English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་བྱས་རྗེས།

འདོན་སྤེལ། 2015/10/22 10:48 AM རྩོམ་པ་པོ།

ནུབ་ཕྱོགས་བུད་མེད་ཞིག་གིས་སྤྱི་ཚོགས་ལ་བཞག་པའི་རླབས་ཆེན་གྱི་བྱས་རྗེས།

ཐུབ་བསྟན་ཆོས་སྒྲོན་གྱིས་དབྱིན་ཡིག་ནང་བྲིས། ཚེ་རིང་ཆོས་སྒྲོན་གྱིས་བསྒྱུར།

ཧཕ་ལོ་རན་སི་ནཱ་ཁྲི་ཀྲན་གེལ་ལགས་ནི་དེང་རབས་སྨན་ཞབས་མ་གསོ་སྐྱོང་ཁང་གསར་འཛུགས་བྱེད་མཁན་རླབས་ཆེན་གྱི་བུད་མེད་ཅིག་ཡིན། ཁོ་མོ་ནི་ཕྱི་ལོ་ ༡༨༢༠ ལོར་དབྱིན་ཇིའི་ཁྱིམ་ཚང་ཕྱུག་པོ་ཞིག་ཏུ་འཚར་ལོངས་བྱུང་ཞིང༌། ཁོ་མོ་ནི་ལོ་ཉི་ཤུར་སོན་པའི་ཤེས་ཡོན་ཅན་གྱི་བུད་མེད་གཞོན་ནུ་མ་ཞིག་དང་འདྲ་བར་རང་ཉིད་ཀྱི་དགའ་ཕྱོགས་ལྟར་པ་ལགས་ལ་རྩིས་རིག་སློབ་གཉེར་བྱེད་རྒྱུའི་རེ་བ་བཏོན། གང་ལྟར་དེ་ནི་ཁོ་མོའི་ཐུན་མིན་གྱི་ལྟ་གྲུབ་ཉག་ཅིག་ཡིན།
ཁོ་མོས་དབྱིན་ཇི་སྨན་ཁང་ཁག་གི་གནས་སྟངས་སྐོར་རྒྱུས་ལོན་བྱེད་སྐབས་དབུལ་ཞིང་ཕོང་པའི་མི་མང་གིས་ཁོ་མོ་ལ་བཟོད་གླགས་བྲལ་བའི་སྐྱོ་གདུང་གི་ཚོར་བ་ཤུགས་དྲག་སྐྱེས་སུ་བཅུག་པར་བརྟེན། རང་ལོ་ ༡༧ སོན་པ་ན་འཕྲོད་བསྟེན་ལྟ་རྟོགས་ཀྱི་གནས་སྟངས་ཡར་རྒྱས་གོང་འཕེལ་དུ་གཏོང་རྒྱུའི་ཆེད་དུ་ལས་ཀ་གཉེར་རྒྱུ་ཐག་བཅད། དང་ཐོག་མོའི་ནང་མི་དེ་དག་གི་ངོས་ནས་སྨན་ཞབས་མ་ཞིག་བྱེད་རྒྱུར་མོས་མཐུན་བྱས་མེད། རྒྱུ་མཚན་ནི་སྐབས་དེར་དེ་ལྟ་བུའི་ལས་ཀ་བྱེད་མཁན་ལ་སྙན་གྲགས་ཕར་ཞོག་དེ་ནི་སྤྱི་ཚོགས་ནང་དུ་དབུལ་ཞིང་ཕོང་པའི་བུད་མེད་དེ་དག་གི་གཉེར་བྱ་ལྟ་བུ་ཞིག་ཆགས་ཡོད།
དེ་ནས་ཁོ་མོའི་རེ་འདུན་བཞིན་དུ་འཇར་མན་དང་ཧཕ་རན་སི་རྒྱལ་ཁབ་གཉིས་ཀྱི་ནང་དུ་སྨན་ཞབས་ཀྱི་སྐོར་ལ་སློབ་སྦྱོང་བྱས་ནས་ཕྱིར་རང་ཡུལ་དུ་ལོག་སྟེ་སྤྱི་ཚོགས་རྙིང་པའི་བྲལ་རིམ་གཉེན་སྒྲིག་རྒྱུན་སྲོལ་ལ་ངོ་རྒོལ་བྱས། རང་ལོ་ ༣༣ སྟེང་ལོན་ཌོན་ནང་ནད་གཡོག་མ་དག་གི་སྣེ་ཁྲིད་ཅིང་རང་ཉིད་ཀྱི་ནུས་པ་ཁོ་ན་ལ་བརྟེན་ནས་བྱ་བ་ལམ་སློང་ཡོང་བར་འབད་བརྩོན་བྱས།
