སྡེ་དགེའི་མཁས་དབང་བློ་གྲོས་ཕུན་ཚོགས་ཀྱི་བཀའ་སློབ།
རྫོང་སར་མཁས་དབང་བློ་གྲོས་ཕུན་ཚོགས་ཀྱི་བཀའ་སློབ།
ད་གུས་པ་ནི་མདོ་ཁམས་སྡེ་དགེ་རྫོང་སར་དགོན་གྱི་ཆོས་སྡེ་ལ་སྐྱེས་པའི་མི་རྒན་མགོ་དཀར་བ་ཞིག་ཡིན། ད་དེང་དུས་འཛམ་བུ་གླིང་ལ་ད་གློག་གི་དྲྭ་བ་གི་རྒྱུ་ལམ་ལ་བརྟེན་ནས་དེ་ནས་ག་ས་གར་ཕར་ཚུར་ཁ་བརྡ་བྱེད་ཆོག་བའི་དུས་རབས་གཅིག་ལ་སླེབས་ཡོང་དུས། དེ་ནས་དཔལ་ལྡན་ས་སྐྱ་པ་གི་ས་སྐྱ་བརྩེ་ཆེན་ཚོགས་པ་ཟེར་བ་འདྲ་འདྲ་དང་། དེ་ནས་དཔལ་ལྡན་ས་སྐྱ་པའི་ཚོགས་པ་ཟེར་བ་འདྲ་འདྲ་ད་དེ་ཚོ་གི །དེ་ནས་དྲྭ་བ་བདག་འཛིན་བྱེད་མཁན་གྱི་གཙོ་བདག་རྣམ་པ་ནང་གིས་གུས་པ་རང་ལ་བུང་བར་གསེར་གཟིགས་ཀྱིས་དེ་ནས་ཁྱེད་རང་གི་དཔལ་ལྡན་ས་སྐྱ་པ་གི་བསྟན་པ་འདི་མ་འོངས་པར་འཛིན་སྐྱོང་ཀྱི་ཐད་ལ་བསམ་ཚུལ་གཅིག་བཤད་དགོས་ཟེར་ནས་བཀའ་མོལ་ཁ་ཤས་སྒེར་འབྲེལ་གྱི་ཐོག་ནས་གནང་བྱུང་། ཡིན་ན་ཡང་གུས་པ་ནི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་མཁན་སྤྲུལ་དགེ་བའི་བཤེས་གཉེན་མང་པོ་གཅིག་བཞུགས་འདུག་པའི་མདུན་ས་ལ། ད་ང་འདྲ་འདྲ་དེ་ནས་སྐྱེལ་བོ་ཕལ་པ་མགོ་ནག་པ་གཅིག་གིས་བསྟན་པའི་ཆུ་བོའི་ཕྱན་ལ་སྐད་ཆ་གཅིག་བཤད་འདུག་ན། ཞུ་མ་འོས་པ་འདྲ་འདྲ་གཅིག་ད་དེ་འདྲ་གཅིག་རེད་འདུག་དུས་དེ་སྔོན་དེ་ནས་སྤོབས་པ་འདྲ་ཞུམ་ནས་ཞུ་མ་ཕོད་པ་དེ་འདྲ་རེད་སོང་། ཡིན་ན་ཡང་ད་དེང་དུས་གཅིག་བྱས་ན་འཛམ་བུ་གླིང་གི་དམངས་གཙོའི་ལམ་ལུགའ་ཟེར་བ་གཅིག་དར་ཡོང་དུས་ལེ། དེ་ནས་གོང་གི་དབུ་འཛིན་ནས་འོག་གི་དམངས་ཕལ་པ་ལ་རང་རང་གི་བསམ་བློའི་དྲན་ཕྱོགས་བཤད་འདུག་ན་ཡང་ཆོག་འདུག་པ་ཅན་གྱི་ད་དེ་འདྲ་གཅིག་ཡིན་དུས། དེ་ནས་ད་རང་གི་དྲན་ཚུལ་ཙམ་ཞིག །དེ་ནས་ཅི་དྲན་གང་དྲན་ཞིག་ཞུས་བཞག་པ་ཡིན་ན། ད་དེ་ནང་ལ་དེ་ནས་བསྟན་པ་ལ་ཏོག་ཙམ་ཞིག་དེ་ཕན་ཐོགས་ས་འགི་བསམ་བསམ་གཅིག་བྱུང་པ་ཡིན་ན། དེ་ཡང་ཐུགས་ལ་འཇོག་ཆོག་པ་གཅིག་དང་། ཡང་ད་དེ་ནི་གང་བྱུང་མར་བྱུང་གི་སྐད་ཆ་གཅིག་རེད་དགོངས་པ་གཅིག་བྱུང་ན་ཡང་། ད་དེ་ཕར་དོར་བཞག་ན་ཡང་འགལ་བ་མེད་པ་ད་དེ་འདྲ་ཅན་ཞིག་ཡིན་དུས། དེ་ནས་གུས་པ་རང་གིས་གང་དྲན་དྲན་ཞིག །དེ་ནས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་དབུ་བཞུགས་པའི་བླ་སྤྲུལ་དགེ་བའི་བཤེས་གཉེན་ཚོགས་མི་ཡོངས་རྫོགས་ལ་མཚམས་འདྲི་བཀྲ་ཤིས་བདེ་ལེགས་དང་འབྲེལ། དེ་ནས་ད་གཅིག་ཞུ་ཕོད་བཙུགས་ནི་ཡིན། ད་དེ་ལ་དེ་ནས་བསྟན་པ་འཛིན་སྐྱོང་ཀྱི་སྐོར་ཟེར་འོང་དུས་ལ་སྐད་ཆ་སྦོམ་པོ་རེད་དེ། དེ་ནས་ད་་་་ཞུ་ཤེས་པ་ནི་་་་་ད་་་འདི་འདྲ་གཅིག་རེད་ཟེར་ནས་ཞུ་ཤེས་པ་ནི་དངོས་གནས་ཀྱི་ཡོད་རྒྱུ་མ་རེད་དེ་ཡིན་ན་ཡང་ད་ཅི་དྲན་གང་དྲན་གཅིག་ཞུས་བཞག་པ་ཡིན་ན། ད་བསྟན་པ་འཛིན་སྐྱོང་གི་སྐོར། ད་དེ་སྔོན་བསྟན་པ་གནས་འདུག་པ་དེར་འཛིན་སྐྱོང་གི་སྐོར་དང་། མ་འོངས་པ་གི་རྒྱལ་བའི་བསྟན་པ་རིན་པོ་ཆེ་དེ་འཛམ་བུ་གླིང་ཕྱོགས་ག་ས་ལ་གཅིག་ཁྱབ་སྤེལ་གཅིག་གཏོང་ཐུབ་ན། ད་དེའི་གཏོང་ཕྱོགས་ཀྱི་སྐོར་དེ། ཁག་གཉིས་འདྲ་འདྲ་གཅིག་བགོ་ནས། དེ་ནས་རང་གིས་ཞུས་ན་བསམ་ད་དེ་འདྲ་གཅིག་ཡིན། ད་དེ་ལ་དང་པོ་བསྟན་པ། དེ་སྔོན་བསྟན་པ་གནས་འདུག་པ་དེར། དེ་ནས་བསྟན་པ་འཛིན་སྐྱོང་བྱེད་སྟངས་གི་སྐོར་འདྲ་གཅིག་ཡིན་ན། དེ་ནས་སྔ་མོ་ཆོས་རྒྱལ་མེས་དབོན་རྣམ་གསུམ་ནས་བཟུང་བསྟན་པ་དར་ཞིང་རྒྱས། མཐའ་ད་ལྟ་ཡང་བསྟན་པ་དེ་གནས་འདུག་པ་དེ་ད་དཔེ་ན་མི་ལོ་སྟོང་ཕྲག་ཁག་ལྷག་ཚད་གཅིག་གི་རིང་ལ་དེ་འདྲ་གཅིག་བྱུང་འདུག་པ་རེད། དེ་འདྲ་བྱུང་འདུག་པ་དེ་མ་འོངས་པ་ལ་རྒྱུད་འཛིན། ད་ག་འདྲ་བྱེད་དང་མི་བྱེད་དེ་ལ་ཐུག་ཡོད་པ། རྒྱུད་འཛིན་དེ་བྱེད་དགོས་པ་ཡིན་ན། རྒྱུད་འཛིན་བྱེད་ས་གི་བསྟན་པའི་གནས་གཞི་འདྲ་དེ་ག་རེ་རེད་ཟེར་ན། དེ་ནས་བོད་གངས་ཅན་གྱི་སྟེང་ལ་ཡིན་ན་འདྲ། དེ་ནས་ས་ཆ་གང་དང་གང་གི་སྟེང་ལ་ཡིན་ན་འདྲ། ཚོགས་པ་འདྲ་འདྲ་དེ་ནས་གཅིག་ཡོད་དགོས་པ། ད་དེ་འདྲ་གཅིག་བྱེད་འོང་དུས་དཔལ་ལྡན་ས་སྐྱ་པ་ཡིན་ན་འདྲ། བོད་གངས་ཅན་གྱི་ལྗོངས་ལ་ཆོས་སྡེ་ཟེར་དགོས་ལེ་ཡིན་ན་འདྲ། ཆོས་སྡེ་ཟེར་དགོས་ལེ་ཡིན་ན་འདྲ། དགོན་པ་ཟེར་དགོས་ལེ་ཡིན་ན་འདྲ། འོ་ད་དེ་ནི་བསྟན་པ་གི་གནས་གཞི་ངོ་མ་འདྲ་དེ་དེ་ཡིན་དུས། ད་དེ་བདག་སྐྱོང་བྱེད་སྟངས་ཀི་སྐོར་དེ་ག་འདྲ་གཅིག་བྱེད། འོ་ད་དེ་གི་འགག་རྩ་འདྲ་འདྲ་དེ་དེ་ཐུག་འགི་བསམ། དེ་ནས་དགོན་པའམ་ཆོས་སྡེ་དེ་བདག་སྐྱོང་བྱེད་དགོས་པ་ཡིན་ན། དང་པོ་བསྟན་པ་བདག་སྐྱོང་བྱེད་ས་གི་འདུ་ཁང་། གཙུང་ལག་ཁང་ལ་སོགས་པ་དང་། དེ་ནས་རུང་ཁང་། དེ་ནས་དགེ་འདུན་པ་ཐམས་ཅད་བཞུགས་ས་གི་བཞུགས་ཤག །ད་དེའི་ནང་དུ་ལ་སྐུ་གསུང་ཐུགས་རྟེན་ལ་སོགས་པ་གང་ལ་གང་འཚམ་གཅིག་མེད་ན་ནི་བསྟན་པ་གི་ཆ་རྐྱེན་མི་འགྲིགས་པ་འདྲ་འདྲ་གཅིག་ཡིན་དུས་ལ། ད་དེ་ཚོ་ཡང་ཚགས་སུ་ཚུད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་རྒྱུ་གཅིག་རེད། ཡིན་ན་ཡང་། དེ་ནས་གྲྭ་རྒྱས་པོ་དང་དེ་འདྲ་གཅིག་མ་བྱུང་བ་ཡིན་ན་ཡང་། ཁོ་རང་བསྟན་པ་གི་སྙིང་པོ་འདྲ་འདྲ་དེ་ག་རེ་རེད་ཟེར་ན། དེ་ནས་བསྟན་པ་གི་སྙིང་པོ་འདྲ་འདྲ་དེ་ནི། ལུང་རྟོགས་ཀྱི་བསྟན་པ་གཉིས་ལ་ཐུག་ཡོད་དུས། དེ་ནས་ལུང་རྟོགས་ཀྱི་བསྟན་པ་དེ་བདག་སྐྱོང་བྱེད་དགོས་པ་ལ། དང་པོ་རྨང་གཞི་གི་སློབ་གྲྭ། ཀུན་ལ་གཞོན་གཞོན་རྣམས་ཀྱིས་སློབ་གཉེར་བྱེད་ས་གི་རྨངས་གཞི་གི་སློབ་གྲྭ། དེའི་སྟེང་ལ་གཞུང་ཆེན་པོ་དག་གི་འཆད་ཉན་བྱེད་ས་གི་བཤད་གྲྭ། དེ་ནས་དེ་ཚོ་ཚང་མ་ཉམས་ལེན་བྱེད་ས་གི་སྒྲུབ་གྲྭ། དེ་ནས་དགོན་ལག་ཐམས་ཅད་ཀྱིས་རང་རང་སོ་སོ་གི་ཚེས་དུས་སྒྲུབ་མཆོད། ད་དེ་རྣམས་ཐམས་ཅད་ནི་དགོན་པ་བདག་སྐྱོང་ལ་གལ་ཆེན་པོ་ཡིན་རྒྱུ་དེ་འདྲ་གཅིག་ཐུག་འགི་བསམ། དེའི་ནང་ལ་དེ་ནས་རྨངས་གཞི་སློབ་གྲྭ་འདྲ་འདྲ་གཅིག་ལ་ཆགས་བཞག་ན། དང་པོ་ཀ་ཁ་ནས། དེ་ནས་རིག་གནས་དག་ཡིག་སུམ་རྟགས་སྙན་ངག་སྒྲ་སྡེབ་སྦྱོར་རྩིས་དཀར་ནག་ལ་སོགས་པ་ད་དེ་ཚོ་རིག་གནས་ཀྱི་རྨང་གཞི་ཚགས་སུ་ཚུད་པ། དེའི་ཐོག་ཏུ་འདོན་ཕྱག་ལེན། འདོན་མཆོག་གི་སྐོར་ལ་རང་རང་སོ་སོ་གི་དགོན་པ་ལ་སྔར་སྲོལ་གི་ཇི་འདྲ་ཡོད་ན་དེ་ཚོ་གི་ཆོ་ག་ཕྱག་ལེན་དེ་རྣམས་ཐམས་ཅད་ཐུགས་ལ་འཛིན་རྒྱུ། དེ་ལ་དེ་ནས་དབྱངས་རོལ་མོ་ལ་སོགས་པ་ཤེས་པ། དེ་ནས་ཐིག་རྡུལ་མཚོན་དཀྱིལ་འཁོར་སོ་སོ་གི་ཐིག་རྡུལ་མཚོན། དེ་ནས་གཏོར་ཟོལ་ལ་སོགས་པ་ད་དེ་ཚོ་ཚགས་སུ་ཚུད་པ་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་རྒྱུ། དང་པོ་རྨང་གཞི་སློབ་གྲྭ་དེ་གལ་ཆེན་པོ་གཅིག་བྱེད། དེའི་སྟེང་ལ་བཤད་གྲྭ དེ་ནས་གཞུང་ཆེན་པོ་གི་བཤད་གྲྭ་གཅིག་མེད་ན། དགོན་པ་དེ་ལ་ཆ་རྐྱེན་གཅིག་འཛོམ་པ་ཡིན་ན་ནི། དེ་ནས་བཤད་གྲྭ་གཅིག་ངེས་པར་དུ་དགོས་རྒྱུ། དེ་ནས་འགའ་ཤས་ཀྱིས་ཟེར་ན་ད་བཤད་གྲྭ་ཆེན་པོ་ཁ་ཤས་གཅིག་ཡོད་ན། བཤད་གྲྭ་མང་པོ་དགོས་ཡ་མི་འགི་ཟེར་བ་དེ་འདྲ་ཡང་ཟེར་རྒྱུ་ཡོད་ཡོད་ལེ་རེད་དེ་ཡིན་ན་ཡང་། དེ་ནས་རང་རང་སོ་སོ་གྲྭ་བ་ཚང་མ་དེ་ད་བཤད་གྲྭ་ཆེན་པོ་གཅིག་ལ་བརྒྱབ་རྒྱུ་མ་རེད་དུས། དེ་ནས་དགོན་ཁག་སོ་སོ་ལ་གྲྭ་བ་སོ་སོ་མང་པོ་བཞུགས་འདུག་པ་ཡིན་དུས། རང་རང་ལའོ་གང་ལ་གང་འཚམ་གྱི་བཤད་གྲྭ། འཛུགས་ཐུབ་པ་ཡིན་ན་དེའོ་གལ་ཆེན་པོ་ཡིན་རྒྱུ། དེའི་སྟེང་དུ་དེང་ནས་ཏོག་ཙམ་ཞིག་སློབ་སྦྱོང་དེ་ནར་སོན། ད་་བཤད་གྲྭ་ཆེན་པོའི་ནང་ལ་སོང་ན་ཡང་འགྲོ་ཆོག་ཆོག་འདྲ་འདྲ་དེ་འདྲ་རེད་བྱུང་ན་དེ་ནས་དེ་ཚོ་ཡང་ཡར་རིམ་པ་བཞིན་དུ་ཡར་བཤད་གྲྭ་ཆེ་ཁག་ནང་དུ་ལ་ཡར་འགྲོ་ནས་ཐོས་བསམ་བྱེད་རྒྱུ། ད་དེ་འདྲ་གཅིག་གི་གོ་རིམ་ཡོད་པ་གཅིག་རེད་བཞག་པ་ཡིན་ན། དེ་ནས་དེ་ཡང་གལ་ཆེན་པོ་རེད་བསམ་པ་འདྲ་འདྲ། དེ་ནས་བཤད་གྲྭ་ཆེན་པོ་ནང་གི་ཡིན་ན་འདྲ་བཤད་གྲྭ་ག་རེ་ཡིན་ན། དཔལ་ལྡན་ས་སྐྱ་པ་གི་གཞུང་ཆེན་པོ་དྲུག་ཟེར་བ་འདྲ་དོ། ཡང་ན་གྲག་ཆེན་བཅོ་བརྒྱད་ཟེར་བ་འདྲ་འདྲ་སློབ་སྦྱོང་བྱེད་རྒྱུ་མང་པོ་གཅིག་ཡོད་པ་ཡིན་དུས། ད་དེ་རྣམས་ཐམས་ཅད་ཡང་རང་རང་གི་ཡིག་ཆ་འདྲ་མི་འདྲ། ད་དེ་ལའོ་ནང་སོས་ཀི་ཡིག་ཆ་འདྲ་མི་འདྲ་མང་པོ་གཅིག་ཡོད་པ་ཡིན་དུས། དེ་ནས་ཡིག་ཆ་དེ་རྣམས་ཐམས་ཅད་ཡང་ཕྱོགས་རེ་མ་ཡིན་པ་ཡིག་ཆ་ཚང་མ་དེ། དེ་ནས་ང་རང་ཚོ་དཔེ་ན་ས་སྐྱ་པ་ལ་ཆ་བཞག་པ་ཡིན་ན། དེ་ནས་སྔར་གི་ལུགས་སྲོལ་ལ་དེ་ནས་ས་སྐྱ་གོང་མ་རྣམ་ལྔ་ཟེར་བ་འདྲ་འདྲ།
ད་བསྟན་པ་ཁྱབ་སྤེལ་གཏོང་ཕྱོགས་ཀྱི་སྐོར་ལ་བསམ་ཚུལ་གཅིག་ཞུས་པ་ཡིན་ན། ད་དེ་དུས་འདྲ་གཅིག་ཡིན་ན། བོད་ནང་ཁུལ་ལ། དེ་ནས་སྤྱིར་བཏང་གི་དབང་དུ་བྱས་ན་མི་གྲངས་ཡང་ཉུང་ཉུང་། ཁོ་རང་ཁྲི་བརྒྱད་བརྒྱ་ཡོད་ཟེར་ལེ་རེད། དྲུག་བརྒྱ་ཡོད་ཟེར་ལེ་རེད། ད་ག་འདྲ་གཅིག་ཡིན་ན་ཁོ་རང་མི་གྲངས་ཧ་ཅང་གི་ཉུང་ཉུང་རེད། དཔེ་ན་རྒྱ་ནག་འདྲ་གཅིག་ལ་ཆ་མཚོན་བཞག་པ་ཡིན་ན། དེ་ནས་རྒྱ་ནག་གི་གྲོང་ཁྱེར་གཅིག་གི་བཅུ་ཆ་ཚད་གཅིག སུམ་ཆ་ཚད་གཅིག འོ་ད་གྲོང་ཁྱེར་གཅིག་གི་བཅུ་ཆའམ་སུམ་ཆ་ཚད་གཅིག་མ་གཏོགས། དེ་ནས་བོད་སྤྱི་རང་གི་ཚད་ལ་བྱས་ནའོ་ཡོད་ལེ་མ་རེད་ལ། དེ་ནས་རང་རང་སོ་སོ་གི་ས་སྐྱ་རྙིང་མ་བཀའ་རྒྱུད། དེ་ནས་དགེ་ལྡན་བོན་ཟེར་བ་ལྟ་བུ་ད་རང་རང་སོ་སོ་གི་ཆོས་རྒྱུད་དེ་རང་རང་སོ་སོ་གིས་ད་སྔ་ནས་སོ་སོར་སོ་སོ་གིས་བདག་བཟུང་བྱེད་ཚར་འགྲོ་བ་ཡིན་དུས། ད་དེ་ལ་བསྟན་པ་དེ་ཕར་ཕྱི་བསྣུབ་དར་རྒྱས་བྱེད་བཞག་ས་གཅིག་ཡོད། འོ་ཡོད་ལེ་མ་རེད་དེ། གལ་སྲིད་ཡོད་པའི་དབང་དུ་བཏང་པ་ཡིན་ན་ཡང་། འོ་ད་ང་ས་སྐྱ་པ་གི་ཆོས་བརྒྱུད་ཡིན་པས་གཞན་ཐམས་ཅད་དེ་དེ་ནས་ཏོག་ཙམ་ཞིག་ཟ་བཞག་དགོས་དུ་བསམ་ཡོད་ན། དེ་ནས་དེ་བསྟན་པ་ལ་ནང་ཁུང་ལ་ཁོ་རང་ཕུང་ཁྲོ་གི་རྒྱུ། དེ་ནས་བསྟན་པར་ནང་མི་མཐུན་བའི་རྒྱུ་ལས་ཡོང་རྒྱུ་ཡོད་རྒྱུ་མ་རེད། དཔེ་ན་གྲུབ་མཐའ་གཞན་གྱིས་ཚུར་ཟ་ཡོང་ནའང་ང་རང་ཚོར་དེ་ནས་ཉོན་མོངད་པ་གི་བདག་ཉིད་ཅན་ཞིག་ཡིན་དུས་དེ་ནས་ཡང་བློ་མ་བདེ་བ་ཞིག་མ་གཏོགས་ལས་ཡོང་རྒྱུ་མེད་པ་ད་དེ་འདྲ་གཅིག་ཡིན་དུས། ད་རང་རང་སོ་སོར་སྔར་ཅི་འདྲ་ཡོད་ན། དེ་ནས་རང་རང་སོ་སོ་གི་ཆོས་རྒྱུད་དེ་རང་རང་སོ་སོ་གི་བདག་པོ་བྱེད། དེ་ལ་ཕར་མི་སྣུད་ཚུར་མི་སྣུད་དེ་འདྲ་གཅིག་གི་སྟེང་ལ་གནས་ཐུབ་པ་ཡིན་ན། དེ་ནས་གང་མི་བཟོད་པ་གི་གལ་ཆེན་པོ་ཡིན་རྒྱུ། དེ་ནས་གྲྭ་བ་མཐའ་ཁག་གི་ཕན་ཚུན་ལ་ཏོག་ཙམ། བླ་མ་དགེ་བའི་བཤེས་གཉེན་ཕན་ཚུན་ལ་ཏོག་ཙམ། དེ་ནས་་བསྟན་པ་ལ་རོགས་པ་བྱེད་ཡ་ཕར་འགྲོ་ཚུར་འགྲོ་བྱེད་དགོས་པ་ཡིན་ན་ཡང་། དེ་ནས་ས་སྐྱ་གཅིག་རྙིང་མ་ས་ལ་གཏོང་བཞག་པ་ཡིན་ན། དེ་ནས་ང་ས་སྐྱ་གི་ཆོས་དེ་རྙིང་མ་ས་ལ་སྤེལ་དགོས་ཟེར་བ་ལྟ་བུ་མ་ཡིན་པ། དེ་ནས་ཁོ་རང་རྙིང་མ་ག་རེ་ཡིན་ན་ཁོ་རང་ཚོ་ལ་ཕན་ཅི་ཐོགས་བྱེད་ནས་ཁོ་རང་ཚོ་གི་བསྟན་པ་དེ་ཡར་གསོ་ལེ་ཡིན་མ་གཏོགས་ལི། ང་རང་ཚོ་ཕར་འཛུལ་རྒྱུ་དེ་བྱེད་མི་ཉན་པ། དེ་ནས་གཞན་གྱིས་ཚུར་བྱེད་ན་ཡང་དེའི་སྟབས་བྱེད་ནས། རང་རང་སོ་སོ་གིས་གཅོད་མཚམས་དེ་བྱས་འདུག་པ་ཡིན་ན། དེ་ནས་བསྟན་པ་དེ་འཆམ་མཐུན་གི་ངང་ལ་གནས་ཐུབ་པ་ཅན་ཞིག་དོ། དེ་ནས་བསྟན་པ་དེ་ནང་འགལ་མ་འོང་བ་ཅན་གཅིག་མཐུན་པོ་དང་ཡག་པོ་འགྲོ་རྒྱུ་གཅིག་བྱུང་བཞག་པ་ཡིན་ན། དེང་བསྟན་པ་དེ་མཐའ་རྒྱས་འགྲོ་རྒྱུ་ལའོ་ཕན་ཐོགས་པ་ཅན་ཞིག་ཡིན་དུས། དེ་ནས་དེ་ཐམས་ཅད་ལ་བསམ་བློ་བཏང་དགོས་པ་ཞིག་ཡིན་དུས། ད་བསྟན་པ་མཐའ་རྒྱས་དང་བསྟན་པ་ཁྱབ་བསྒྲགས་སུ་སྤེལ་ཟེར་བ་དེ་ད་ངེད་ཚང་གི་འཛམ་བུ་གླིང་གི་མི་གྲངས་དུང་ཕྱུང་བདུན་བཅུ་ཚད་ཅིག་ཡོད་ཟེར་འདུག་སའི་འགི །ད་མི་གྲངས་བདུན་བཅུ་གི་ནང་ལ་དེ་ནས་ཆོས་བྱེད་མཁན་གྱི། ཆོས་ལུགས་གང་རུང་གཅིག་ལ་དད་པ་བྱེད་མཁན་གྱི་མི་གྲངས་དེ་རྒྱ་ཆ་བཞི་བཅུ་ཚད་ཅིག །ད་ཆོས་ལ་དད་པ་གཅིག་འོ་བྱེད་མ་མྱོང་བ་ཅན་གྱི་མི་གྲངས་དེ་རྒྱ་ཆ་དྲུག་བཅུ་ཚད་གཅིག་ཡོད་ཟེར་འདུག་ལེ་རེད། དེ་ནས་ཆོས་ལ་དད་པ་བྱེད་ས་གི་མི་གྲངས་རྒྱ་ཆ་བཞི་བཅུ་གི་ནང་ལ། ད་ནང་སོས་ལ་བྱས་འུང་ན། ཡེ་ཤུལ་ཟེར་བ་འདྲ། ཁ་ཆེ་ཟེར་བ་འདྲ། ཧིན་དྷུ་ཟེར་བ་འདྲ། ད་དེ་ནང་ལས་བསྡུར་ཡོང་ན་དེ་ནས་ནང་པ་དེ་ཧ་ཅང་རྒྱ་ཆུང་ཆུང་། ཆུང་ཆུང་གི་ནང་ལ་ཆུང་ཆུང་ཡིན་འདུག་པ། ད་ནང་པ་སངས་རྒྱས་པ་ནང་གི་བསྟན་པ་དེ་ཡང་དེང་དུས་འཛམ་བུ་གླིང་གི་ཞིབ་འཇུག་པ་ནང་གིས་བརྟག་དཔྱད་གཏོང་སྟངས་གི་དབང་དུ་བྱས་བཞག་པ་ཡིན་ན་དེ་ནས། རིམ་པ་བཞིན་དུ་རྒྱ་ཆེན་པོ་གི་གྲས་ལ་འགྲོ་རྒྱུ་མེད་འདུག་པ་གཅིག །ད་རུང་ཕར་ཉུང་འགྲོ་བའི་ཚོད་དཔག་བྱེད་པ། འོ་ད་དེ་འདྲ་གཅིག་གི་གནས་སྟངས་གཅིག་ཐུག་འདུག་ཡོད་པ་ཡིན་དུས། ད་འགྲོ་ས་དེ་འཛམ་བུ་གླིང་མི་གྲངས་རྒྱ་ཆ་དྲུག་ཅུ་གི་ནང་ལ། མི་གྲངས་དེ་ནས་དུང་ཕྱུང་བདུན་ཅུ་གི་ནང་ལ་བརྒྱ་ཆ་དྲུག་ཅུ་བྱས་འོང་ན། དུང་ཕྱུང་བཞི་བཅུ་ཚད་གཅིག་ད་རུང་ང་ཚོར་བར་སྟངས་ཡོད་ལེ་རེད་དུས། ད་དེ་ཚོ་གི་ནང་ལ་ཕར་འཛུལ་དགོས་ན། དེ་ནས་འཛུལ་ས་དེ་དེ་ཡིན་ལེ་རེད། དེ་ཡིན་དུས་ད་དེ་ལི་ཕར་འཛུལ་དགོས་ན། སངས་རྒྱས་ཀྱི་བསྟན་པ་དར་ཟེར་ཕར་འཛུལ་དགོས་པ་ཡིན་ན། ཆོས་དང་སྲིད་གཉིས་ཀྱི་ནང་ལ་བྱས་བཞག་ན་དེ་ནས། ཆབ་སྲིད་ཀྱི་སྟེང་ནས་ཐེ་གཏོགས་གཅིག་འོ་མེད་པ་ཅན་གཅིག །དེ་ནས་ཆོས་ལུགས་གཙང་མ་ཅན་ཞིག་ཕར་འགྲོ་ཐུབ་པ་ཡིན་ན། དེ་ལ་བཀག་རྡོ་མེད་པ་ཅན་གཅིག་གི་དེ་ནས་འགྲོ་ཐུབ་པ། དེ་ལ་ཡང་ཕོ་མོ་དང་མི་རིགས་ཀྱི་དབྱེ་བ་མེད་པ། ཕོ་མོ་གི་ཁྱད་པར་མེད་པ། དེ་ནས་ས་མཚམས་ཀྱི་དབྱེ་བ་མེད་པ། དེ་ནས་ཆོས་དེ་སྟོན་པ་སངས་རྒྱས་པ་གི་དགོངས་པ་མིའི་འགྲོ་བ་ཙམ་དུ་མ་ཟད། དེ་ནས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཟེར་ནས་གསུངས་རླབས་ཆེན་པོ་ཡིན་དུས། དེ་དགོངས་པ་གཞི་བཟུང་བྱེད་ནས་ཕར་འཛུལ་དགོས་པ་ཡིན་དུས། དེ་ནས་ངེད་ཚང་གི་བསྟན་པ་སྤྱི་ཕྱོགས་ལ་བསམ་བློ་བཏང་། བསྟན་པ་ཕྱི་ལ་སྤེལ་བའི་ཐུགས་ཁུར་བཞེད་མཁན་དམ་པ་དེ་ག་ཚད་ཡིན་ན་ག་ཚད་དེ་ཡོད་དགོས་པ་ཅན་གཅིག་དང་། དེ་ཡོད་པ་དེ་ལ་ཡང་དེང་ཆ་རྐྱེན་དེ་ག་འདྲ་གཅིག་ཡོད་དགོས་རེད་ཟེར་ན། དང་པོ་ཆ་རྐྱེན་དེ་མི་རིགས་གཞན་གྱི་ཡིག་ཐོག་ལ་དེ་ནས་ང་རང་ཚོ་ནང་པ་སངས་རྒྱས་པ་གི་ཆོས་ཀྱི་ཡིག་ཆ་དེ་ཚོ་སྐད་ཡིག་གཞན་གྱི་སྟེང་ལ་བསྒྱུར་རྒྱུ་དེ་ཆ་རྐྱེན་དང་པོ་དེ་དེ་ཡོད་དགོས་པ། དེ་ནས་ཆ་རྐྱེན་དང་པོ་དེ་དེ་ཡོད་དགོས་དུས། དེ་སྔུན་བསྒྱུར་ཟིན་པ་གི་དབང་དུ་བྱས་ན། རི་བོ་དགེ་ལྡན་པ་དང་། དེ་ནས་གསང་སྔགས་རྙིང་མ་བ། ད་དེ་ཚོ་གི་ཡིན་ན་དེ་ནས་རྒྱ་ཆེན་པོ་མང་པོ་གཅིག་བསྒྱུར་ཐུབ་ཚར་ཡོད་ལེ་རེད། དེ་ནས་ད་དཔལ་ལྡན་ས་སྐྱ་པ་དང་དེ་གིས་ནི། དེ་ནས་མི་རིགས་གཞན་གྱི་ཡིག་ཆ་གི་སྟེང་ལ་དཔེ་ཆ་བསྒྱུར་བཞག་པ་དེ་ད་རྗེས་ལུས་ཀི་སྟེང་ལ་རྗེས་ལུས་ལྟ་བུ་ཞིག་ཆགས་འདུག་ཡོད་དུས། དེ་ནས་ཡུལ་གཞན་ལ་བསྟན་པ་གཅིག་སྤེལ་དགོས་ན། དང་པོ་སྐད་དང་ཡི་གེ་མེད་ན་མི་འགྲིགས་པ་ཞིག་ཡིན་དུས། དེ་གལ་ཆེན་པོ་གཅིག་ཡིན་རྒྱུ། དེ་ནས་ཆ་རྐྱེན་གཉིས་པ་དེ། སྟོན་པ་བཅོམ་ལྡན་འདས་ཀྱིས་དེ་ནས་ཆོས་ཀྱི་འཁོར་ལོ་སྐོར་ཡོང་བའི་སྐབས་སུ་ལ་གདུལ་བྱ་མང་པོ་གཅིག་གི་ཁམས་དང་དབང་པོ་བསམ་པའི་བྱེ་བྲག་གི་ཆོས་ཀྱི་ཕུང་པོ་བརྒྱད་ཁྲི་བཞི་སྟོང་ལ་སོགས་པ་མང་པོ་གཅིག་སྐོར་དགོས་པའི་རྒྱུ་མཚན་དེ། དེ་ནས་གདུལ་བྱ་སོ་སོའི་ཁམས་དང་དབང་པོ་དོ་བསམ་པ་མི་འདྲ་བའི་ཆེད་དུ་དེ་ནས་ཆོས་ཀྱི་ཕུང་པོ་མང་པོ་གཅིག་སྐོར་འདུག་དགོས་པ་དེ་འདྲ་གཅིག་ཡིན་དུས། དེ་ནས་ང་ཚོ་གི་འཛམ་བུ་གླིང་གི་མི་རྣམས་ཀྱི་བསམ་སྟངས་དང་དྲན་སྟངས་དང་དེ་ནས་སོ་སོའི་སྔོན་གྱི་བག་ཆགས་ཀྱི་དབང་གིས། དེ་ནས་དེ་ཡང་འདོད་མོས་འདྲ་མི་འདྲ་ཡོད་ཡོང་པ་ཡིན་ཙང་། དེ་ནས་ཆོས་དེའང་འདྲ་མིན་འདྲ་སྣ་ཚོགས་པ་གཅིག་སྟོན་རྒྱུ་ཡོད་དགོས་པ་ཞིག་ཡིན་མ་གཏོགས། ང་རང་ཚོའི་རྩ་བའི་གྲུབ་མཐའ་དེ་དཔལ་ལྡན་ས་སྐྱ་པ་ལ་ལམ་འབྲས་ཡིན། ལམ་འབྲས་ཁོ་རང་མ་གཏོགས་གཞན་གཅིག་ཀྱང་སྟོན་རྒྱུ་མེད་པ་ཅན་ཞིག་ཡིན་ན། དེ་ནས་འགའ་ཤས་ལ་ཁོ་རང་ཕྱག་རྒྱ་ཆེན་པོ་འདོད་མཁན། འགའ་ཤས་ལ་རྫོགས་པ་ཆེན་པོ་འདོད་མཁན། འགའ་ཤས་ལ་དབུ་མ་ཆེན་པོ་འདོད་མཁན། འགའ་ཤས་ལ་དེ་ནས་སོ་སོར་སོ་སོར་གི་ཁམས་དང་དབང་པོ་གིས་དེ་ནས་འདྲ་མི་འདྲ་འདོད་མཁན་དེ་ཚོ་ལ། དེ་ནས་སོ་སོའི་ཆོས་ཤིག་སྟོན་རྒྱུ་མེད་པ་ཡིན་ན། དེ་ནས་བསྟན་པ་དེ་རྒྱ་ཆེན་པོར་འགྲོ་མི་ཐུབ་པ་དཔེ་ན་དེ་ལྟ་བུ་གཅིག་ཡིན་ས་རེད། དེ་་་དཔེ་གཅིག་བཞག་བཞག་ན་དེ་ནས་ཚོང་ཁང་ཆེན་པོ་གཅིག