏམ་དེའི་ནང་མུ་མཐུད་ནས་འཁོད་དོན། དེ་རིང་འདིར་འཛོམས་སྐབས་ངས་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་འོག་ཡོད་པའི་བོད་མི་ས་ཡ་དྲུག་གི་གནས་སྟངས་ཐོག་སེམས་ཚབ་ཧ་ཅང་ཡོད་པ་བརྗོད་རྒྱུ་ཡིན། གཞིས་བཞུགས་བོད་མི་རྣམས་ལ་མང་གཙོའི་ལམ་ནས་འོས་འདེམས་བྱ་རྒྱུ་ཐོབ་ཐང་ལྟ་ཞོག ཁོང་ཚོས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཡོངས་ཁྱབ་བསྒྲགས་གཏམ་གྱི་ཡིག་ཆ་དང། བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་པར་ཉར་བར་བརྟེན་ཁྲིམས་ཆད་གཏོང་བཞིན་ཡོད། དེར་བརྟེན་ཁོང་ཚོར་ལོ་ངོ་བཅུ་ཕྲག་མང་པོའི་རིང་སྨྲ་བརྗོད་དང། འདུ་འཛོམས་སོགས་གཞི་རྩའི་ཐོབ་ཐང་དེ་དག་རྩ་བ་ནས་མེད། དེང་སྐབས་བོད་ནང་དུ་རང་ལུས་མེར་སྲེག་གཏོང་མཁན་ཇེ་མང་དུ་འགྲོ་བཞིན་པའི་གནད་དོན་དེར་ང་རང་ཧ་ཅང་སེམས་འཚབ་ཡོད།

བོད་མིས་རང་ལུས་མེར་སྲེག་གཏོང་དགོས་ཐུག་པའི་རྒྱུ་རྐྱེན་གཙོ་བོ་ནི་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཐུག་ཡོད་པར་བརྟེན། འདི་ལོའི་ཟླ་བ་སྔོན་མའི་ནང་ང་དང་ངའི་ལས་རོགས་མཉམ་རུབ་ཐོག་ཨ་རིའི་གྲོས་ཚོགས་གོང་མའི་ནང་རྒྱ་ནག་གཞུང་གིས་བོད་མིའི་ཐོག་འཛིན་བཞིན་པའི་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ངོ་རྒོལ་བྱ་རྒྱུ་དང། བོད་མི་རང་ལུས་མེར་སྲེག་འོག་རྐྱེན་འདས་སུ་གྱུར་བ་རྣམས་ལ་མྱ་ངན་གུས་འདུད་ཞུ་རྒྱུའི་གྲོས་འཆར་བཏོན་ཡོད་ཅེས་འཁོད་ཡོད་པ་རེད།

མཐར་བསྒྲགས་གཏམ་དེའི་ནང་མུ་མཐུད་ནས་འཁོད་དོན། ང་ཚོའི་གྲོས་ཆོད་ནང་རྒྱ་ནག་གཞུང་གིས་བཙན་དབང་ཐོག་ནས་འཛིན་བཟུང་བཀག་ཉར་བྱས་པ་ཡོངས་རྫོགས་གློད་བཀྲོལ་གཏོང་དགོས་པ་མ་ཟད། ཆོས་དད་རང་དབང་ཐོག་དམ་བསྒྲགས་མཚམས་འཇོགས་ཀྱིས་ཞི་བའི་ཐོག་ནས་ངོ་རྒོལ་བྱེད་མཁན་རྣམས་ལ་གདུག་རྩུབ་བསུན་གཙེར་བཟོ་རྒྱུ་འཕྲལ་དུ་མཚམས་འཇོག་བྱེད་དགོས་པ་དང། གཞན་ཡང་བོད་ནང་རྒྱལ་སྤྱིའི་རང་དབང་ཅན་གྱི་སྐུ་ཚབ་འཐུས་མི་དང་གསར་འགོད་པ་བཅས་དམ་དྲག་གང་ཡང་མེད་པར་རྟོག་ཞིབ་ཆེད་འགྲོ་བསྐྱོད་བྱེད་འཇུག་དགོས་པ་སོགས་འཁོད་ཡོད། ང་ཚོས་གྲོས་ཆོད་དེར་གྲོས་ཚོགས་གོང་མའི་ནང་སྤྱི་མོས་ཐོག་རྒྱབ་སྐྱོར་ཐོབ་པར་ང་རང་ཧ་ཅང་དགའ་པོ་བྱུང། དེ་རིང་གོ་སྐབས་འདི་བརྒྱུད་ངས་གཞི་རྩའི་ཐོབ་ཐང་རྩོད་བཞིན་པའི་གཞིས་ལུས་བོད་མི་ཚོ་དང་ཁྱེད་ཚོའི་འཐབ་རྩོད་དེ་དག་ཨ་རིའི་གྲོས་ཚོགས་ཀྱིས་དུས་ནམ་ཡང་བརྗེད་རྒྱུ་དང་བློས་གཏོང་རྩ་བ་ནས་བྱེད་རྒྱུ་མ་རེད་ཅེས་འཁོད་ཡོད་པ་རེད།

 

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཨོ་རྩལ་འགྲན་ཚོགས་ནང་བོད་པར་རྟགས་མ་ཐོབ་པ་ཐོག་མ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།