English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བོད་ཀྱི་ལྷ་རྗེ་སྐུ་བགྲེས་རྣམས་ལ་བཀའ་འདྲི་འགའ་ཞིག

འདོན་སྤེལ། 2015/11/27 9:58 AM རྩོམ་པ་པོ།

བོད་ཀྱི་ལྷ་རྗེ་སྐུ་བགྲེས་རྣམས་ལ་བཀའ་འདྲི་འགའ་ཞིག

རྩོམ་པ་པོ། མཁས་དབང་ཐུབ་བསྟན་ཕུན་ཚོགས།

རྒན་གཞོན་ཀུན་ལ་ཕན་པའི་གཏམ། །
མཁས་བླུན་སུས་ཀྱང་གོ་སླ་བ། །
གསོ་རིག་སྐོར་གྱི་བཀའ་འདྲི་འགའ། །
བོད་འབངས་སྤྱི་ཡི་ཆེད་དུ་དྲིས། །

དྲི་བ་དང་པོ།༽
ནད་བཅོས་པར་བྱེད་པ་ལ་ཐོག་མར་ནད་བྱེ་བྲག་པ་གང་དེ་ངོས་ཟིན་པ་གལ་ཆེ། ནད་བྱེ་བྲག་པ་ངོས་ཟིན་པ་ལ་ནད་དེའི་མིང་དང་། ན་བའི་གནས། དེའི་རྒྱུ་རྐྱེན། བཅོས་ཐབས་གང་དགོས་རྣམས་གསལ་ལ་མ་འདྲེས་པར་ཤེས་དགོས་པ་ནི་སྨོས་མ་དགོས་པ་རེད། དེས་ན་《གསོ་རིག་རྒྱུད་བཞི་》ལས། གསོ་ཡུལ་ནད་ལ་བཞི་བརྒྱ་རྩ་བཞི་སྟེ། །རྒྱས་པ་ཕྱེ་ན་སྟོང་དང་ཉིས་བརྒྱ་ཡོད། །མདོ་རུ་བསྡུས་པ་བཅོས་དགོས་བརྒྱ་རྩ་གཅིག ཅེས་གསུངས་འདུག དེ་ལྟར་སྟོང་དང་ཉིས་བརྒྱ་པོའི་མིང་གནས་སྐབས་མ་སྨོས་ནའང་། མདོ་རུ་བསྡུས་པ་བརྒྱ་རྩ་གཅིག་པོ་དེ་དག་གི་མིང་དང་། གནས་དང་། ནད་རྟགས། རྒྱུ་རྐྱེན་སོགས་ཞིབ་པར་གསུང་ནས་དྲྭ་ཐོག་ཏུ་སྤེལ་རོགས།
དྲི་བ་གཉིས་པ།༽
ཕྱི་རྒྱལ་སྨན་པས་ནད་བརྟག་དཔྱད་སྐབས་སུ་ནད་གང་ཡིན་པ་དང་པོར་ནད་གནས་པའི་ཡུལ་བཙལ་ཞིང་། དེ་ནས་ནད་ཀྱི་རྒྱུ་རྐྱེན་དང་། མཚན་ཉིད་སོགས་ལ་བརྟག་དཔྱད་བྱེད་ཅིང་ནད་རིགས་མི་འདྲ་བ་མང་པོ་ཞིག་དང་། འགའ་ཞིག་སྔར་མཐོང་ཐོས་མ་མྱོང་པའི་ནད་རིགས་སོགས་ངོས་འཛིན་དང་གཏན་འབེབས་བྱེད་ཅིང་འདུག
ང་ཚོ་བོད་ཀྱི་ལྷ་རྗེ་རྣམས་ཀྱིས་ནད་གཞི་བརྟག་འབྲས་ཕལ་ཆེར་རླུང་། མཁྲིས་པ། བད་ཀན། དེ་ལས་མང་ན་སྨུག་པོ་བཅས་རིགས་བཞི་དང་ལྔ་ལས་མི་བརྒལ་བ་ཙམ་ལས་གསུང་སྲོལ་མི་འདུག དེས་ན་སྔར་《གསོ་རིག་རྒྱུད་བཞིའི》་ནང་དུ་གསུངས་པའི་རྒྱས་པ་ཕྱེ་ན་སྟོང་དང་ཉིས་བརྒྱ་ཡོད། གསུངས་པའི་ནད་དེ་དག་དེང་དུས་མེད་ཟིན་ནམ། ཡང་ན་དེང་རབས་ཀྱི་མི་ལ་རླུང་མཁྲིས་བད་ཀན་སྨུག་པོ་དང་བཞི་ལས་ན་རྒྱུ་མེད་པ་རེད་གསལ་པོར་གསུང་རོགས།
