སྡེ་དགེ་བ་རིག་འཛིན་དབང་ཕྱུག་ལ་གསེར་གྱི་རྟགས་མ་ཐོབ་པ།
སི་ཁྲོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐེངས་ ༡༤ པའི་ཐོག བོད་རིགས་ན་གཞོན་རིག་འཛིན་དབང་ཕྱུག་ལགས་ཀྱིས་ཨང་དང་པོ་བླངས་ཏེ་གསེར་གྱི་རྟགས་མ་ཐོབ་འདུག
ཟླ་འདིའི་ཕྱི་ཚེས་ ༤ ནས་ ༩ ཉིན་བར་སི་ཁྲོན་ཞིང་ཆེན་ཡཱས་པིན་གྲོང་ཁྱེར་དུ། གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐེངས་ ༡༤ པ་སྐོང་ཚོགས་བྱས་ཡོད་པ་དང་། འགྲན་ཚོགས་ཐོག་སི་ཁྲོན་ཞིང་ཆེན་གྱི་ཁུལ་དང་གྲོང་ཁྱེར་ཁག་ ༡༢ དང་། ལྷོ་ནུབ་མི་རིགས་སློབ་ཆེན་དང་ཁྲིན་ཏུའུ་ལུས་རྩལ་སློབ་གླིང་བཅས་ནས་གྲངས་ཉུང་མི་རིགས་ཁག་ ༡༩ ཡི་སྲོལ་རྒྱུན་ལུས་རྩལ་བ་ ༡༢༩༦ མཉམ་ཞུགས་བྱས་ཡོད་པ་དང་། ཐེངས་འདིའི་འགྲན་ཚོགས་ཐོག་རྐང་རིང་རྒྱུགས་འགྲན་དང་འཇུ་རེས། གླང་ཆེན་ས་གཤག མདའ་རྩལ་སོགས་གྲངས་ཉུང་མི་རིགས་ཀྱི་རྩེད་རིགས་རྣམ་གྲངས་ ༡༠ ཡི་ཐོག་འགྲན་སྡུར་བྱས་པ་བརྒྱུད། བྱ་དགའི་རྣམ་གྲངས་ ༣༨ ཀྱི་ནང་ནས་མང་ཆེ་བ་རྔ་བ་བོད་རིགས་ཆང་རིགས་རང་སྐྱོང་ཁུལ་དང་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ། ཉིང་ཧྲན་ཡས་རིགས་རང་སྐྱོང་ཁུལ་བཅས་ནས་ཡོང་བའི་འགྲན་ཞུགས་པར་ཐོབ་ཡོད་འདུག
འདི་གར་འབྲེལ་ཡོད་ནས་གནས་ཚུལ་མཁོ་སྤྲོད་གནང་བ་ལྟར་ན། ཐེངས་འདིའི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཐོག སྡེ་དགེ་འདན་མ་ནས་ཡིན་པའི་བོད་རིགས་ན་གཞོན་རིག་འཛིན་དབང་ཕྱུག་ལགས་ལ། གླང་ཆེན་ས་གཤག་གི་རྟིང་རྩོད་འགྲན་སྡུར་ཁྲོད་ཨང་དང་པོའི་བྱ་དགའ་ཐོབ་ཡོད་པ་དང་། ཁོ་བོ་ཕྱི་ལོ་ ༡༩༧༧ ལོར་འདན་མ་ལོ་ཕྱུག་ས་ཁུལ་དབེན་མགུ་གྲོང་ཚོའི་ཕ་ཀུན་དགའ་ཚེ་བརྟན་དང་མ་ཚེ་དབྱངས་གཉིས་ཀྱི་བུ་རུ་སྐྱེས་ཤིང་། ཆུང་དུས་ནས་ཞིང་གྲོང་གི་ལས་ཀ་བྱས་ཏེ་སློབ་གྲྭར་འགྲོ་མྱོང་མེད་པ་དང་། དེང་སང་ཚོང་ལས་གཉེར་ནས་བསྡད་ཡོད་འདུག
སི་ཁྲོན་ནི་རྒྱ་ནག་རྒྱལ་ཡོངས་ཀྱི་གྲངས་ཉུང་མི་རིགས་ཆེས་མང་བའི་ཞིང་ཆེན་ཞིག་ཡིན་ལ། ཕྱི་ལོ་ ༡༩༦༥ ལོར་གྲངས་ཉུང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་འདི་ཚོགས་མགོ་བརྩམས་ཏེ། ལོ་ ༤ རེའི་ནང་ཐེངས་གཅིག་ཚོགས་བཞིན་ཡོད་ལ། ཕྱི་ལོ་ ༢༠༡༨ ལོའི་ལུས་རྩལ་འགྲན་ཚོགས་ཐེངས་ ༡༥ པ་དེ་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་གྱི་ནང་འཚོགས་གཏན་འཁེལ་ཡོད་འདུག གསར་འགོད་པ་པདྨ་མཚོ།
2 Responses
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
བཀྲ་ཤིས་བདེ་ལེགས
Tashi delek