ད་སྣ་མང་ཚོང་ཁང་གཅིག་གི་ནང་ལ་ཡིན་ན། དེ་ནས་མི་མང་པོ་གཅིག་ཚོང་ཁང་དེ་ལ་འདུས་འདུག་པ། དེ་ནས་དཔེ་ན་ཁྱོད་ཀྱི་ཚོང་ཁང་ཇ་ཉོ་ས་གཅིག་ཡིན་ན་ཇ་མཁོ་མཁན་དེ་ཡིན་མ་གཏོགས་འགྲོ་རྒྱུ་མ་རེད། ཁྱོད་ཀྱི་ཚོང་ཁང་གཞན་གྱི་ཚྭ་བཙོང་ས་གཅིག་ཡིན་ན་དེ་ནས་ཚྭ་མཁོ་མཁན། ང་ཚྭ་ནམ་ཆད་སོང་ན་དེ་ནས་དེ་ན་མ་གཏོགས་ལ་འགྲོ་མཁན་ཡོད་མ་རེད། དེ་ག་ནང་བཞིན་གཅན་གཟན་གཅིག་ཤ་ཟ་མཁན་གྱི་སྔུན་ལ་རྩྭ་ཞིག་བཞག་བཞག་པ་ཡིན་ན། དེ་ནས་ཁོ་ལ་རྩྭ་ཟ་འདོད་ཡོད་ལེ་མ་རེད། དེ་ནས་རི་དྭགས་གཞན་དག་གཅིག་རྩྭ་ཟ་མཁན་གཅིག་ཡིན་ན། ཁོའི་སྔུན་སོར་ཤ་བཞག་ན་འདོད་རྒྱུ་མ་རེད། དེ་ཡིན་དུས་དེ་ནས། གང་ལ་གང་དགོས་གང་ལ་གང་འདུལ་གྱི་ཆོས་ཕུན་སུམ་ཚོགས་པ་སྟོན་རྒྱུ་ཡོད་པ་དེ། དེ་ནས་ང་རང་ཚོར་རྒྱུ་ཆ་ཕུན་སུམ་ཚོགས་པ་ཡོད་རྒྱུ་དེ་དེ་ནས་གལ་ཆེན་པོ་ཡིན་རྒྱུ། དེ་ནས་གྲུབ་མཐའ་གཞན་རྣམས་ཀྱི་དཔེ་ན་རི་བོ་དགེ་ལྡན་པ་གི་བླ་མ་རྣམས་ཀྱིས་བསྟན་པ་ཕྱི་ལ་སྤེལ་བའི་སྐབས་སུ་ག་འདྲ་བྱེད་སའི་འགི། གསང་སྔགས་རྙིང་མ་བའི་བླ་མ་རྣམས་ཀྱིས་བསྟན་པ་སྤེལ་བའི་སྐབས་སུ་ལ་ག་འདྲ་གཅིག་བྱེད་སའི་འགི ད་དེ་ཚོ་ལ་ཡང་དེ་ནས་སྤྱན་མིག་ཡར་ལྟས་ཀྱི་ཐོག་ལ། དེ་ནས་བསྟན་པ་སྤེལ་དགོས་ལེ་ཡིན་དུས། དེ་རྣམས་ལའང་སློབ་སྦྱོང་བྱེད་རྒྱུ་དེ་གལ་ཆེན་པོ་རེད་བསམ་རྒྱུ་དེ་འདྲ་གཅིག་རེད། དེ་ནས་བསྟན་པ་སྤེལ་ཡི་འགྲོ་མཁན་གྱི་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཀྱིས། ད་ལྷག་བསམ་དེ་གལ་ཆེན་པོ་རེད་འདུག་ཡོད་རེད། ལྷག་བསམ་དེ་གལ་ཆེན་པོ་ཡིན་དུས། དེ་ནས་ངས་སངས་རྒྱས་ཀྱི་བསྟན་པ་དེ་ཕྱི་ཕྱོགས་ལ་སྤེལ་ཡི་འགྲོ་བ་བྱེད་པ་དེར། དེ་ནས་རང་དོན་ཡིད་བྱེད་དེ་འགི་དང་མི་འགི དངོས་གནས་དྲང་གནས་ཀྱི་ལྷག་བསམ་རྣམ་དག་གི་བསྟན་པ་དེར་ཡུལ་གཞན་ལ་སྤེལ་བསམ་པའི་བསམ་པ་དེ་འགི་དོ་མི་འགི རང་བློ་ལྐོག་ཏུ་མ་བསྒྱུར་བ་ཡིན་དུས། དེ་ལ་དང་པོ་དག་ཐེར་གཅིག་བྱེད་རྒྱུ་དེ་གལ་ཆེན་པོ་ཡིན་རྒྱུ། དེ་ནས་རང་དོན་ཡིད་བྱེད་ཀྱི་སྟེང་ནས་སྒོར་མོ་འདྲ་ཞིག་གི་དོན་དག་འདྲ་གཅིག་དོ། དེ་ནས་རང་རང་གི་དོན་དག་ལ་མཚན་སྙན་གྲགས་འདྲ་འདྲ་ད་དེ་འདྲ་གཅིག་གི་དོན་དུ་ལ་ཡིན་བཞག་པ་ཡིན་ན། དེ་ནས་ཀུན་སློང་དེ་ཕྱིན་ཅི་ལོག་པ་རེད་ཚར་དུས། དེས་ཕ་རོལ་པོའི་གདུལ་བྱ་དེ་ལ་ཡང་དེ་ཙམ་གྱི་ཕན་མི་ཐོགས་པ་དེ་འདྲ་གཅིག་ཡིན་དུས། དང་པོ་བསྟན་པ་སྤེལ་ཡི་འགྲོ་མཁན་གྱི། དེ་ནས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ལ། ད་ཞུ་ཕོད་རྒྱུ་མ་རེད་དེ་རང་རང་སོ་སོ་གི་བསམ་བློ་དེ་རང་བློ་ལྐོག་ཏུ་མ་གྱུར་བ་ཡིན་དུས། དེ་ནས་དེ་དག་ཐེར་བྱེད། དེ་ནས་དངོས་གནས་དྲང་གནས་ཀྱི་བསྟན་པ་ཁོ་ན་ལ་བསམ་བློ། དེ་ནས་སེམས་ཅན་གཞན་གྱི་དོན་ཁོ་ན་ལ་བསམ་བློ་ཡིན་རྒྱུ་ཅན་ཡིན་ན། དེ་ནས་བསམ་བློ་གཅིག་དངོས་གནས་དྲང་གནས་ཤིག་རེད་འདུག་འགི་ན། ད་ག་ཚད་མི་དགོས་ག་ཚད་གཅིག་ཡིན་ན། དེ་ནས་བསྟན་པ་སྤེལ་མཁན་དེ་མང་དུ་ཡོད་ན། དེ་ནས་དེ་དགེ་མཚན་ཆེ་བ་ཡིན་རྒྱུ། དེ་ནས་བསྟན་པ་སྤེལ་བ་དེས་ཀྱང་མི་གཞན་དེ་ལ་ཕན་ཐོགས་པ་ཞིག་འུང་ངེས་ཅན་ཡིན་རྒྱུ། ད་དེ་ཁོ་རང་རྟེན་འབྲེལ་གྱི་ཆོས་ཉིད་ཡིན་དུས། དེ་ནས་དེ་འདྲ་གཅིག་གི་སྟེང་ལ་ཐུགས་བསམ་སྐོར་ནས། དང་པོ་རང་གིས་རང་ལ། དེ་ནས་་་་་་་བསྟན་པ་སྤེལ་མཁན་རྣམས་ཀྱི་་་་་་ལྷག་བསམ་དེ་གལ་ཆེན་པོ་ཡིན་རྒྱུ་གཅིག དེ་ནས་གལ་སྲིད་གཞན་ལ་ཕན་མི་ཐོགས་པ་ཞིག་ཡིན་ན། དེང་་་ང་ཚོ་སངས་རྒྱས་ཀྱི་བསྟན་པ་ཡིན་ཟེར་ནས་ཁ་གཡར་ནས་གཅིག་གཞན་ལ་གནོད་འཚེ་གཏོང་བཞག་པ་འདྲ་གཅིག་གི་བསྟན་པ་གཅིག་རེད་ཤོར་སོང་ན། དེས་ཕན་མི་ཐོགས་པའི་སྟེང་ལ་གནོད་གཅིག་བསྐྱེལ་འགྲོ་དུས། དེ་དགོས་མེད་འདྲ་གཅིག་ཡིན་དུས། ད་དེ་དེ་ནས་་་་་་་་ལྷག་བསམ་རྣམ་དག་གཅིག་དོ། དེ་ནས་མི་གཞན་དེ་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་པ་ཅན་གཅིག །ད་དེ་གཞི་བཟུང་བྱེད་ནས་བསྟན་པ་སྤེལ་རྒྱུ་དེ་གལ་ཆེན་པོ་རེད་བསམ་རྒྱུ་དེ། དེ་གཅིག་རེད། དེ་ནས་བསྟན་པ་སྤེལ་བའི་སྐབས་སུ་ད་ཆོས་ལུགས་གཞན་རྣམས་ཀྱི་བསྟན་པ་དར་རྒྱས་སུ་འགྲོ་བ་དེ། དཔེ་ན་ཡེ་ཤུལ་ལ་སོགས་པ་གིས་ད་ག་འདྲ་བྱེད་སའི་ཡོད་ལེ་རེད་ཟེར་ན། བསྟན་པ་སྤེལ་བའི་སྐབས་སུ་ལ། སློབ་གྲྭ་བརྒྱབ་རྒྱུ། སྨན་ཁང་བརྒྱབ་རྒྱུ། དེ་ནས་གཞན་ལ་འཚོ་བ་ཆ་རྐྱེན་མེད་ས་རྣམས་ལ། འཚོ་བ་གི་མཐུན་སྦྱོར་བྱེད་རྒྱུ། ད་དེ་ལ་སོགས་པ་གི་ཆ་རྐྱེན་མང་པོ་གཅིག་སྤྲོད་ལེ་དེ་འདྲ་བྱེད་སའི་ཡོད་རེད། ད་དེ་འདྲ་གཅིག་བྱེད་རྒྱུ་དེའོ་ང་རང་ཚོ་ནང་པ་སངས་རྒྱས་པ་ལ་དེ་ག་ནང་བཞིན། བསྡུ་བའི་དངོས་པོ་བཞི་ཟེར་བ་འདྲ་དོ།
ཡང་ན་ཁོ་རང་དེ་ནས་་་རྒྱལ་སྲས་བྱང་ཆུབ་སེམས་དཔའ་གིས་སྤྱོད་པ་རླབས་པོ་ཆེ་དེ་རྣམས། དེ་ནས་སྟོན་པ་བཅོམ་ལྡན་འདས་ཀྱི་སྐྱེས་རབས་ཀྱི་ནང་ལ་བཞུགས་འདུག་པ་ད་དེ་རྣམས་ལ་དཔེ་དེ་ནི། ང་ཚོ་ནང་པ་སངས་རྒྱས་པ་གིས་ཀྱང་དེ་ནང་བཞིན་དུ་བྱེད་ཆོག་ཆོག་འདྲ་འདྲ་གཅིག་ཡིན་འདུག་དུས། དེ་ནས་ཆོས་སྤེལ་སྟངས་ཡང་གཞན་གྱི་ཇི་ལྟར་བྱེད་སའི་ཡོད་ན་དེ་ལྟར་དུ། དེ་ནས་ཕྱི་ཡི་མི་དེ་ཚོ་ཚང་མར། ཁོ་རང་ཚོ་གི་ཁམས་དང་དབང་པོ་ལ་བསྟུན་ནས་བསྟན་པ་སྤེལ་རྒྱུ་དེ་གལ་ཆེན་པོ་ཡིན་རྒྱུ། དེའི་འགྲོ་སྟངས་དེར་སློབ་སྦྱོང་བྱེད་རྒྱུ་དེའང་གལ་ཆེན་པོ་ཡིན་རྒྱུ། དེ་ནས་བསྟན་པ་སྤེལ་ནས་དེ་འདྲ་གཅིག་བྱས་པ་ཡིན་ན། ཁོ་རང་སྤེལ་ཡུལ་དེ་ཐ་དད་པ་གཅིག་ཡིན་དུས། སྤེལ་ཡུལ་ཐ་དད་པ་ལ་སོ་སོ་ལ་བཤད་སྟངས་ཡང་ཁ་ཁ་སོ་སོ་གཅིག་བྱེད་དགོས་པ། དཔེ་ན་སློབ་གྲྭ་བ་ཞིག་ཡིན་ན། དེ་ནས་སློབ་ཆུང་གཅིག་གི་མི་གཅིག་ལ་བསྟན་པ་གཅིག་སྤེལ་དགོས་པ་ཡིན་ན། དང་པོ་སློབ་མ་དེ་ལ་ཁོ་རང་གི་མི་ཚེའི་རིན་ཐང་དེ་ཆུད་ཟོས་མི་འགྲོ་བའི་ཐབས་བྱེད་དགོས་རྒྱུ། མི་གཞི་བཟང་པོ་བྱེད་དགོས་རྒྱུ་ལ་སོགས་པ་ནས་མགོ་བཙུགས་ཏེ། དེ་ནས་ཁོ་རང་སངས་རྒྱས་ཆོས་ལ་ཞུགས་པའི་འདོད་པ་ཡོད་ན། དེ་ནས་རང་ལ་སངས་རྒྱས་ཀྱི་ཆོས་འདིར་ཞུགས་ན། སངས་རྒྱས་རང་གི་སྒྲུབ་ཆོག་རྒྱུ། སངས་རྒྱས་ཀྱི་རྒྱུ་དེ་རང་ལ་ཡོད་པ། ད་དེ་འདྲ་གི་གོ་བ་རླབས་ཆེན་པོ་གི་གོ་བ། དེ་ནས་རིགས་ལམ་གྱི་སྟེང་ལ་གོ་བ་སྤྲོད་ས་ཁོ་རང་རེད་འགི་ན། དེ་ནས་རིགས་ལམ་གྱི་སྟེང་ནས་གོ་བ་སྤྲོད་ནས། དེ་ནས་དཔེ་ན་སློབ་གྲྭ་བ་ཞིག་ཡིན་ན་དེ་འདྲ་གི་སྟེང་ནས། ནང་པ་སངས་རྒྱས་པ་གི་ཆོས་སྒོ་ལ་ཚུར་ཞུགས་ཐུབ་པ་ཅན་གཅིག་དེ་འདྲ་ཞིག་དགོས་རྒྱུ། དར་མ་གཅིག་ཡིན་ན། དེ་ནས་དར་མ་ཁོ་རང་མི་ཕལ་པ་གཅིག་ཡིན་ན། དེ་ནས་ཆོས་བྱས་ན། ད་ཁྱོའི་ལས་ཀ་ཚང་མ་དེ་ཕར་བཞག་ནས་སངས་རྒྱས་ཆོས་སྒྲུབས། དེ་ནས་དགེ་བ་སྒྲུབ་ནས་མི་ཚེ་ལ་ཆོས་སྒྲུབ་མཚམས་འདུག་ཕྱག་ཕུལ་སྐོར་བ་བྱེད་ཁ་འདོན་བྱེད། ད་དེ་འདྲ་བྱེད་དགོས་རེད་ཟེར་ནས་སློབ་གསོ་སྤྲོད་རྒྱུ་མེད་པ། དེ་ནས་ཁོ་རང་མི་ཕལ་བ་གཅིག་ཡིན་ན་ལས་ཀ་བྱེད་ཞོར་ལ། དེ་ནས་ཁོ་རང་ཆོས་སྒྲུབ་ཆོག་པ་དེ་འདྲ་གཅིག་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་གི་ནང་ལ། བསྟན་བཞག་པ་ཇི་མ་ཇི་བཞིན་བྱེད་ནས་ལས་ཀ་སྒྲུབ་ཞོར་ལ་ཆོས་བྱེད། དེ་ནས་གཙོ་བོ་དེ་གཞན་ལ་ཕན་བཏགས་རྒྱུ། འོ་ད་དེ་འདྲ་གི་ལས་ཀ་བསམ་པ་བཟང་པོ་གི་སྟེང་ནས་ཆོས་བྱེད་རྒྱུ། དེ་ནས་སློབ་གསོ་བྱེད་རྒྱུ། དེ་ནས་དཔེ་ན་དར་མ་ཚོང་པ་ལྟ་བུ་གཅིག་ཡིན་ན། འོ་ད་ཁྱོའི་ཚོང་རྒྱབ་རྒྱུ་དེ་ཕར་གཡུག་ནས་དེ་ནས་ཆོས་བྱེད་དགོས་རེད་ཟེར་ནས། དེ་འདྲ་བྱེད་ནས་བྱས་ན་ཡང་ཁོའི་འདོད་བློ་དང་མཐུན་རྒྱུ་མ་རེད། དེ་ཡིན་དུས་དཔལ་འབྱོར་ཡོད་མཁན་གཅིག་ཡིན་ན། དཔལ་འབྱོར་ཡོད་མཁན་ཅིག་ཡིན་ན་འོ་་་དཔལ་འབྱོར་སྒྲུབ་ཞོར་ལ་ཆོས་བྱེད་ཆོག་རེད། དེ་ནས་ཆོས་བྱེད་རྒྱུ་དེ་ག་འདྲ་བྱེད་དགོས་རེད་ཟེར་ན་སངས་རྒྱས་བསྟན་པ་ལ་དམིགས་ནས། དེ་ནས་རྒྱལ་སྲས་བྱང་ཆུབ་སེམས་