དྲི་བ་གསུམ་པ།༽
ནད་རིགས་ཐམས་ཅད་ངོ་བོ་རླུང་མཁྲིས་བད་ཀན་གསུམ་ལས་མ་འདས་པ་ཡིན་པས་ན། ནད་ངོས་འཛིན་སྐབས་སུ་ཡང་དེ་ལྟར་ཟེར་ཆོག་ཅེ་ན། འོ་ན། དེང་རབས་གསོ་རིག་ལུགས་ལ་ནད་རིགས་ཐམས་ཅད་མདོར་བསྡུས་ན་ངོ་བོ་急性病、慢性病 གཉིས་སུ་མ་འདུས་པ་མེད་པས། ཕྱི་ལུགས་པས་ནད་བྱེ་བྲག་པ་གང་ཡིན་དེ་བཙལ་བའི་ཆེད་དུ་རྫས་སྦྱོར་དང་། འཕྲུལ་འཁོར་སོགས་བེད་སྤྱོད་ནས་འབད་བརྩོན་ཆེན་པོས། ནད་དེ་གནས་ཡུལ་ཕྱི་ནང་དང་། དམིགས་བསལ་གྱི་གནས་དང་། རྒྱུ་རྐྱེན་སོགས་བརྟག་དཔྱད་གནང་བ་དེ་དག་དགོས་མེད་ཡིན་ནམ། དགོས་པ་ཡོད་ན། བོད་ཀྱི་སྨན་པ་རྣམས་ཀྱིས་ཀྱང་ནད་གང་དང་། གནས་ཡུལ་གང་། རྒྱུ་རྐྱེན་ཅི། བཅོས་ཐབས་གང་གསལ་པོར་གསུང་རོགས།
དྲི་བ་བཞི་པ།༽
དེང་དུས་མིའི་ཚེ་སྲོག་མྱུར་དུ་འཕྲོག་བྱེད་ཀྱི་ནད་རིགས་གཙོ་བོ་ཞིག་ནི་ཀླད་ཁྲག་འདྲེས་པ་དང་།(脑溢血)ཀླད་ཁྲག་འགག་པ། ( 脑梗塞)སྙིང་རྩ་འགག་པ། (心肌梗塞)བཅས་ཀྱི་ནད་རིགས་འདི་རེད། འདི་ལ་གནའ་བོའི་བོད་སྨན་ལུགས་ལ་གྲིབ་དང་། གཟའ་གྲིབ་ཟེར་བ་དེ་རེད། ནད་རིགས་འདི་དག་མི་ན་བ་སྔོན་འགོག་བྱ་བའི་ཐབས་ཤེས་བོད་ཀྱི་གསོ་བ་རིག་པའི་ནང་དུ་ཡོད་དམ་མེད། ཡོད་ན་བོད་ཀྱི་ལྷ་རྗེ་རྣམས་ཀྱིས་ནད་འདི་མི་ན་བའི་ཆེད་དམ་སྔོན་འགོག་གི་ཆེད་དུ་ཟས་དང་། སྤྱོད་ལམ། སྨན་སོགས་གང་ཞིག་རྒྱུན་བསྟེན་བྱ་འོས་《གསོ་རིག་རྒྱུད་བཞིའི་》དགོངས་དོན་ལ་བརྟེན་ནས་མི་སེར་དཀྱུས་མ་རྣམས་ཀྱིས་གོ་སླ་བའི་གདམས་ངག ནད་འདི་རིགས་མི་ན་བ་ཚེ་རིང་བའི་ཐབས་ཤེས་གང་ཡོད་ཞིབ་པོར་ཁ་གསལ་གསུང་ནས་དྲྭ་ཐོག་ཏུ་སྤེལ་རོགས།
དྲི་བ་ལྔ་པ།༽
