English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།

འདོན་སྤེལ། 2022/06/26 4:26 AM རྩོམ་པ་པོ།

༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་དང་། ཁྱད་པར་དུ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་དང་འབྲེལ་མཐུད་བཅས་ལ།
ཆེད་གསོལ།
དེ་ཡང་སྡེ་དགེ་རྒྱལ་རབས་དང་པོ་བོ་ཐར་བཀྲ་ཤིས་སེང་གེ་ནས་བཟུང་སྟེ་རྒྱལ་མོ་འཇམ་དབྱངས་དཔལ་མོའི་བར་རྒྱལ་རབས་རིམ་བྱོན་གྱིས་སྔར་སྲོལ་བཟང་པོ་མི་ཉམས་པར་བསྐྱངས་བ་དང། གསར་བྱུང་སྒྲིག་སྲོལ་བཟང་པོ་བཅས་པ་ལ་སོགས་པ་ལུགས་གཉིས་ཀྱི་ཁྲིམས་སྲོལ་དྲང་པོར་བཅས་པ་དང་། ལྷག་པར་དུ་དམ་པའི་ཆོས་རྣལ་མ་སྒྲུབ་ཆོག་པའི་ཆ་རྐྱེན་མང་དུ་བསྐྲུན་པས། བོད་ཆེན་པོའི་ཡུལ་འདིའི་མིའི་འགྲོ་བ་ཀུན་གྱིས་དད་གུས་དང་དགའ་ཞེན་ཚད་མེད་བྱེད་ས་ཞིག་ཏུ་གྱུར་ཡོད། སྤྱི་ལོ་༡༩༥༠ ལོར་གོ་མིན་ཏང་གི་སྲིད་དབང་ཤོར་ཏེ། གུང་ཁྲན་ཏང་དབུ་བརྙེས་ཤིང་། བཅིངས་གྲོལ་དམག་ཟེར་བའི་དམག་དཔུང་གིས་སྡེ་དགེ་ལ་བཙན་འཛུལ་བྱས་ཏེ། སྤྱི་ལོ་༡༩༥༡ ལོའི་ཟླ་བ་༥ པའི་ཚེས་༢༧ ཉིན་སྡེ་དགེ་རྫོང་མི་དམངས་སྲིད་གཞུང་བཙུགས་ནས། སྡེ་དགེ་རྒྱལ་པོའི་སྲིད་དབང་འཕྲོག་སོང་བ་རེད། དེ་ལྟར་ཆབ་སྲིད་འཕོ་འགྱུར་གྱི་གནས་སྟངས་འོག་བོད་མི་སྤྱི་མཚུངས་ལྟར་སྡེ་དགེའི་མང་ཚོགས་རྣམས་ཀྱང་འཛམ་གླིང་ཁྱོན་ཡོངས་ལ་ཁ་འཐོར་ཕྱིན་ཡོད་པ་དང་། གནས་སྟངས་ངན་པ་འདིའི་ཁྲོད་ནས་བོད་མི་གཞོན་སྐྱེས་མང་པོ་ཞིག་གི་སྐད་དང་ཆ་ལུགས་གོམས་གཤིས་སོགས་འགྱུར་བཞིན་པས་མཚོན་སྤྱི་དང་བྱེ་བྲག་ཀུན་ལ་དཀའ་ངལ་མང་པོ་ཞིག་འཕྲད་བཞིན་ཡོད་པར་བརྟེན། སྤྱི་ལོ་ ༢༠༡༩ ཟླ་ ༡༡ པའི་ཚེས་ ༢༣ ནས་ ༢༥ བར་ཉིན་གསུམ་གྱི་རིང་རྒྱལ་ས་ལྡི་ལི་རུ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢ པ་དང་འགན་འཛིན་ལྷན་ཚོགས་ཐེངས་ ༥ པ་གཉིས་ལྷན་ཅིག་ཏུ་བསྐོང་ཚོགས་ཞུས་པའི་སྐབས་སུ་ཚོགས་ཞུགས་མི་སྣ་ཡོངས་ཀྱིས་སྤྱི་མོས་གཏན་ལ་ཕབ་པའི་གྲོས་ཆོད་ཁག་དྲུག་བཞག་ཡོད་ཀྱང་ཏོག་དབྱིབས་རིམས་ནད་གྱི་རྐྱེན་གྱིས་གྲོས་ཆོད་བཞི་པ་ཕྱིར་འཐེན་བྱེད་དགོས་བྱུང་ཡོད། ཕྱི་ལོ་ ༢༠༢༢ འདིར་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་མང་ཆེ་བ་ཏོག་དབྱིབས་རིམས་ནད་ཅུང་ཟད་ཞི་འཇམ་སོང་སྟེ་གོ་ལ་ཧྲིལ་པོའི་འགྲོ་བ་ཡོད་དོ་ཅོག་སྔར་རྒྱུན་ལྟར་འཚོ་བར་རོལ་ཆོག་པའི་དུས་སྐབས་འཆར་བཞིན་ཡོད་པས། ཟླ་བ་༧ ཚེས་ ༡༠ ནས་དབུ་འཛུགས་ཏེ་ལོ་ལྟར་སྡེ་དགེའི་ཉིན་མོའི་དུས་དེར་གཏན་ཁེལ་བ་བཞིན། འདིར་ཆོས་རྒྱལ་སྡེ་དགེ་རྒྱལ་པོའི་རྒྱལ་རབས་རིམ་བྱོན་གྱིས་གཙོས་དཔའ་མཛངས་གཉིས་ལྡན་གྱི་མི་བོ་ཆེ་རྣམ་པ་དང་། མཁས་གྲུབ་གཉིས་ལྡན་གྱི་སྐྱེས་ཆེན་སོགས་འདས་པའི་མི་རབས་ཚོའི་ཤུལ་བཞག་རྩ་ཆེན། པར་ཁང་ཆོས་མཛོད་ཆེན་མོས་གཙོས་གཟི་འོད་ཀུན་ཏུ་འབར་བའི་མཛད་རྗེས་ཁག་རྗེས་དྲན་ཞུ་བ་དང་། བོད་ཀྱི་ཆོས་དང་རིག་གཞུང་། སྐད་དང་ཡི་གེ་སོགས་ཉམས་པ་སླར་གསོ་དང་མི་ཉམས་གོང་འཕེལ་ཡོང་ཆེད་དེ་ལྟར་འབད་འབུངས་གནང་རྒྱུ་བཅས།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༢༢ ཟླ་ ༦ ཚེས་ ༢༠ ཉིན།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྡེ་དགེ་ཉིན་མོའི་དུས་སྟོན།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
  • སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།
  • སློབ་ཐོན་གཟེངས་བསྟོད་ཕྱག་ཁྱེར་འབུལ་རྒྱུའི་བརྡ་ཁྱབ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།