རྫ་དགོན་གསར་དགོན་གྱི་གྲྭ་པདྨ་རྡོ་རྗེ་ལཊ་འཇུ་བཟུང་།
རྫ་དགོན་གསར་དགོན་གྱི་གྲྭ་པདྨ་རྡོ་རྗེ་ལཊ་འཇུ་བཟུང་།
ཕྱི་ཚེས་ ༦ ཉིན་གྱི་ཕྱི་དྲོར་སྡེ་དགེ་རྫ་དགོན་གསར་དགོན་གྱི་དགེ་འདུན་པ་པདྨ་རྡོ་རྗེ་ཞུ་བ་ཞིག་གིས། དཀར་མཛེས་རྫོང་ཐོག་ཏུ་ཞི་རྒོལ་སྐད་འབོད་གནང་སྟེ་ཉེན་རྟོག་པས་འཇུ་བཟུང་བྱས་འདུག
འདི་གར་བོད་ནང་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༦ཉིན་གྱི་ཉིན་རྒྱབ་བོད་ནང་གི་ཆུ་ཚོད་ ༢པ་ཡས་མས་སུ། སྡེ་དགེ་རྫ་ཁོག་རྫ་དགོན་གསར་དགོན་གྱི་རང་ལོ་ ༡༧ ཡིན་པའི་དགེ་འདུན་པ་པདྨ་རྡོ་རྗེ་ཞུ་བ་ཞིག་གིས།ཁམས་དཀར་མཛེས་རྫོང་གི་ཁྲོམ་གཞུང་དུ་༼ྋརྒྱལ་བ་རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པ་ཤོགཁོང་བོད་དུ་གདན་འདྲེན་ཞུ་དགོས།༽ཞེས་ཞི་བའི་སྐད་འབོད་གནང་ཡོད་པ་དང་། ཞི་རྒོལ་གནང་ནས་ཅུང་ཙམ་ལས་མ་འགོར་བར་ཉེན་རྟོག་པ་བདུན་བརྒྱད་ཅིག་བསླེབས་ཏེ། ཁོང་ལ་རྡུང་རྡེག་དྲག་པོ་བཏང་ནས་བཙན་འཁྲིད་བྱས་ཡོད་པ་དང་། སྐབས་དེར་དངོས་སུ་མཐོང་མཁན་གྱི་བོད་མི་ཚོས། ཉེན་རྟོག་པས་གང་བྱུང་གཅར་རྡུང་བཏང་སྟེ་ཁོང་གི་ཁ་སྣ་སོགས་ནས་ཁྲག་མང་པོ་བཞུར་གྱི་ཡོད་སྐོར་བརྗོད་འདུག
ད་ལྟའི་ཆར་ཁོང་གི་དགོན་པ་དང་ཁྱིམ་མི་གཉེན་འབྲེལ་ཚོས་རྩད་གཅོད་གནང་བཞིན་ཡོད་ཀྱང་། ཁོང་གང་དུ་ཡོད་མེད་དང་གནས་སྟངས་གང་འདྲ་ཡིན་སོགས་ཤེས་རྟོགས་ཐུབ་ཀྱི་མེད་པས་ཐུགས་ཁྲལ་ཆེན་པོ་གནང་བཞིན་ཡོད་འདུག
གྲྭ་པདྨ་རྡོ་རྗེ་ལགས་ནི་སྡེ་དགེ་རྫ་ཁོག་དོ་རྡ་གྲོང་ཚོ་རྫ་དགོན་གསར་དགོན་ནས་ཡིན་ཞིང་། དེ་སྔོན་བླ་བྲང་བཀྲ་ཤིས་འཁྱིལ་དུ་ལོ་གསུམ་ཙམ་ལ་སློབ་གཉེར་གནང་ཡོད་པ་དང་། ཁོང་གི་ཕ་མིང་ལ་ལྷ་རྒྱལ་དང་ཨ་མའི་མིང་ལ་རྨེ་གཡང་ཞུ་བ་དང་། ཁོང་ཆུང་དུས་ནས་ཨ་མ་འདས་གྲོངས་སུ་ཕྱིན་ཡོད་འདུག
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།