སྡེ་དགེ་ཟླ་དབྱངས།
དེང་བོད་ཕྱི་ནང་གཉིས་ན་མིང་དུ་གྲགས་པའི་གཞས་མ་སྡེ་དགེ་ཟླ་དབྱངས། མདོ་ཁམས་སྡེ་དགེ་རྒྱལ་པོའི་མངའ་འབངས། ཨ་ཁྲི་གཡང་སྡེ་ཕྱུག་མོ་ནས་འཚར་ལོངས་བྱུང་བའི་གླུ་མ་ཟླ་གཡང་ལགས་ནི། ཆུང་དུས་ནས་རང་མི་རིགས་ཀྱི་གླུ་གཞས་སྒྱུ་རྩལ་ལ་དགའ་ཞེན་ཡོད་པ་ཙམ་མ་ཟད། བོད་མདོ་དབུས་ཁམས་གཙོས་འཛམ་གླིང་གི་ཡུལ་གྲུ་ཁག་ཏུ། ཁོ་མོའི་མཛེས་པའི་གཟུགས་དང་སྙན་པའི་དབྱངས་ཀྱི་ལྟད་མོ་རབ་དང་རིམ་པར་སྤེལ་ཞིང་། རྒྱ་ཆེ་བའི་མང་ཚོགས་ཀྱི་སེམས་ཁོང་དུ། ཁོ་མོའི་གླུ་གཞས་ནི་འཚོ་བའི་གཏིང་རུམ་དུ་ཟུག་པའི་གསོས་སྨན་ཉག་གཅིག་ཏུ་གྱུར་ཡོད། ད་ཐེངས་ཡང་། ཐེངས་དང་པོའི་ཆེད་སྒྲིག་བརྙན་སྡེར་༼ སེམས་ཀྱི་གཞས་ཆུང་། ༽ཞེས་པ་འདི་ཡང་། མ་འོངས་སེམས་ཀྱི་རེ་བ་གཅིག་པའི་རྒྱལ་ཁབ་ཕྱི་ནང་གི་རིགས་གཅིག་སྤུན་ཟླ་ཡོངས་ལ་གཞིས་བྱེས་ལྷན་དུ་འཛོམས་པའི་རྟེན་འབྲེལ་གྱི་ལེགས་སྐྱེས་སུ་འབུལ་བ་ལགས་ན། ཁྱེད་ཚོའི་ཁྲ་ཆུང་མིག་གི་དགའ་སྟོན་དང་། རྣ་བའི་བདུད་རྩི་རུ་འགྱུར་བར་སྨོན།
༼ སེམས་ཀྱི་གཞས་ཆུང་། ༽
ཁམས་སྡེ་དགེ
ཕྱི་ལ་ལྟད་མོར་འགྲོ།
མཛའ་གཞས།
གང་དུ་ཡོད།
ནམ་ཡང་ཁྱེད་དྲན།
ཉམ་ཆུང་ཚེ་སྲོག
དྲིན་ལྡན་ཕ་མ།
བདུད་རྩི་རྟགས་ཅན་གྱི་མཆོད་ཆང་།
དྲན་གླུ།
སེམས་ནང་གི་བུ་ཆུང་།
བཅས་ཡོད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།