ཚོགས་གཞོན་གྱིས་ཨ་རིའི་ཁུལ་དུ་འཚམས་གཟིགས་ལེགས་གྲུབ་བྱུང་པ།
དེའང་འདི་ཟླའི་ཕྱི་ཚེས་ ༡༠ ཉིན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཞོན་བྱ་རྒོད་སྲས་འཆི་མེད་ལྕགས་རྡོ་མཆོག་ལྡི་ལིའི་རྒྱལ་ས་ནས་ཕེབས་ཐོན་ཐོག ཨ་རིའི་ཁུལ་དུ་གཞུང་འབྲེལ་ཆིབས་བསྒྱུར་བསྐྱངས་ཡོད་པ་དང་། ཕྱི་ཚེས་ ༡༣ རེས་གཟའ་ཉི་མའི་ཉིན་ཨ་རི་ནེའུ་ཡོག་ས་གནས་སྡེ་དགེའི་རྒྱུན་ལས་ཀྱི་གོ་སྒྲིག་འོག་སྡེ་དགེའི་དབྱར་སྐྱིད་གཏོང་པ་དང་། དེར་ཚོགས་གཞོན་མཆོག་གིས་སྡེ་དགེ་རྒྱལ་རབས་ལོ་རྒྱུས་སྤྱི་དང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ད་ལྟའི་ལས་དོན་དང་འབྲེལ་བའི་སྐོར་གྱི་གཏམ་བཤད་དང་དྲི་བ་དྲིས་ལན་གནང་པ་དང་། ཉིན་དེར་ཨ་རི་ཁོ་ལ་ར་ཌོ་ནས་སྡེ་དགེ་ས་ཁང་ཚོགས་ཆུང་གི་ཚོགས་མི་དཀོན་མཆོག་བསྟན་འཛིན་ལགས་ཀྱང་ཆེད་ཕེབས་གནང་ཡོད་པ་ལྟར་ཁོང་གིས་ད་ལྟ་འགྲོ་བཞིན་པའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ལས་གཞི་ཁག་གི་སྟེང་མང་ཚོགས་ཀྱིས་མཐུན་འགྱུར་རྒྱབ་གནོན་དགོས་པའི་གཏམ་བཤད་གནང་ཡོད་པ་རེད། དེ་བཞིན་ས་གནས་ཚོགས་གཙོ་རྒན་ཚེ་སྟོབས་ལགས་དང་། གནད་ཡོད་མི་སྣ་ཁག་གིས་དབུས་རྒྱུན་ལས་འདི་ལྟར་ས་གནས་ས་ཐོག་ཏུ་འཚམས་གཟིགས་དངོས་སུ་ཕེབས་འབྱོར་ཐུབ་པ་ཧ་ཅང་དགའ་བོ་བྱུང་ལ། ནེའུ་ཡོག་སྡེ་དགེའི་མང་ཚོགས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞེས་ཞུས་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་ ༡༤ ཉིན་ཨ་རི་མེ་ནི་སོ་ཌ་རུ་ཞབས་སོར་འཁོད་དེ་ཚེས་ ༡༥ ཉིན་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་སྡེ་དགེའི་དབྱར་སྐྱིད་གཏོང་པ་དང་། ཉིན་དེར་དབུས་ཚོགས་གཞོན་མཆོག་གིས་སྡེ་དགེ་རྒྱལ་རབས་ལོ་རྒྱུས་སྤྱི་དང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ད་ལྟའི་ལས་དོན་དང་འབྲེལ་བའི་སྐོར་གྱི་གཏམ་བཤད་དང་དྲི་བ་དྲིས་ལན་གནང་པ་དང་། ཉིན་དེར་ཨ་རི་ཆི་ཀ་གོ་ནས་སྡེ་དགེ་ས་ཁང་ཚོགས་ཆུང་གི་ཚོགས་མི་བླ་ཁྲི