དེང་དུས་རྒྱུན་མཐོང་གི་ནད་རིགས་འདི་དག་ལས་ནད་རིགས་གང་ཞིག་ལ་བོད་སྨན་གྱིས་ཕན་བསྐྱེད་ཆེ་བ་ཡོད་པ་དང་། ནད་རིགས་གང་ཞིག་ལ་བོད་སྨན་གྱིས་ཕན་ཐོག་ཆེར་མེད་པ་ཕྱི་ལུགས་སྨན་བསྟེན་འོས་པ་བཅས་ཞལ་གདམས་གསལ་པོ་རེ་འགྲོ་བ་ནད་པ་རྣམས་ཀྱི་དོན་དུ་གསུང་ནས་དྲྭ་ཐོག་ཏུ་སྤེལ་རོགས།
དྲི་བ་དྲུག་པ།༽
གནའ་བོའི་མཁས་པ་རྣམས་ཀྱིས་དུས་རབས་སོ་སོའི་ནང་དུ་དུས་སྐབས་དང་། ཁོར་ཡུག་གི་དགོས་མཁོ་དང་བསྟུན་ནས་སྨན་སྦྱོར་གསར་པ་རྒྱུན་མ་ཆད་པ་བྱས་ཡོད་འདུག དེང་དུས་ཀྱང་དེ་བཞིན་དུས་ནད་རྣམས་ཀྱི་གཉེན་པོ་སྨན་སྦྱོར་གསར་པ་ཇི་ལྟར་བཟོ་སྐྲུན་བྱ་དགོས་པ་དང་། སྨན་གསར་སྦྱོར་བྱ་ཚུལ་གྱི་གཞུང་ལུགས་གང་དང་། གདམས་ངག རིག་པ་རྣམས་རྒྱུད་དུ་ཇི་ལྟར་བསྟན་ཡོད་པའི་སྐོར་གོ་བདེ་ཞིང་། ཁ་གསལ་པོ་ཞིག་འབྲི་ནས་རྒྱུན་འཛིན་གཞོན་ནུ་རྣམས་ཀྱི་ཆེད་དུ་དྲྭ་ཐོག་ཏུ་སྤེལ་རོགས།
དྲི་བ་བདུན་པ། ༽
དེང་དུས་བོད་ལ་མཆིན་པའི་ངན་སྐྲན་(癌症) དང་། ཕོ་བའི་ངན་སྐྲན་གྱིས་འཆི་རྐྱེན་བྱས་པའི་མི་གྲངས་ཧ་ཅང་མང་། ནད་རིགས་འདི་དག་སྔོན་འགོགས་སམ་མི་འབྱུང་བའི་ཐབས་ལ་རྒྱུན་སྤྱོད་ཀྱི་ཟས་སྤྱོད་སྤང་བླང་གང་དགོས། 《རྒྱུད་བཞིའི་》ནང་དུ་གསུངས་ཡོད་དམ། ཡོད་ན་རང་རེའི་སྤུན་ཟླ་མི་རིགས་རྣམས་གཙོ་བྱས་པའི་མི་ཐམས་ཅད་མི་ན་བ་རིང་དུ་འཚོ་བའི་ཐབས་སུ་ཞལ་གདམས་ཁ་གསལ་གསུང་ནས་དྲྭ་ཐོག་ཏུ་གཏང་རོགས།
དྲི་བརྒྱད་པ།༽
ན་བ་གསོ་བའི་ཐབས་ལས། མི་ན་བ་ཡུན་རིང་དུ་གནས་པའི་ཐབས་དེ་མི་མང་ལ་ཕན་ཐོག་ཆེ་བ་ཞིག་རེད་འདུག ཟས་སྤྱོད་གཟབ་ནས་མི་ན་བ་རིང་དུ་གནས་ཐུབ་པར་བྱུང་ན། ལུས་ལ་ནད་ཀྱི་སྡུག་བསྔལ་མེད་པ་དང་། ནོར་ལ་དཀའ་ངལ་མི་འཕྲད་པའི་གཞན་ཕན་གྱི་ལས་ཆེ་ཤོས་ཤིག་མཐོང་། 《གསོ་རིག་རྒྱུད་བཞི་》ལས་ཀྱང་། ཐོག་མར་ཉིད་དུ་མི་ན་བ་རིང་དུ་གནས་པར་བྱ་བའི་ཐབས་ཤེས་གསུངས་འདུག མིག་སྔའི་བོད་ཀྱི་ཁོར་ཡུག་དང་བསྟུན་པའི་མི་ན་བ་རིང་དུ་གནས་པར་བྱེད་པའི་ཐབས་གང་ཡོད་དམ། ཡོད་ན་ཡུལ་དུས་དང་བསྟུན་ཏེ་ཚེ་རིང་བར་བྱེད་པའི་ཐབས་ལ་ཟས་དང་། སྐོམ་དང་། སྤྱོད་ལམ་གང་འདྲ་བྱ་དགོས། གང་ཟག་སོ་སོའི་གཟུགས་ཁམས་དང་བསྟུན་པའི་ཟས་སྤྱོད་སྤང་བླང་ཇི་ལྟར་བྱ་འོས་བཀའ་སློབ་ཁ་གསལ་དྲྭ་ཐོག་ཏུ་སྤེལ་རོགས།
