རྫོཊ་ཆེན་དགོན་པས་ཁྱི་ལྡོམ་གསོ་བཞིན་འདུག
རྫོཊ་ཆེན་དགོན་པས་ཁྱི་ལྡོམ་གསོ་བཞིན་འདུག
སྡེ་དགེ་རྫོགས་ཆེན་དགོན་པས་སྐྱེ་དགུ་དང་རྫ་ཆུ་ཁའི་ཕྱོགས་ཀྱི་ཁྱི་ལྡོམ་རྣམས་ལྷན་དུ་བསྡུས་ཏེ་བདག་སྐྱོང་དང་སྨན་བཅོས་བྱེད་བཞིན་ཡོད་འདུག
ཉེ་སྔོན་སྤྱི་ཚོགས་གནས་འཕྲིན་ཁག་ཏུ་སྡེ་དགེ་རྫོགས་ཆེན་དུ་རྒྱ་མི་ཁག་ཅིག་གིས་ཁྱི་ལྡོམ་མང་པོ་གསོག་ཉར་བྱས་ཡོད་པ་དང་། ཁྱི་དེ་ཚོ་གསོད་རྒྱུ་ཡིན་པས་མ་ཎི་འུར་འདོན་བྱེད་དགོས་པའི་འབོད་སྐུལ་དང་བཅས་ཁྱི་མང་པོ་གསོག་ཉར་བྱས་ཡོད་པའི་པར་དང་ཡི་གེ་བཀྲམ་ཡོད་ཀྱང་། དེ་རིང་འབྲེལ་ཡོད་བོད་མི་ཞིག་གིས་གནས་ཚུལ་དེའི་སྐོར་འགྲེལ་བརྗོད་གནང་བ་ལྟར་ན། དེང་སང་སྐྱེ་དགུ་དང་སྡེ་དགེ་རྫ་ཆུ་ཁའི་ཕྱོགས་སུ་ཁྱི་ལྡོམ་ཧ་ཅང་མང་པོ་ཡོད་པ་དང་། ཁྱི་ལྡོམ་དེ་ཚོས་མི་ལ་སོ་རྒྱག་པ་དང་ཁྱི་ནད་འགོས་ཁྱབ་ཏུ་ཕྱིན་པ་སོགས་ཀྱི་དཀའ་ངལ་འཕྲད་བཞིན་ཡོད་སྟབས། སྡེ་དགེ་རྫོགས་ཆེན་དགོན་པས་ཁྱིམ་ལྡོམ་རྣམས་ལྷན་དུ་བསྡུས་ཏེ་སྨན་བཅོས་དང་བདག་སྐྱོང་བྱེད་བཞིན་ཡོད་པའི་ཡུལ་དངོས་ཀྱི་འདྲ་པར་ཡིན་འདུག
དེའི་སྐོར་འབྲེལ་ཡོད་བོད་མི་དེས་བརྗོད་དོན། ལོ་འགའི་སྔོན་ལ་འབྲོག་ཁྱི་ཚོར་རིན་གོང་ཆེན་པོ་ཁུག་པ་སོགས་ལ་བརྟེན་ཁྱི་ཕྲུག་མང་པོ་གསོས་ཡོད་ཀྱང་། ཕྱིས་སུ་རིན་གོང་ཆག་སྟེ་དེང་སང་ས་གནས་དེ་དག་ཏུ་ཁྱི་ལྡོམ་མང་པོ་ལྷག་ཡོད་པ་དང་། ཁྱིམ་ལྡོམ་མང་པོས་མི་ལ་སོ་རྒྱག་པ་དང་གསོད་པ། དེ་བཞིན་ཐུམ་བུ་ཞེས་པའི་ཁྱི་ནད་ཅིག་འགོས་ཁྱབ་ཏུ་འགྲོ་བཞིན་པ་སོགས་ལ་བརྟེན། རྒྱ་གཞུང་གིས་ཁྱི་དེ་དག་གསོད་དགོས་པའི་བཀའ་ཁྱབ་བཏང་ཡོད་ཚོད་འདུག་ཀྱང་། དེའི་སྐོར་གྱི་བརྡ་ཁྱབ་ཡིག་ཆ་འདྲ་ཅི་རག་གི་མི་འདུག རྫོགས་ཆེན་དགོན་པས་ཁྱི་དེ་དག་གསོད་མ་དགོས་པ་དང་ནད་ཀྱང་འགོས་ཁྱབ་མི་འགྲོ་ཆེད་ཚང་མ་ལྷན་དུ་བསྡུས་ནས་གསོ་སྐྱོང་དང་སྨན་བཅོས་བྱེད་བཞིན་འདུག ཅེས་བརྗོད་བྱུང་།
དེང་སང་རྒྱ་ནག་ནང་ཁྱི་ཤ་ཟ་མཁན་དང་ཁྱི་ལྤགས་ཉོ་མཁན་མང་དུ་འགྲོ་བཞིན་ཡོད་པ་དང་བསྟུན། ཁྱི་ལྡོམ་མང་པོ་བཙན་བཟུང་བྱས་ཏེ་བཤས་རར་འཚོང་བཞིན་ཡོད་པ་མ་ཟད། སྒོ་ཁྱི་མང་པོའང་རྐུན་མས་བརྐུས་ཏེ་བཤས་རར་འཚོང་གིན་ཡོད་པ་དང་། བོད་ཁུལ་གྱི་འབྲོག་ཁྱིའི་གཙོས་རང་དབང་གིས་འཚོ་བའི་ཁྱི་ལྡོམ་མང་པོའང་བཤས་རར་བཙོང་སྟེ། བཀྲེས་ལྟོགས་སྐོམ་གསུམ་དང་དོན་མེད་གཅར་རྡུང་ཚད་མེད་མྱོང་བཞིན་པ་མ་ཟད། དམར་གསོད་ཡ་ང་བ་བྱེད་བཞིན་ཡོད་པའི་བརྙན་ཐུང་དང་པར་རིས་མང་པོ་མཐོང་རྒྱུ་ཡོད་པ་རེད།
གསར་འགོད་པ། པདྨ་མཚོ།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།