སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
༄༅། །སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དམིགས་ཡུལ་གཙོ་བོ་ནི་མ་འོངས་བོད་ཀྱི་སོན་རྩར་གྱུར་པའི་གཞོན་སྐྱེས་དེ་
དག་སྤྱི་ཚོགས་ཐོག་ལ་འདབ་གཤོག་གཉིས་ལྡན་ཅན་ཞིག་ཡོང་ཐབས་སུ། མཐུན་རྐྱེན་སྦྱོར་སྐྲུན་དང་། སྐུལ་འདེད་ནན་
གཏོང་བྱ་རྒྱུ་དེ་ཡིན་པ་ལྟར། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་ལྷན་ཐེངས་ ༧ པ་དང་ཚོགས་ཆེན་ཐེངས་ ༣ པ་
ཕྱི་ལོ་ ༢༠༢༢ ཟླ་བ་ ༡༡ ཚེས་ ༡༢ ནས་ ༡༤ བར་ཉིན་གསུམ་རིང་བསྐོང་ཚོགས་ཞུས་པའི་སྐབས་སུ་སྤྱི་མོས་ཀྱི་གཏན་ལ་
ཕབ་པའི་གྲོས་ཆོད་། ༼ ཕྱི་ལོ་ ༢༠༢༢ ལོ་ནས་བཟུང་ལོ་རེ་བཞིན་མཐོ་སློབ་ཀྱི་སློབ་མ་ལྔ་ལ་ཧིན་སྒོར་ ༡༡༠༠༠ རེ་སློབ་
ཡོན་འབུལ་རྒྱུ་དང་། སློབ་མ་ལྔ་ལས་མང་བ་སྙན་ཞུ་ཕུལ་མཁན་བྱུང་ཚེ་དེ་དག་རྒྱན་བརྒྱབ་ནས་ལྔ་ལ་གནང་རྒྱུ་དང་། ལྔ་
ལས་ཉུང་ན་གང་ཡོད་པ་དེ་ལ་འབུལ་རྒྱུ་ཡིན།༽ ཞེས་གསལ་བ་ལྟར་ཕྱི་ལོ་ ༢༠༢༢ ལོར་མཐོ་སློབ་འགྲིམ་མཁན་གྱི་སློབ་
ཕྲུག་ཚོས་གཤམ་གསལ་ཆ་རྐྱེན་རྣམས་ཕྱི་ལོ་ ༢༠༢༣ ཟླ་བ་ ༢ ཚེས་ ༢༨ ནང་ཚུན་དབུས་ལས་ཁུངས་སུ་འབུལ་འབྱོར་
ངེས་ཐུབ་དགོས་རྒྱུའི་གསལ་བརྡ་དང་བཅས།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས། ཕྱི་ལོ་ ༢༠༢༢ ཟླ་བ་ ༡༢ ཚེས་ ༢༠ ཉིན།
སློབ་ཡོན་ཞུ་མཁན་གྱི་ཆ་རྐྱེན།
༡ ༽ སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མིའི་ལག་དེབ་དུས་འགྱངས་ཟིན་པའི་ངོ་བཤུས།
༢ ༽ ཁོངས་གཏོགས་ས་གནས་སྡེ་དགེ་ཚོགས་པའི་ངོས་སྦྱོར་ཡི་གེ་དངོས།
༣ ༽ རང་གི་མགོ་པར་གཉིས།
༤ ༽ འཛིན་རིམ་ ༡༢ ཐོན་པའི་རྒྱུགས་འབྲས་ཤོག་ལྷེའི་ངོ་བཤུས།
༥ ༽ མཐོ་སློབ་ཀྱི་ལོ་རིམ་དང་པོ་ཚུད་པའི་ཡིག་ཆ་ངོ་བཤུས།
༦ ༽ མཐོ་སློབ་གང་དུ་ཚུད་པའི་སློབ་ཡོན་འབྱོར་འཛིན་ངོ་བཤུས།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།
- སློབ་ཐོན་གཟེངས་བསྟོད་ཕྱག་ཁྱེར་འབུལ་རྒྱུའི་བརྡ་ཁྱབ།