དཔའི་སྤྱོད་པ་རླབས་ཆེན་པོ་དེ་ཚོ་ལ་བྱེད་ནས་ཆོས་སྒྲུབ་རྒྱུ་ཡོད་ལེ་རེད། སྒྲུབ་སྟངས་དེ་ག་འདྲ་དགོས་ལེ་རེད་ཟེར་ན། དཔེ་ན་ཕྱི་ཡི་ཁོར་ཡུག་གི་སྲུང་སྐྱོབས། ནང་གི་མི་སེར་དཀའ་ངལ་ཅན་ལ་རོགས་པ། དེ་ནས་ཆོས་བྱས་ན། དེ་ནས་ཆོས་བྱེད་ས་གི་དགེ་འདུན་པ་ལ་བསྙེན་བཀུར། དེ་ནས་བཤད་གྲྭ་དང་སྒྲུབ་གྲྭ་ལ་སོགས་པ་ལའང་དེ་ནས་ཆོས་བྱེད་ཆོག་རྒྱུ། འོ་ད་དེ་འདྲ། དེ་ནས་གཙོ་བོ་དེ་བསམ་བློ་ལ་རག་ལས་པ་ཡིན་རྒྱུ། དེ་ནས་འགའ་རེ་གིས་དེ་ནས་དཔལ་འབྱོར་ཡོད་མཁན་དེ་ཚོ་གིས་དཔལ་འབྱོར་ཡོད་མཁན་དེ་ཚོ་གིས་བཤད་གྲྭ་དང་སྒྲུབ་གྲྭ་ལ་གཏོང་དགོས་ལེ་རེད་ཟེར་དུས། དེ་ནས་ཁོ་རང་གི་འདོད་པ་ལ་བྱས་ན་ཡང་། རྟེན་བཞེང་མཆོད་གསུམ་བྱེད། ལྷ་ཁང་ཆེན་པོ་བཞེང་རྒྱུ་འདྲ་འདྲ་དང་། ཡང་་་་ད་ཁོ་རང་སྐུ་འདྲ་ཆེན་པོ་བཞེང་རྒྱུ་འདྲ་འདྲ། ཡང་ན་མཆོད་རྟེན་ཆེན་པོ་བཞེང་རྒྱུ་འདྲ་འདྲ། ད་དེ་གི་འདོད་པ་ཡོད་མཁན་ཡང་ཡོད་རྒྱུ་རེད་དུས། ད་དེ་ཚོ་ཡང་དེང་་་་ཁོ་རང་གི་བསམ་པ་ལྟར་དུ་བྱས་བཞག་པ་ཡིན་ན། བསྟན་པ་དེར་ཡང་། མ་འོངས་པར་དེ་ཚོ་གཅིག་ཐོན་སོང་པ་ཡིན་ན། མ་འོངས་པར་བསྟན་པ་དེའི་རིག་གནས་ཀྱི་རྒྱུ་ཆ་ཆེན་པོ་གཅིག་ཤུལ་དུ་ལྷག་འགྲོ་རྒྱུ་ཡོད་པ་དང་གཅིག དེ་ནས་སྐུ་གསུང་ཐུགས་རྟེན་གཅིག་བཞེངས་བཞག་པ་ཡིན་ན། དེ་ནས་རྨོངས་པ་ཕལ་པ་ཕལ་ཆེར་བ་དེས་དད་པ་བྱེད་ནས་ཕྱག་གཅིག་ཕུལ་བཞག་པ་ཡིན་ནའང་། དེང་་་དེ་ཚོ་ལའང་དགེ་བ་ཆེན་པོ་ཡོད་རྒྱུ་སངས་རྒྱས་ཀྱི་མདོ་གི་ནང་ལ་རྒྱ་ཆེན་པོ་མང་པོ་གཅིག་བསྟན་འདུག་ཡོད་པ་ཡིན་དུས། དེ་ཚོ་ཡང་ཅི་ཙམ་ཞིག་བཞེངས་ན་དེ་ཙམ་གཅིག་དགེ་མཚན་མ་གཏོགས། བཞེངས་ཆེ་འགྲོ་རྒྱུ་གཅིག་གཏན་ནས་མེད་པ་གཅིག་ཡིན་དུས་དེའང་བསྟན་པ་ཕྱོགས་རེ་བ་ལ་བསམ་བློ་མི་བཏང་ནས། ཁོ་རང་ག་འདྲ་གཅིག་གི་འདོད་མོས་ཡོད་ན་དེ་འདྲ་བྱེད་རྒྱུ་དེ་ཡང་གལ་ཆེན་པོ་ཡིན་རྒྱུ། དེ་ནས་རྒྱལ་ཁབ་ཀྱི་གཞུང་ཞབས་པ་གཅིག་ཆོས་སྒོར་ཞུགས་ལེ་ཡིན་ཟེར་ནས་དེང་་་ང་ཚོ་ས་རྩེབ་འོང་རྒྱུ་ཡིན་ན། འོ་་་ད་ཁྱོས་རྒྱབ་ཁབ་ཀྱི་ལས་ཀ་དེ་ཕར་བཞད་ནས་སངས་རྒྱས་ཆོས་སྒྲུབ་ནས་གཅིག་བྱེད་དགོས་རེད་ཟེར་དེ་འདྲ་གཅིག་གི་སློབ་གསོ་མ་ཡིན་པ། དེང་་་་་རྒྱལ་ཁབ་ཀྱི་ལས་ཀ་ལས་ཞོར་དུ་ཆོས་སྒྲུབ་རྒྱུ་དེ་མི་དམངས་ལ་ཕན་བཏགས་དེ་འདྲ་བྱས་ན་ཡང་དེ་ནས་དགེ་བ་ཡིན་རྒྱུ། དེས་མ་ཚད་ད་དེང་དུས་ལྐོག་དངོས་ལེན་རྒྱུ་འདྲ་འདྲ་དང་། དེ་ནས་རྒྱུ་ནོར་ཧམ་ཟས་བྱེད་རྒྱུ་འདྲ་འདྲ་དང་། དེ་འདྲ་གིས་མི་ལ་གནོད་འཚེར་བསྐྱེལ་རྒྱུ་འདྲ་འདྲ་དང་། དེ་ཚོ་བྱས་བཞག་པ་ཡིན་ན་མི་དགེ་བ་ཡིན་པ། དེ་ཚོར་དོགས་གཟབ་བྱེད་དགོས་རྒྱུ། དེའི་དགེ་རྩ་དེ་ཆོས་ཕྱོགས་ལ་བྱེད་དགོས་རྒྱུ་དེ་འདྲ་གཅིག་གིས་སློབ་གསོ་བྱེད་དགོས་རྒྱུ། དེ་ནས་་་་ད་རྒན་ཡོལ་བྱེད་ནས་མི་ཚེ་གི་ལས་ཀ་ཚང་མ་རྫོགས་ཚར་མཁན་འདྲ་གཅིག་ཡིན་ན། དེ་ཚོ་ལའང་ཆོས་བྱེད་སྟངས་དེ། དེ་ཁོ་རང་མི་ཚེ་ཆོས་དང་ཐུག་ལེ་རེད་དུས། དེ་ནས་དངོས་སུ་ལ་ཁོ་རང་ཆོས་ཀྱི་དགེ་བ་སྒྲུབ། ཕྱག་སྐོར་བྱས་ན་གཅིག་ན་ལུས་ལའང་ཕན་ཐོགས་ཡོད་པ་ཡིན། གཉིས་ན་སྐྱེ་བ་ཕྱི་མ་གི་ཆོས་ཡང་དེ་ཡིན་དུས། དེ་ནས་དངོས་གནས་ཁོ་རང་གཞུང་དེ་ཚོར་སློབ་སྦྱོང་བྱེད་བཅུག་ལེ་ད་དེ་འདྲ་གཅིག་གི་ཆོས་བྱེད་བཅུག་བཞག་ན་དེ་ནས་དགེ་མཚན་ཆེན་པོ་ཡོད་པ། དེ་ནས་དཔེ་ན་རྒྱ་ནག་ལྟ་བུ་ཡིན་ན་འདྲ། འཛམ་བུ་གླིང་ཕྱི་ཕྱོགས་ཀི་མི་གཅིག་ཡིན་ན་འདྲ། རྒན་པོ་རེད་ཚར་དུས་ད་ཕར་ཤི་མི་ཐུབ་ནས་་་་དེང་་་་མི་ཚེ་ཟད་མི་ཐུབ་ནས་དཀའ་ངལ་ཆེན་པོ་གཅིག་ཐུག་འདུག་པ། བོད་ནང་ཁུལ་གྱི་མི་རྣམས་འདྲ་གཅིག་ཡིན་ན་དེ་ནས་རྒན་པོ་ཡིན་ནའང་ཆོས་སྒྲུབ་འདུག་འདུག་དུས། སེམས་ཁུམ་སིམ་པོ་དགེ་ཞིང་སྐྱིད་པ་གཅིག