དྲི་བ་དགུ་པ།༽
སྨན་པ་ཞེས་པ་ཕན་བྱེད་ཀྱི་དོན་ཡིན་གསུངས། དེང་དུས་སྨན་པ་རྣམས་ནི་སྨན་བཙོང་མཁན་གྱི་ཚོང་པ་དང་དོན་གཅིག་སྟེ། སྨན་མང་པོ་བཟོ། ནད་པ་སྒུག་ནས་བསྡད་མཁན་ཤ་སྟག་རེད། དེས་ན་མ་འོངས་པར་བོད་ཀྱི་སྨན་པ་རྣམས་ཀྱིས་ནད་པ་མེད་པའམ་ནད་པ་ཉུང་དུ་འགྲོ་བའི་ཐབས་སུ་འཆར་ཅན་དུ་ནད་རིགས་སྔོན་འགོགས་དང་། འཕྲོད་བསྟེན་གཙང་སྦྲའི་སྐོར་གྱི་བཀའ་སློབ་མང་ཙམ་གནང་ནས། རང་རང་གི་ཡུལ་སྡེའི་མི་མང་གི་ལུས་ཁམས་བདེ་ཐང་སྲུང་སྐྱོབ་བྱེད་ཐབས་ལ་རོགས་སྐྱོར་གནང་ན་སྨན་པ་ཞེས་པ་མིང་དོན་མཚུངས་པ་ཞིག་འགྱུར་ངེས།
དྲི་བ་བཅུ་པ།༽
བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་འདི་ཧ་ཅང་རིན་ཐང་ཆེ་བ་ཞིག་དང་། རིག་གཞུང་འདི་ལ་སློབ་གཉེར་བྱས་ན་མདུན་ལམ་ཡག་པོ་ཡོད་པ་ཞིག་ཡིན་ནམ། གལ་སྲིད་ཡིན་ན་བོད་ཀྱི་ལྷ་རྗེ་རྒན་པ་མང་ཆེ་བས་རང་གི་བུ་རྒྱུད་རྣམས་ལ་བོད་སྨན་སློབ་གཉེར་བྱེད་དུ་མ་བཅུག་པར། ལས་རིགས་གཞན་ལ་ཞལ་བཀོད་གནང་སྲོལ་བྱུང་འདུག་པ་འདིའི་རྒྱུ་མཚན་གང་གསལ་པོར་གསུང་རོགས། །
སྨན་པ་ཞེས་པ་ཕན་པའི་དོན། །
ལྷ་རྗེ་ཞེས་པ་མི་ཡི་མཆོག །
སྨན་ཚོང་ཁོ་ནའི་དོན་གཉེར་བར། །
སྨན་པའི་མིང་དོན་འཇུག་གམ་ཅི། །

ཞེས་པ་རིང་འཚོ་ཚེ་ཡི་བཅུད་ལེན་གྱི་ཐབས་སུ་འདྲི་བ་ཕྱོགས་ཀྱི་གྲངས་ལྡན་འདི་ནི་མི་ན་བ་རིང་དུ་གནས་པར་འདོད་པའི་གང་ཟག་རྣམས་ཀྱི་ཆེད་དུ་ཤར་དཔལ་སྤུངས་པའི་སྨན་གྲྭ་འཛིན་པ་རྒྱལ་ཁམས་པ་ཐུབ་བསྟན་ཕུན་ཚོགས་དེས། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་རང་ཤག་ནས་སྦྲིངས།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།