སྡེ་དགེ་རྒྱལ་ཡོངས་ལྷན་ཚོཊ་ཀྱི་ཚོཊ་གཙོ་ལཊ་ཡུ་རོབ་ཏུ་ཕྱོཊ་ཕེབས་གནང་བ།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་ལགས་ཀྱིས་ཡུ་རོབ་ནང་བདུན་ཕྲག་གཉིས་ལྷག་རིང་ཕྱོགས་ཕེབས་སྐོར་སྐྱོད་གནང་སྟེ་ཕྱི་ཚེས་ ༡༥ ཉིན་ཕྱིར་རྒྱ་གར་དུ་བདེ་འབྱོར་བྱུང་།
ཉེ་སྔོན་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས། ཡུ་རོབ་ཀྱི་རྒྱལ་ཁབ་ཁག་ ༦ ཙམ་གྱི་ནང་ཕྱོགས་ཕེབས་གནང་ཡོད་པ་ལྟར། འདི་ལོའི་ཕྱི་ཟླ་ ༣ ཚེས་ ༢༩ ཉིན་རྒྱལ་སྤྱིའི་རྫོགས་ཆེན་ཚོགས་པའི་གོ་སྒྲིག་འོག སི་པེན་གྱི་གྲོང་ཁྱེར་བྷར་སི་ལོ་ནཱ་རུ་ཡོད་པའི་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེའི་ཆོས་ཚོགས་སུ། གསོ་བ་རིག་པའི་འབུམ་རམས་པ་ཕུན་ཚོགས་དབང་མོ་ལགས་དང་མཉམ་དུ་བགྲོ་གླེང་ལྷན་ཚོགས་ཤིག་ལ་ཕེབས་ཏེ། འཆི་བ་དང་དེའི་སྔ་གཞུག་ཅེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་དང་བགྲོ་གླེང་གནང་ཡོད་པ་དང་། ཟླ་འདིའི་ཕྱི་ཚེས་ ༡ ཉིན་སི་པིན་གྱི་ཌེ་ནི་རི་ཧྥི་མཚོ་གླིང་དུ་གནས་བཞུགས་ཆོས་རྒྱལ་ནམ་མཁའི་ནོར་བུ་རིན་པོ་ཆེ་དང་མཇལ་འཕྲད་གནང་ཡོད་པ་རེད།
ཕྱི་ཚེས་ ༢ ཉིན་ཧྥ་རན་སིའི་རྒྱལ་ས་ཕ་རི་སིར་བདེ་ལེགས་ངང་ཕེབས་འབྱོར་བྱུང་བ་ལྟར། སྡེ་དགེ་ས་གནས་གོ་སྒྲིག་པ་རྣམ་པ་གནམ་ཐང་དུ་ཕེབས་བསུར་བཅར་ཡོད་པ་དང་། ཁུལ་དེའི་ནང་ཉིན་གྲངས་ ༤ ཙམ་གྱི་རིང་ས་གནས་མང་ཚོགས་ལ་མཇལ་འཕྲད་དང་གཏམ་བཤད་བྱས་ཤིང་། ས་གནས་ཆུ་སྒང་རྒྱུན་ལས་རྣམ་པས་གསོལ་ཚིགས་འདེགས་འབུལ་དང་དྲི་བ་དྲིས་ལན་གནང་པ་སོགས་ཀྱི་ལས་རིམ་རྣམས་གྲུབ་རྗེས། ཟླ་འདིའི་ཕྱི་ཚེས་ ༥ ཉིན་སྦེལ་ཇམ་ས་གནས་སྡེ་དགེ་ཚོགས་པའི་རྒྱུན་ལས་དང་། ས་གནས་མདོ་ཁམས་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་བཅས་ཀྱི་ཕེབས་བསུའི་ཁྲོད་སྦེལ་ཇམ་གྱི་གྲོང་ཁྱེར་བྷོ་སི་ཏྲོན་དུ་བདེ་འབྱོར་གྱིས། ཕྱི་ཚེས་ ༦ ཉིན་ས་གནས་སྡེ་དགེའི་རྒྱུན་ལས་ཀྱི་གོ་སྒྲིག་ལྟར་མང་ཚོགས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་བྱས་ཤིང་། ས་གནས་ཆུ་སྒང་རྒྱུན་ལས་རྣམ་པས་གསོལ་ཚིགས་ཞིག་འདེགས་འབུལ་དང་དེར་གཏམ་བཤད་སྙིང་བསྡུས་ཤིག་གནང་ཡོད་པ་རེད། ཕྱི་ཚེས་ ༨ ཉིན་ས་གནས་སྡེ་དགེའི་མང་ཚོགས་ཀྱི་ཕེབས་བསུ་འོག་ཧོ་ལན་ཌིའི་རྒྱལ་སར་ཕེབས་ཤིང་། དེ་གའི་མང་ཚོགས་ལ་ཐུག་འཕྲད་དང་བཅས་གཏམ་བཤད་གནང་།
ཕྱི་ཚེས་ ༡༠ ཉིན་སུད་སིའི་གྲོང་ཁྱེར་རྫུ་རིག་ཏུ་ཕེབས་འབྱོར་གནང་སྟེ། སུད་སི་ས་གནས་སྡེ་དགེ་ཚོགས་པའི་ཚོགས་གཙོ་ལགས་ཀྱིས་གཙོས་འབྲེལ་ཡོད་མི་སྣ་ཚོས་ཕེབས་བསུ་ཞུས་ཡོད་པ་དང་། ཚེས་ ༡༡ ཉིན་ས་གནས་གྱི་གོ་སྒྲིག་འོག་ཟླ་བ་ཁ་ཤས་སྔོན་ནས་སྦྱོང་བརྩོན་བྱས་པའི་སྡེ་དགེའི་བྲོ་ཆེན་གཟིགས་འབུལ་ཞུས་ཤིང་། མང་ཚོགས་ལ་གཏམ་བཤད་དང་དྲི་བ་དྲིས་ལན་གནང་ཡོད་པ་རེད། ཕྱི་ཚེས་ ༡༢ ཉིན་རིག་འཛིན་ནམ་མཁའ་རིན་པོ་ཆེ་མཆོག་གི་ཐུགས་འདུན་ལྟར། རིག་འཛིན་ཐེག་མཆོག་གླིང་དུ་བོད་ཀྱི་ཆོས་དང་རིག་གཞུང་ལ་དོན་གཉེར་ཆེ་བའི་ཕྱི་རྒྱལ་བ་ ༣༠ ལྷག་ལ། བོད་ཀྱི་རིག་མཛོད་ཆེན་མོ་སྡེ་དགེ་པར་ཁང་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་གི་བྱུང་རིམ་འཕེལ་རྒྱས་ཐོག་གཏམ་བཤད་གནང་ཡོད་པ་དང་། ཚེས་ ༡༣ ཉིན་ས་གནས་ཆུ་བཞི་སྒང་དྲུག་གི་ཚོགས་གཙོས་དབུས་རྒྱུན་ལས་རྣམ་པ་དང་མཇལ་འཕྲད་ཐོག་གསོལ་སྟོན་ཕུལ་བ་དང་། དེར་གཏམ་བཤད་སྙིང་བསྡུས་ཤིག་དང་བཅས་དྲི་བ་དྲིས་གནང་ཡོད་པ་རེད། ཟླ་འདིའི་ཕྱི་ཚེས་ ༡༥ ཉིན་ཡུ་རོབ་ཁུལ་གྱི་ཕྱོགས་ཕེབས་ལེགས་པར་གྲུབ་སྟེ། སུད་སིའི་གནམ་ཐང་ནས་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རུ་བདེ་ལེགས་ངང་ཕེབས་འབྱོར་བྱུང་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།