ད་དེ་འདྲ་གཅིག་ཡིན་འདུག་པ། དེ་འོ་ཆོས་ཁོ་རང་གི་བཀའ་དྲིན་ཡིན་དུས། དེ་ཚོ་ནང་བཞིན་གྱི་ཆོས་དེ་བྱེད་སྟངས་ཡུལ་སོ་སོར། གདུལ་བྱ་སོ་སོར་ལ་དེ་ནས་གང་ལ་གང་འཚམ་གྱི་དེ་ནས། ཕྱི་ཡི་ཐུན་མོང་གི་དབང་དུ་བྱས་ན་གདུལ་བྱ་དཀྲི་བ་ལ། དེ་ནས་བློ་རྒྱ་ཆེ་སྐྱེད་ཀྱི་ངོ་ལ་དེ་འདྲ་གཅིག་བྱེད་དགོས་བ་ཡིན་པ། དེ་ནས་ཆོས་སྒྲུབ་ཟེར་བ་དེ་འཁོར་བ་སྒྲུབ་ཟེར་བ་འདྲ་འདྲ་གཅིག་ཡང་རེད་ཤོར་མི་འགྲོ་བ། ཆོས་སྒྲུབ་ཟེར་བ་དེའི་མཐའ་ཐུག་གི་དམིགས་ཡུལ་ཅི་རེད་ཟེར་ན། དེ་ནས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་དེ་སྒྲུབ་རྒྱུ་ཡིན་པ་ལ། དེ་ནས་ད་ལྟ་གི་དབང་པོའི་སྤྱོད་ཡུལ་དུ་མ་གྱུར་བ། དེ་ནས་ད་ལྟའི་དབང་པོའི་སྤྱོད་ཡུལ་འདི་ལས་ཕ་རོལ་ཏུ་བརྒལ་སོང་བ་གི་གཏན་གྱི་བདེ་བ། ད་ལྟ་འཁོར་བ་གི་སྐབས་སུ་ལ། དེ་ནས་སྐྱེ་རྒ་ན་འཆི་གི་སྡུག་བསྔལ་འདི་ལས་ཕ་རོལ་ལ་བརྒལ་ནས་དེ་ནས་་་གཏན་གྱི་བདེ་བ། དེ་ནས་སྡུག་བསྔལ་གཅིག་འོ་མྱོང་མི་དགོས་ས་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཉག་གཅིག་ཡིན་དུས། དེ་ནས་མཐའ་ཐུག་གི་དམིགས་ཡུལ་དེ་དེ་ལ་བཞག་ནས། དེ་ནས་མཐའ་ཐུག་གི་དམིགས་ཡུལ་དོ་འཁོར་བ་སྒྲུབ་སྟངས་གཉིས་ནོར་མ་ཤོར་བ་བྱེད་ནས། ཕུག་འདུན་དེར་གཞི་བཞག་གི་སྟེང་ནས་དེ་ནས་ཆོས་སྒྲུབ་སྟངས་དེ་བསླབ་སྟོན་བྱེད། དེ་ནས་ཐུང་ཐུང་ཐུང་ཐུང་གི་སྒོམ་རྒྱུ་དང་། ཐུང་ཐུང་ཐུང་ཐུང་གི་ཁོ་རང་དུས་ཚོད་ལ་བབས་པ་གི །ཆོས་གཞུང་དེ་རྣམས་ཀྱི་གཞུང་དེའོ་སློབ་སྦྱོང་བྱེད་བཅུག འོ་དེ་འདྲ་གཅིག་གི་སྟེང་ལ་དེ་ནས་འཛམ་བུ་གླིང་གི་གདུལ་བྱ་མང་པོ་གཅིག་བཀྲིས་ན། དེ་ནས་བཀྲི་རྒྱུ་ཡོད་ས་ཨེ་འགི་བསམ་རྒྱུ་གི་དེ་ནས་རང་གི་ལྟ་ཚུར་ལ་བྱས་ན་དེ་འདྲ་རེད། དེ་ནས་བསྟན་པ་སྤྱི་ཡོངས་ཀྱི་སྟེང་ནས་བཤད་བཞག་པ་ཡིན་ན་ཡང་། འོ་ད་་་་དཔལ་འབྱོར་ཁུར་འོང་མཁན་གཅིག་དོ་ཅིག་སྦྱིན་བདག་ཆེན་པོ་གཅིག་ཡིན་ན་དེ་ནི་གོང་ལ་བཞག །དེ་ནས་ཚེ་གཅིག་ལུས་གཅིག་པ་བསྟན་པ་ཁོ་ན་ལ་བསམ་བློ་བཏང་ནས་སྒོ་ཌ་སྦྱར་བེ་ཐུར་ནང་ལ་འཛུལ་འདུག་མཁན་གཅིག་ཡིན་ན་དེ་ལ་མཐོང་ཆུང་གཅིག་བྱེད་ནས། ད་དེ་འདྲ་འདྲ་གཅིག་གི་དེ་ནས་ང་ཚོ་གིས་རེད་ཤོར་སོང་བ་ཡིན་ན། དེ་ནས་མི་འགྲིགས་པ་ཞིག་ཡིན་དུས། བསྟན་པ་ལ་ཐང་ཆེ་ཆུང་འདྲ་འདྲ་བརྩི་ཐང་ཆེ་ཆུང་འདྲ་འདྲ་གཅིག་བྱེད་བཞག་དགོས་ན། དེ་ནས་བསྟན་པ་ལ་ཞབས་འདེབས་ཞུ་མཁན་དང་བསྟན་པའི་སྦྱིན་བདག་ལ་དང་དེ་ནས་བསྟན་པ་འཛིན་མཁན་གྱི་འཕགས་པའི་དགེ་འདུན་པ་དེ་ཚོ་ལ་བརྩི་ཐང་ཆེ་བ། དེའི་ནང་ལའང་དེ་ནས་ཐོས་པ་སློབ་གཉེར་བྱེད་འདུག་མཁན་དེ་དག་ལ་བརྩི་ཐང་ཆེ་བ། དེ་ནང་ལ་དེ་ནས་སྤོང་བ་བསམ་གཏན་གྱི་བྱ་བ་བྱེད་ནས་དེ་ནས་སྒོམ་བརྒྱབ། ཚེ་གཅིག་ལུས་གཅིག་གིས་དོན་དུ་གཉེར་འདུག་མཁན་དེ་རྣམས་ལ་ཐང་ཆེ་བ་བྱེད་ནས། དེ་ནས་བརྩི་ཐང་དེ་ཡང་གོ་མ་འཛིན་བ། དེ་ནས་བསྟན་པའི་བདག་པོ་བསྟན་འཛིན་གྱི་སྐྱེས་ཆེན་དམ་པ་རྣམས་ཀྱི་དེ་ནས་རིན་ཐང་དེ་ཡང་དེ་ནས་གོ་ལོག་མ་སོང་བ་ཞིག་གིས་དེ་ནས་བསྟན་པ་དེ་ལ་འཛིན། དེ་འདྲ་གཅིག་གི་སྟེང་ལ་དེ་ནས་བསྟན་པ་དེ་གྲྭ་བཞི་ལམ་མེར་བ་གཅིག ད་ཕྱོགས་རེ་བ་མ་ཡིན་པ། བསྟན་པ་ཡོངས་རྫོགས་ལ་ཕྱོགས་གང་ཐད་གཅིག་ལ་སྤེལ་ཐུབ་པ་ཡིན་ན་དེ་ནས་རྒྱལ་བསྟན་རིན་པོ་ཆེ་དེ། དེ་ནས་་་་སྤྱིར་རྒྱལ་་བསྟན་རིན་པོ་ཆེ་སྒོས་སུ་གྲུབ་མཐའ་ཆོས་རྒྱུད་སོ་སོ་དེ་ནང་ལ་དཔལ་ལྡན་ས་སྐྱ་པ། ད་དེ་འདྲ་གཅིག་གིས་བསྟན་པ་དེ་ཡར་དར་འགྲོ་རྒྱུ་ཅན་གཅིག་ཡིན་མ་གཏོགས། དེ་ནས་ང་རང་ཚང་མ་དེ་ཡར་དར་དགོས། གཞན་དེར་ཇུས་གཏོགས་གཅིག་འོ་མེད་པ་གཅིག་གི་བསམ་བློ་གཅིག་འོ་མ་བཏང་པ་ད་དེ་འདྲ་གཅིག་གི་དར་དགོས་ན་དར་རྒྱུ་མེད་འདུག་པ་ཅན་ཞིག་རེད་འགི་བསམ་ནས་ད་གུས་རང་གི །དེ་ནས་ད་སྐྱེ་བོ་མགོ་ནག་པ་གི་སྐད་ཆ་ངོ་མ་རེད། དེ་ནས་དེ་འདྲ་གཅིག་མ་གཏོགས་དེ་ནས་ཞུ་རྒྱུ་མི་འགི །སྐུ་ཚེ་ཞབས་པད་བརྟན། དེ་ནས་མ་འོངས་པ་ལ་རྒྱལ་བསྟན་རིན་པོ་ཆེ་དར་ཞིང་རྒྱས་བསྟན་འཛིན་གྱི་སྐྱེས་བུ་དམ་པ་རྣམས་ཞབས་པད་ཡུན་རིང་དུ་བརྟན་པའི་སྨོན་འདུན་ཞུ་བ་ཡིན་ལགས།
རྒན་བློ་གྲོས་ཀྱི་གསུང་འདི་གུས་ཚངས་དབྱངས་ནས་ཕབ་པར་ནོར་བ་འདུག་ན་དགོངས་དག་ཞུ། (ཕབ་མཁན་གྱི་བསྐུར་བར་འདི་ནས་བཅོས་སྒྲིག་མ་བྱས།)
བསམ་ཚུལ་འབྲི།
