སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་འགན་ལྷན་ཐེངས་ ༤ པའི་ཚོགས་བརྡ།
འགན་ལྷན་ཚོགས་བརྡ་།
༄༅། །མཚུངས་མེད་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ་རྣམ་པར་ཆེད་དོན།
དེའང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ངོས་ནས་ལོ་ལྟར་༸གོང་ས་༸སྐྱབས་མགོན་པོ་ཆེན་པོ་མཆོག་གིས་གཙོས་རིས་མེད་བསྟན་འཛིན་རྣམ་པའི་སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་ཐབས་དང་། བོད་སྤྱི་དང་ཡང་སྒོས་རང་རེ་སྡེ་དགེ་བའི་ཆོས་དང་རིག་གཞུང་རྣམས་རྒྱུན་འཛིན་དར་སྤེལ་བྱེད་ཕྱོགས། རང་ཁོངས་རྒན་རབས་དང་ནད་པ་ཉམས་ཐག་སོགས་ལ་རོགས་རམ་འབྱོར་ཐབས། ལོ་ཆུང་ན་གཞོན་ཚོར་མནའ་དེང་གི་ཤེས་ཡོན་ལ་ཡར་སྐུལ་བྱེད་ཐབས། ཡང་སྒོས་དབུས་སའི་ལོ་རེའི་རྩིས་ཁྲ་དང་ལས་བསྡོམས་ཁག་ལ་ཞིབ་འཇུག་དོ་ནན་དང་བཅས་སྒྲིག་འཛུགས་འདི་ཉིད་ཡར་རྒྱས་ཚགས་ཚུད་ཇི་ལྟར་གཏོང་ཕྱོགས་སོགས་ཀྱི་ཆེད་ཚོགས་ཆེན་ཐེངས་དང་པོའི་གྲོས་ཆོད་ལྟར།
འགན་འཛིན་ལྷན་ཚོགས་ཐེངས་ ༤ པ་དེ་འདི་ལོ་ཁེལ་བཞིན་ཡོད་སྟབས། ༢༠༡༨ ཕྱི་ཟླ་ ༠༥ ཚེས་ ༡༩ ནས་ ༢༠ བར་ཉིན་གཉིས་རིང་རྒྱལ་ས་ལྡི་ལི་རུ་འཚོག་གཏན་ཁེལ་བར་ལགས་ཤིང་། སྐབས་དེར་ས་གནས་སོ་སོའི་ལོ་རེའི་རྩིས་ཁྲ་དང་ལས་བསྡོམས་ཁག་ཡིག་ངག་གཉིས་ཐོག་ནས་འབྱོར་དགོས་པ་ལྟར་དེ་ལུགས་གྲ་སྒྲིག་སྔོན་སོང་ཐོག་ཚོགས་བཅར་དགོས་རྒྱུ་དང་། གལ་སྲིད་ཡུལ་དུས་ཛ་དྲག་གིས་རྐྱེན་པས་ཚོགས་བཅར་མ་ཐུབ་ཚེ་ཡིག་ཐོག་ནས་དགོངས་ཤོག་ཕུལ་འབྱོར་དགོས་རྒྱུའི་མ་ཚད་ལོ་རེའི་ལས་བསྡོམས་དང་རྩིས་ཁྲ་ཁག་ཡིག་ཐོག་ནས་ངེས་འབྱོར་དགོས་རྒྱུ་བཅས་ཀྱི་ཚོགས་བརྡ་རུ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༨་༠༤་༡༡ ཉིན།
ངོ་བཤུས།
ས་གནས་རྒྱུན་ལས་དང་འབྲེལ་མཐུད་པ་ཡོངས།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།