ལོ་དེའི་ནང་ཨུ་རུ་སུའི་རྒྱལ་ཁབ་ནང་ྡཔྱདྲནཞེས་པའི་དམག་འཁྲུག་བྱུང་སྟེ༌། དམག་མི་གང་མང་ཞིག་ལ་རྨས་སྐྱོན་འཕོག་ཡོད་པ་ཐོས་འཕྲལ་ཁོ་མོ་མྱུར་དུ་ནད་གཡོག་མ་སུམ་ཅུ་ལྷག་དང་མཉམ་དུ་ས་གནས་དེར་ཤར་བསྐྱོད་ཀྱིས་རྨས་སྐྱོན་འཕོག་པའི་དམག་མི་དག་ལ་སྨན་བཅོས་དང་བཟའ་བཅའ་སོགས་འཕྲོད་བསྟེན་ཐད་རོགས་རམ་ཆེས་ཆེར་གནང་བར་བརྟེན། ཁོ་མོར་༼ལཱ་སྒྲོན་བཟུང་བའི་ལྕམ་སྐུ༽ཞེས་པའི་མཚན་སྙན་བྱུང༌། ཁོ་མོས་དེ་ལྟར་འཆར་གཞི་དང་དམིགས་ཡུལ་ལྡན་པའི་སྒོ་ནས་ཞབས་འདེབས་སློང་བ་དང༌། ནད་གཡོག་མ་དེ་དག་ལ་སྦྱོང་བརྡར་སྤྲོད་ཆེད་སློབ་གྲྭ་ཞིག་ཀྱང་བཙུགས། དེ་ལྟ་བུའི་ཁོ་མོའི་མཛད་སྤྱོད་དེ་ནི་སྐབས་དེ་དུས་སྨན་ཁང་དག་ཏུ་གཏམ་རྒྱུད་གསར་པ་ཞིག་ཆགས་ཡོད། དེས་མ་ཟད་ཁོ་མོས་འདི་ལྟར་བྲིས་ཡོད་དེ། བྱབྱནད་གཡོག་རྒྱུག་ནས་སྨན་སྤྲོད་པ་དང་རྨ་རས་དཀྲིས་པ་ལས་ལྟ་རྟོགས་བྱེད་རྒྱུ་གལ་ཆེ་བ་ཡོད། དེ་ཡི་ནང་དུ་དྭངས་གཙང་གི་མཁའ་དབུགས་དང་བྱམས་བརྩེའི་དྲོད་ཁོལ། ལྷིང་འཇགས་དང་ཡང་དག་པའི་ལྟ་སྐྱོང་སོགས་མདོར་ན་ཐམས་ཅད་འདུས་ཡོད།བྱབྱ ཁོ་མོའི་འདུ་ཤེས་འཛིན་སྟངས་དེ་ནི་ཨུ་རུ་སུའི་རྒྱལ་ཁབ་ཀྱི་སྨན་གཡོག་མ་ཚོས་དམིགས་དཔེ་ཞིག་ཏུ་ཆགས་པ་མ་ཟད་འཛམ་གླིང་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་དེ་ལྟར་གྱུར་བ་རེད།
ཁོ་མོ་འདས་གྲོངས་སུ་མ་ཕྱིན་པའི་སྔ་རོལ་དུ་དབྱིན་གཞུང་འཕྲོད་བསྟེན་ལྟ་སྐྱོང་ཁང་དུ་ཕྱག་ལས་གནང་བ་དང༌། ད་དུང་རྩིས་རིག་གི་ཐབས་ལམ་ལ་བརྟེན་ནས་མི་མང་སྐྱོ་བོ་དག་གི་འཕྲོད་བསྟེན་ཐད་ཞབས་འདེགས་ཁྱད་དུ་འཕགས་པ་ཞུས་ཏེ་མཐར་ཁོ་མོ་ཕྱི་ལོ་ ༡༩༡༠ འདས་གྲོངས་སུ་གྱུར།
