དབུས་རྒྱུན་གྱི་ ༢༠༡༥ ལོའི་ཚོགས་འདུ་ཐེངས་དང་པོ་གྲོལ་བ།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་གི་ ༢༠༡༥ ལོའི་ཚོགས་འདུ་ཐེངས་དང་པོ་དེ་ལེགས་གྲུབ་བྱུང་པ།
དེའང་འདི་ཟླའི་ཕྱི་ཚེས་ ༡ ནས་ ༣ བར་རྒྱལ་ས་ལྡི་ལི་རུ་རྟེན་གཞིར་བྱས་པའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དུ་ ༢༠༡༥ ལོའི་དབུས་རྒྱུན་ཚོགས་འདུ་ཐེངས་དང་པོ་དེ་བསྐང་ཚོགས་གནང་པ་དང་། ཚོགས་ཐོག་ཏུ་ཟླ་བ་བཞིའི་རིང་གི་ལས་དོན། ཚོགས་པའི་འཛིན་སྐྱོང་དང་འབྲེལ་བ། མི་མང་གི་བདེ་དོན་དང་འབྲེལ་བ། ཤེས་ཡོན་རིག་གཞུང་དང་འབྲེལ་བ། དེ་བཞིན་སྡེ་དགེ་བོད་ཀྱི་ལག་ཤེས་སློབ་གླིང་བཅས་ཀྱི་ལས་བསྡོམས་དང་། རྩིས་ཁྲ་ཁག་སྙན་སྒྲོན་གནང་པ་དང་། དེ་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད། ཚོགས་འདུའི་རིང་འགན་ལྷན་ཐེངས་དང་པོའི་གྲོས་ཆོད་ཁག་ལ་མཇུག་གནོན་དང་། སྡེ་དགེ་བོད་ཀྱི་ལག་ཤེས་སློབ་གླིང་དུ་མཐུན་རྐྱེན་སྐྲུན་ཕྱོགས། སློབ་ཕྲུག་ཚོར་ལག་ཤེས་སློབ་ཕྱོགས། དེ་བཞིན་རྒྱལ་རབས་ལོ་རྒྱུས་མཁོ་སྒྲུབ་ཞུ་ཕྱོགས་སོགས་ཚོགས་པ་འདི་མུ་མཐུད་དེ་མང་ཚོགས་ཀྱི་དམིགས་ཡུལ་བཞིན་ཕུགས་འཕེར་རང་བཞིན་ཅན་ཞིག་ཡོང་ཐབས་ཆེད་བཀའ་བསྡུར་ཞིབ་ཚགས་ཞུས་རྗེས་གྲོས་ཆོད་ཁག་ཅིག་བཞག་སྟེ་ཚོགས་འདུ་གྲོལ་ཡོད་པ་བཅས་ཀྱི་གནས་ཚུལ་སྙིང་བསྡུས་སུ།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།