གསོལ་མགྲོན་ཁང་གསར་པའི་ཡང་སྟེང་ན་ཚོགས་འདུ་ཐེངས་དང་པོ་ཚོགས་པ།
དེའང་ཁ་སང་ཕྱི་ཚེས་ ༡༧ ནས་ ༡༨ བར་ཉིན་གཉིས་རིང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༢ པའི་ཚོགས་ཐེངས་དང་པོ་དེ་བཞིན་རྒྱལ་ས་ལྡི་ལི་རུ་བསྐོང་ཚོགས་ཞུས་ཡོད་པ་དང་། ཚོགས་འདུ་དེར་དབུས་རྒྱུན་དྲུག་ཐམ་པ་ཚོགས་བཅར་གནང་ཐུབ་ཡོད་འདུག ཚོགས་ཐེངས་འདི་ཉིད་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱིས་གསར་རྒྱག་བྱེད་བཞིན་པའི་གསོལ་མགྲོན་ཁང་གསར་པའི་སྟེང་ཐོག་གི་ཚོགས་པའི་ལས་ཁང་ནང་དུ་བསྐོང་ཚོགས་ཞུས་ཡོད་པ་དང་། ཉིན་དང་པོའི་སྔ་དྲོའི་ཕྱག་ཚོད་དགུ་པའི་སྟེང་ཚོགས་འདུ་དབུ་འཛུགས་ཐོག ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་མཆོག་གིས་ཚོགས་འདུ་དབུ་འཛུགས་ཀྱི་གསུང་བཤད་གནང་གྲུབ་རྗེས། རྩིས་པ་ཚེ་དབང་བསོད་ནམས་ལགས་ཀྱིས་ལས་བསྡོམས་དང་རྩིས་ཁྲ་ཁག་སྙན་སྒྲོན་ཞུས་པ་དང་། དེར་རྒྱུན་ལས་རྣམ་པས་བགྲོ་གླེང་གནང་ཡོད་པ་རེད། ཚོགས་ཐོག་འདི་ནས་སྡེ་དགེའི་གསོལ་མགྲོན་ཁང་གསར་པ་གང་མགྱོགས་ལེགས་གྲུབ་ཡོང་ཉེར་ལྟར་དེ་ཉིད་ཇི་ལྟར་འཛིན་སྐྱོང་གནང་ཕྱོགས་དང་། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༧ ལོའི་སློབ་ཡོན་དག་ཇི་ལྟར་འབུལ་ལམ་ཞུ་ཕྱོགས། དེ་བཞིན་ཁྲོ་ལ་བོད་ཀྱི་ལག་ཤེས་ཚོང་ཁང་ཡར་རྒྱས་ཚགས་ཚུད་གཏོང་ཕྱོགས་དང་། ཡན་ལག་མྱུར་སྐྱོབ་ཁང་བརྒྱུད་ནས་ད་བར་ནད་པ་ཉམས་ཐག་དང་། ཛ་དྲག་དཀའ་ངལ་འཕྲད་རིགས་སོགས་སྤྱི་ཚོགས་བདེ་དོན་གྱི་ལས་དོན་འགྲོ་བཞིན་པ་རྣམས་མུ་མཐུད་དེ་ཇི་ལྟར་ཚར་འགྲོ་གནད་སྨིན་ཞུ་ཕྱོགས་སོགས་ཀྱི་སྐོར་ནས་བཀའ་བསྡུར་གྱིས་གྲོས་ཆོད་ཁག་ ༧ སྤྱི་མོས་སུ་བཞག་སྟེ་ཚོགས་འདུ་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
3 Responses
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
Congratulation on the successful of work to complete Dhege hotel
པད་མ་རྡོ་རྗེ་ལགས། བཀའ་དྲིན་ཆེ།
ང་ལ་རེ་བ་ཞིག་ཡོད་མདོ་ཁམས་ཆུ་བཞི་སྒང་དྲུག་གྱིས་རླུང་འཕྲིན་ཁང་འམ་གསར་འགྱུར་གཏོང་ས་ཞིག་གཙུགས་མཐུབ་ན་ཡག་པོ་འདུག་ཨ་རིའི་རླུང་འཕྲིན་ཁང་དང་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་དྲང་བདེན་གྱིས་གསར་འགྱུར་གཏོང་གི་མི་འདུག་ལ་ཁམས་པའི་མི་ལ་དྲང་བདེན་བྱེད་གི་མེད། བཅར་འདྲི་དང་གསར་འགྱུར་ཁམས་ཕྱོགས་གྱི་མི་རྣམས་ལ་གསར་འགྱུར་ཡག་པོ་ཞིག་གཏོང་རོགས་བྱེད་གི་མེད། ཁམས་པའི་མི་ལ་གུས་ཞབས་བྱེད་གི་མི་འདུག།
རླུང་འཕྲིན་ཁང་ཞིག་གཙུགས་ཡང་ངོས་པར་དུ་བོད་ཆོལ་ཁ་གསུམ་གྱིས་སྐད་མཐོག་གསར་འགྱུར་དང་བོད་མི་རིགས་ལ་རྒྱལ་ཅན་བོད་མིའི་ཁང་རྣམ་ལ་བཅར་འདྲི་དང་ཕྱོགས་རིས་མེད་པའི་ཡང་དག་པའི་གསར་འགྱུར་ཁང་ཞིག་གཙུགས་ན་ཡག་པོ་འདུག། ངོས་པར་དུས་བོད་ཆོལ་ཁ་གསུམ་གྱི་སྐད་མཐོག་གསར་འགྱུར་གཟའ་འཁོར་རེ་ཡོད་ན་དགའ་བ་ལ། དགོངས་དག་བོད་ཡིག་ཡོང་དག་ཞིག་བྲིས་ཐུབ་མ་སོང་དགོངས་དག་བོད་ཡིག་ཡོང་དག་ཞིག་བྲིས་ཐུབ་མ་སོང།