་ལྷག་པ་རྒྱལ་མཚན་ལགས་ཀྱང་ཆེད་ཕེབས་གནང་ཡོད་པ་ལྟར་ཁོང་གིས་ད་ལྟ་འགྲོ་བཞིན་པའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ལས་གཞི་ཁག་གི་སྟེང་མང་ཚོགས་ཀྱིས་མཐུན་འགྱུར་རྒྱབ་གནོན་དགོས་པའི་གཏམ་བཤད་གནང་ཡོད་པ་རེད། དེ་བཞིན་ས་གནས་ཚོགས་གཙོ་ཆོས་ཉིད་ལགས་དང་། གོ་སྒྲིག་པ་དཔལ་ལྡན་རྡོ་རྗེ་ལགས། མཁན་པོ་ཀུན་དགའ་ཕྲིན་ལས་ལགས་སོགས་ཀྱིས་གོང་གསལ་སྐུ་མགྲོན་ཁག་གིས་གསུང་བཤད་ཁག་ས་གནས་མང་ཚོགས་ཀྱིས་ཉན་འཇོག་དང་རྒྱབ་སྐྱོར་དགོས་པའི་རྒྱབ་གནོན་གསུང་བཤད་གནང་པ་དང་འབྲེལ། དབུས་རྒྱུན་ལས་འདི་ལྟར་ས་གནས་ས་ཐོག་ཏུ་དངོས་སུ་འཚམས་གཟིགས་ཕེབས་འབྱོར་ཐུབ་པ་ཧ་ཅང་དགའ་བོ་བྱུང་ལ། མེ་ནི་སོ་ཌའི་སྡེ་དགེའི་མང་ཚོགས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞེས་ཞུས་ཡོད་པ་རེད།
དེ་བཞིན་ཕྱི་ཚེས་ ༡༦ ཉིན་ཨ་རི་ཁེ་ལི་ཧྥོ་ནི་ཡ་རུ་ཆིབས་བསྒྱུར་ཐོག་ཚེས་ ༡༧ ཉིན་ས་གནས་རྒྱུན་ལས་ཀྱི་གོ་སྒྲིག་འོག་སྡེ་དགེའི་དབྱར་སྐྱིད་གཏོང་པ་དང་། ཉིན་དེར་དབུས་ཚོགས་གཞོན་མཆོག་གིས་སྡེ་དགེ་རྒྱལ་རབས་ལོ་རྒྱུས་སྤྱི་དང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ད་ལྟའི་ལས་དོན་དང་འབྲེལ་བའི་སྐོར་གྱི་གཏམ་བཤད་དང་དྲི་བ་དྲིས་ལན་གནང་པ་དང་། ས་གནས་ཚོགས་གཙོ་ཐུབ་བསྟན་བཟང་པོ་ལགས་དང་། གནད་ཡོད་མི་སྣ་སོགས་ཀྱིས་གོང་གསལ་སྐུ་མགྲོན་ཁག་གིས་གསུང་བཤད་ཁག་ས་གནས་མང་ཚོགས་ཀྱིས་ཉན་འཇོག་དང་རྒྱབ་སྐྱོར་དགོས་པའི་རྒྱབ་གནོན་གསུང་བཤད་གནང་པ་དང་འབྲེལ། དབུས་རྒྱུན་ལས་འདི་ལྟར་ས་གནས་ས་ཐོག་ཏུ་དངོས་སུ་འཚམས་གཟིགས་ཕེབས་འབྱོར་ཐུབ་པ་ཧ་ཅང་དགའ་བོ་བྱུང་ལ། ཁེ་ལི་ཧྥོ་ནི་ཡའི་སྡེ་དགེའི་མང་ཚོགས་ཀྱི་ཚབ་ཞུས་ཏེ་བཀའ་དྲིན་ཆེ་ཞེས་ཞུས་ཡོད་པ་རེད། དེ་ལྟར་གོང་གསལ་ས་གནས་སོ་སོ་ནས་གོ་སྒྲིག་དང་སྣེ་ལེན་ཧ་ཅང་ཡག་པོ་གནང་ཡོད་པ་དང་། ཕྱི་ཚེས་ ༡༩ ཉིན་འཚམས་གཟིགས་ལེགས་གྲུབ་ཐོག་ཕྱིར་རྒྱལ་ས་ལྡི་ལི་རུ་ཕེབས་འབྱོར་བྱུང་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།