ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
༄། བོད་རྒྱལ་ལོ་ ༢༡༤༧ ལོའི་གནམ་ལོ་གསར་དུ་བཞད་པའི་དགའ་སྟོན་རྟེན་འབྲེལ་ལ་འཛམ་གླིང་ས་ཕྱོགས་གང་སར་བཞུགས་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་དང་ལྷག་པར་རང་རེ་སྡེ་དགེ་བ་གཞིས་བྱེས་ཡོངས་ལ་འཚམ་འདྲིའི་བཀྲ་ཤིས་བདེ་ལེགས་གྲངས་མེད་ཞུ་བ་དང་།ལོ་གསར་པ་འདིའི་ནང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་འཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གིས་དབུས་རིས་མེད་ཀྱི་སྐྱེས་ཆེན་དམ་པ་རྣམས་སྐུ་ཚེ་བརྟན་ཅིང་བསྟན་འགྲོའི་དོན་ཆེན་འབད་མེད་ལྷུན་གྱིས་འགྲུབ་པ་དང་། ཏོག་དབྱིབས་ནད་ཡངས་ལ་སོགས་པ་ཕྱི་ནང་གི་ཉེར་འཚེ་ཐམས་ཅད་རྨེག་མེད་རང་སར་ཞི་ཞིང་འགྲོ་རྣམས་ཆོས་འབྱོར་བདེ་དགའ་རྒྱ་མཚོའི་དཔལ་ལ་རྟག་ཏུ་ལོངས་སུ་སྤྱོད་པའི་སྨོན་འདུན་གྲངས་མེད་ཞུ་རྒྱུ་དང་བཅས། ཁ་སྔོན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་གཉིས་པ་དང་དབུས་རྒྱུན་སྐབས་གསུམ་པ་གསར་རྙིང་འཕོ་ལེན་བྱེད་པའི་སྐབས་སུ་འདྲ་པར་ཁག་གཅིག་ལ་ངོ་སྤྲོད་མདོར་བསྡུས་ཙམ་དང་བཅས་སྤྱན་སྔར་འབུལ་ལམ་ཞུ་རྒྱུ།
དང་པོ༽ གསར་གནས་སྔོན་སོང་བཞིན་ཚོགས་གཙོ་རྙིང་པ་སློབ་དཔོན་དྲི་མེད་རྒྱལ་མཚན་ནས་ཚོགས་གཙོ་གསར་པ་སྲས་འཆི་མེད་རྡོ་རྗེ་ལ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་མ་དེབ་དང་ཐེལ་ཙེ་སོགས་རྩིས་སྤྲོད་རྩིས་ལེན་བྱེད་པའི་སྐབས་རེད།
གཉིས་པ༽ སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཡན་ལག་ཕ་རཱན་སིའི་ས་གནས་རྒྱུན་ལས་ཤྲིར་ལ་རྒྱལ་མཚན་ནས་དབུས་རྒྱུན་གསར་རྙིང་འཕོ་ལེན་བྱེད་སྐབས་སུ་དགོང་མོའི་ཞལ་ལག་འབུལ་བ་སོགས་སྤྱི་སྒེར་མི་ཉུང་བས་ཞལ་ལག་ཕུལ་བ་བྱུང་ཡོད་རེད།
གསུམ་པ༽ སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་དང་ས་གནས་གང་རུང་ལས་ཀའི་ཐུགས་འགན་བཞེས་ཏེ་མཚན་གནས་རྗེས་འབྲེལ་ཐོག་ལྷག་བསམ་དང་བ་ཆེན་པོས་སྤྱི་ཚོགས་ལ་ཕན་པའི་སྲི་ཞུ་གང་ལེགས་བསྒྲུབས་ཡོད་པའི་གཟེངས་བསྟོད་ཕྱག་ཁྱེར་དུ་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་འབུལ་སྲོལ་ཡོད་པར་བཞིན་འདི་ལོར་ཡང་ཉིན་གུང་ཞལ་ལག་དང་བཅས་དབུས་རྒྱུན་རྙིང་པ་ཁག་གཅིག་ལ་ཕུལ་ཡོད་རེད།
བཞི་པ༽ སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ལས་དོན་སྤྱི་དང་། དམིགས་བསལ་དུ་སློབ་ཡོན་སྦྱོར་སྤྲོད་ཀྱི་ལས་གཞིའི་ཐད། སྔ་ཕྱིར་མཐུན་འགྱུར་རྒྱ་ཆེན་གནང་མཁན། སྟག་ལྔ་རྒྱལ་མཚན་ཆོས་གྲགས་ལགས་ལ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢པའི་སྐབས་སུ་ཕུལ་བའི་ཐུགས་རྗེ་ཆེ་ཞུའི་གཟེངས་རྟགས་དེ་ཉིད། ཕྱིས་སུ་ཨ་རིའི་རྒྱལ་ས་ནེའུ་ཡོག་ནས་ཚོགས་གཙོ་རྙིང་པས་དངོས་སུ་འབུལ་ལམ་ཞུས་ཡོད་རེད།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་སྡེ་དགེ་ཉིན་མོའི་དུས་སྟོན།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- ༄༅།། བོད་རྒྱལ་ལོ་ ༢༡༤༨ རབ་གནས་ལྕགས་མོ་གླང་གི་ལོ་གསར་གྱི་ཤིས་ཚིག