ནུབ་ཕྱོགས་བུད་མེད་ཚོའི་དཀའ་ངལ་ཁག་ཅིག
ནང་མི་ཞིག་གི་འགན་ཁུར་རྒྱུའི་ཚབ་ཏུ་གཉེན་སྒྲིག་ཁ་འཐོར་བྱུང་བའམ་ཡང་ན་ཁྱོ་གའི་ཆང་རག་འཐུང་འགོ་བརྩམས་པ་ན། སྐྱེ་སྨན་དེ་བུ་ཕྲུག་གསོ་སྐྱོང་སོགས་ཀྱི་དཀའ་ངལ་མང་པོ་ཞིག་གདོང་ལེན་བྱེད་དགོས་པ་མ་ཟད་ལྷག་པར་དུ་བུ་ཕྲུག་གསོ་སྐྱོང་དང་ཁྱིམ་ཚང་གི་འགན་གཉིས་གཅིག་ལྕོགས་ཀྱིས་འཁུར་དགོས་བྱུང་བ་རེད།
ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་འཚོ་བ་བསྐྱལ་རྒྱུ་དེ་ཧ་ཅང་དཀའ་ངལ་ཅན་ཞིག་དང་ལྷག་དོན་གྲོང་ཁྱེར་ནང་འཚོ་སྡོད་བྱེད་མཁན་གྱི་བུ་ཕྲུག་དཻ་དག་གི་སློབ་ཆས་དང༌། རླངས་འཁོར་འཛིན་བྱང༌། གྱོན་གོས། བཟའ་ཆས་སོགས་ལ་འགྲོ་གྲོན་མི་ཉུང་བ་ཞིག་གཏོང་དགོས་པས། གནད་དོན་འདིས་གསལ་སྟོན་བྱེད་པ་ནི་སྐྱེ་སྨན་དེ་དག་གིས་ནང་མི་དང་བུ་ཕྲུག་གི་ཆེད་ཉིན་མཚན་དབྱེར་མེད་དུ་ལས་ཀ་བྱ་དགོས་ཤིང༌། དེ་བས་གཞུང་ངོས་ནས་ཁེར་རྐྱང་གི་མ་ཡུམ་ཚོའི་གནས་སྟངས་ལ་བགྲོ་གླེང་བྱས་ཀྱང་དེ་ནི་འཚོ་གནས་བདེ་སྐྱིད་ཅན་ཞིག་ག་ལ་ཡིན། སློབ་སྦྱོང་མེད་པའི་བུད་མེད་ཅིག་ཡིན་ན་ལས་ཀ་རག་ཁག་པ་དང༌། གལ་ཏེ་རག་པའི་དབང་དུ་བཏང་ཡང་གླ་ཕོགས་ཚད་ལས་བརྒལ་བ་ཉུང་བར་མ་ཟད། དུས་རྒྱུན་ལས་ཀྱང་ཆུ་ཚོད་བརྒྱད་དགུ་ཙམ་ལ་ལས་ཀ་འཕར་མ་སོགས་བྱས་ཏེ་རང་ཉིད་ཀྱི་བུ་ཕྲུག་ཚོའི་མི་ཚེ་སྐྱིད་པོ་ཡོང་ཆེད་དཀའ་ལས་རྒྱག་གིན་ཡོད།
དེ་ལྟར་དུས་ཡུན་རིང་པོ་ཞིག་ལ་ལས་ཀ་བྱ་དགོས་པ་དང་ཁྱིམ་ཚང་སྐྱོང་བའི་དུས་སུ་བུ་ཕྲུག་ཚོ་དང་མཉམ་སྡོད་ཀྱི་ཆུ་ཚོད་རག་རྒྱུ་ཧ་ཅང་དཀོན་ལ། ལན་རེར་ནང་མི་ཞིག་ལ་བུ་ཕྲུག་ཚོ་གཅེས་སྐྱོང་བྱེད་མཁན་གྱི་སྤོ་སྤོ་དང་རྨོ་རྨོ་ཞིག་ཡོད་པ་ཡིན་ན་དེ་ནི་བསོད་དེ་ཆེ་བ་ཞིག་ཏུ་བརྩི་སྲོལ་ཡོད། གང་ཡིན་ཟེར་ན། ཁྱིམ་བདག་མ་ལས་དོན་ཆེད་ཕྱིར་བསྐྱོད་བྱེད་སྐབས་བུ་ཕྲུག་ཚོར་ལྟ་རྟོག་བྱེད་དགོས་ཀྱི་ཡོད། གལ་ཏེ་སློབ་ཆུང་ལ་བཏང་དགོས་ན་འགྲོ་སོང་ཆེ་གྲགས་པས་གཏོང་ཐུབ་ཀྱི་མེད། དཀའ་ངལ་འདི་ལྟ་བུ་ལས་ཐར་ཐབས་ལ་བུད་མེད་ཚོས་སྡེ་ཁག་རེ་བཟོས་ནས་རང་ཉིད་ཀྱི་ཤ་ལས་མཆེད་པའི་བུ་ཕྲུག་ཚོ་གསོ་སྐྱོང་གང་ཐུབ་བྱ་བཞིན་ཡོད། འདི་ལྟ་བུའི་དཔེ་མཚོན་དུ་རུང་བའི་བུད་མེད་མང་པོ་ཡོད་ལ། ཁོ་མོ་ཚོས་བུ་ཕྲུག་གི་མི་ཚེ་དོན་སྙིང་ལྡན་པ་ཞིག་ཡོང་བར་རྙོག་འཛིང་གི་བརྒྱུད་རིམ་མང་པོ་ཆེད་དུ་བརྒལ་བཞིན་ཡོད་དོ།།
སྐྱེས་པ་ཚོ་ལས་བུད་མེད་ཀྱིས་ག་རེ་ཡག་པོ་བྱེད་ཐུབ།
དེང་སང་རྒྱལ་ཁབ་མང་པོ་ཞིག་གི་ནང་དུ་བུད་མེད་དེ་ཚོས་ཁྱིམ་བདག་མ་བྱེད་རྒྱུའི་ཚབ་དུ་སྐྱེས་པ་ཚོ་དང་འདྲ་མཉམ་གྱིས་ཕྱིར་བསྐྱོད་བྱས་ཏེ་གོ་གནས་ལྡན་པའི་ལས་དོན་གཉེར་གྱི་ཡོད་པ་དཔེ་མཚོན་ཙམ་ཞུས་ན། ཨན་ཀིལ་མེར་ཀེལ་མཆོག་ནི་འཇར་མན་མཉམ་འབྲེལ་སྲིད་གཞུང་གི་བློན་ཆེན་དང༌། ཨ་མེ་རི་ཀའི་དྲུང་ཡིག་གི་ཕྱག་ལས་གནང་ཡོད། འདི་ལྟ་བུའི་གོ་གནས་ལ་དབྱེ་ཞིབ་བྱས་ན་སྐྱེས་པ་ཚོའི་ལས་ཀ་ནང་བཞིན་བུད་མེད་དག་གིས་ཀྱང་བྱེད་ཐུབ་པ་གསལ་པོ་རྟོགས་ཐུབ། གང་ལྟར་ཡང་ངའི་བསམ་ཚུལ་ལྟར་ན་ལས་རིགས་འགའ་ཞིག་སྐྱེས་པ་ཚོ་ལས་ཀྱང་བུད་མེད་ཀྱིས་ཡག་པོ་སྒྲུབ་ཐུབ། ལས་རིགས་དེ་དག་གི་གོ་གནས་ནི་ཆབ་སྲིད་པའམ་སྲིད་དོན་པ་ནང་བཞིན་སྙན་གྲགས་མེད་ནའང་དུས་རྒྱུན་སྤྱི་ཚོགས་འཚོ་བའི་ཁྲོད་གལ་གནད་ཆེ་བ་ཞིག་ཆགས་ཡོད།
སྔར་སྲོལ་ལྟར་ན་གསོ་བ་རིག་པ་བ་དག་ནི་སྐྱེས་པ་ཡིན་པ་མཐོང་མོད། འོན་ཏེ་བུད་མེད་ཀྱང་ཡོད་པ་གོང་དུ་བརྗོད་བཞིན་པའི་ཧཕ་ལོརེན་སི་ནྭ་ཁྲི་ཀྲན་ཀེལ་ལགས་ཀྱིས་འཛམ་གླིང་སྨན་ཁང་ཁག་ཏུ་དེང་རབས་སྨན་ཞབས་མའི་གཞི་རྩའི་ལྟ་བ་ངོ་སྤྲོད་བྱས་པར་བརྟེན། ཁ་སང་དེ་རིང་སྨན་ཞབས་མའི་ལས་རིགས་གཉེར་མཁན་སྐྱེས་པ་ཚོ་ལས་ཀྱང་བུད་མེད་མང་པོ་ཆགས་ཡོད། དེའི་རྒྱུ་མཚན་ཅི། སྨན་ཞབས་མའི་ལས་ཀ་དེ་ནི་ཧ་ཅང་དཀའ་ལས་ཁག་པོ་ཞིག་མ་ཡིན་ནམ། ནད་པ་དེ་དག་དྲག་བསྐྱེད་ཡོང་བ་ལ་སྙིང་རྗེ་དང་བཟོད་བསྲན་གྱི་ལམ་ནས་སྨན་བཅོས་བྱ་དགོས་པ་མ་གཏོགས། དེ་ལས་བཟློག་སྟེ་ཚིག་རྩུབ་སོགས་ཤོར་བ་ཡིན་ན་ནད་པ་དྲག་བསྐྱེད་ཡོང་བའི་བརྒྱུད་རིམ་ཇེ་དལ་དུ་འགྲོ་ངེས་ཡིན།
བྱམས་བརྩེའི་གཤིས་ཀ་ལྡན་མཁན་ནི་སྐྱེས་པ་ལས་ཀྱང་བུད་མེད་མང་བ་མ་ཡིན་ནམ་ཞེས་པའི་སྤྱིར་བཏང་གི་དྲི་བ་ཞིག་བཀོད་ན་ངས་དེ་མ་ཐག་ཏུ་ཡིན་ཞེས་ལན་འདེབས་ངེས་ཤིང༌། དེ་ལྟ་བུའི་བྱམས་བརྩེའི་གཤིས་ཀ་ནི་མ་ཡུམ་ཚོར་ལྡན་པ་ཡིན་ཞེས་བཤད་འདོད་བྱུང༌། བཟོད་པ་དང་སྙིང་རྗེ་མེད་པར་བུ་ཕྲུག་ཅིག་ཇི་ལྟར་འཚར་ལོངས་བསྐྱེད་ཐུབ་བམ། ཕྱོགས་གཞན་ཞིག་ནས་བཤད་ན་སྨན་ཞབས་མ་བྱེད་རྒྱུ་ཙམ་མ་ཡིན་པར་ད་དུང་སྤྱི་ཚོགས་ལས་རིགས་ཀྱི་སྡེ་ཚན་ཁག་གང་མང་པོ་ཞིག་ལ་སྐྱེས་པ་ལས་བུད་མེད་ཀྱི་ནུས་ཤུགས་ཆེ་བ་འདི་ལྟ་སྟེ། སྐྱེས་པ་ལས་ཀྱང་བུད་མེད་སྨན་སྦྱོར་མཁན་མང་བ་དང་རྒན་རབས་ཚོར་གུས་བཀུར་བྱེད་མཁན་མང་བ། དེ་བཞིན་སློབ་ཆུང་སློབ་མར་དགེ་རྒན་བྱེད་མཁན་མང་བ་སོགས་ལྟ་བུ་ཡིན། ལས་རིགས་འདི་དག་ནི་བཟོད་པ་དང་སྙིང་རྗེ་གཉིས་ལ་ཁ་བྲལ་ཐབས་མེད་པ་ཞིག་རེད། དེའི་ཕྱིར་གཤིས་སྤྱོད་འདི་དག་ལྡན་པའི་མ་ཡུམ་ཚོ་ལ་ང་ཚོའི་སྤྱི་ཚོགས་འདི་འོད་སྣང་གི་ཕྱོགས་སུ་བསྐྱོད་པར་ལེགས་སྐྱེས་འབུལ་དུ་འཇུག་དགོས་སོ།།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེ་རྫ་ཆུ་ཁའི་གནས་ཚུལ་སྙིང་བསྡུས་དང་ཡུལ་སྲོལ་འགའ།
  • བོད་ཀྱི་ལབ་ཙེ་རིག་གནས་བྱུང་འཕེལ་སྐོར།
  • གླུ་ཐོག་མ་དར་ཚུལ་གྱི་སྐོར་རགས་ཙམ་གླེང་བ།
  • ཡབ་གཞིས་ཆོས་སྐྱོང་ཚེ་རིང་དུག་གིས་བཀྲོངས་པ་ཡིན་ནམ།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།