བལ་ཡུལ་ས་གནས་སྡེ་དགེ་ཚོགས་པ་དབུ་བརྙེས་པ།
འདོན་སྤེལ། 2014/09/12 3:33 PM
རྩོམ་པ་པོ།
'
རྩོམ་འོག་མ།
སྡེ་དགེ་བ་མགོན་པོ་ཕུན་ཚོགས་རྩིས་ཞིབ་འགན་འཛིན་དུ་བསྐོ་བཞག
བལ་ཡུལ་ས་གནས་སྡེ་དགེ་ཚོགས་པ་དབུ་བརྙེས་པ།
དེའང་བལ་ཡུལ་བྷོ་དྷ་མཆོད་རྟེན་ཆེན་མོའི་ཉེར་འཁོར་དང་། འཇོལ་ལ་ཁེལ་སོགས་བལ་ཡུལ་རྒྱལ་ཁོངས་སུ། བོད་ནས་སྔ་ཕྱི་བར་གསུམ་དུ་འབྱོར་བའི་སྡེ་དགེའི་མངའ་རྒྱ་ཞིང་ཁམས་ཀྱི་མི་སྣ་མང་ཧ་ཅང་མང་པོ་ཞིག་ཡོད་པ་ལྟར། ཉེ་ཆར་རྒྱ་ཆེའི་མང་ཚོགས་ཀྱི་རེ་འདུན་བཞིན་གོ་སྒྲིག་ཚོགས་ཆུང་ཟུར་བཙུགས་བྱས་ཏེ། གསར་བསྒྲགས་སྔོན་སོང་ཐོག་ཕྱི་ཟླ་ ༨ ཚེས་༡༣ ཉིན་འཇོལ་ལ་ཁེལ་སྡེ་དགེ་ཟ་ཁང་དང་། མཆོད་འཇོར་ཚོགས་ཁང་གཉིས་སུ་འོས་བསྡུའི་ལམ་ནས་བལ་ཡུལ་ས་གནས་སྡེ་དགེ་ཚོགས་པའི་སྐབས་དང་པོའི་རྒྱུན་ལས་མི་གྲངས་ ༧ གསར་འདེམས་ཞུས་པ་དང་། དེ་རིང་ཕྱི་ཟླ་ ༩ ཚེས་ ༡༢ ཉིན་གཞིས་ཀ་རྩེའི་སྐྱིད་སྡུག་གི་ཚོགས་ཁང་དུ་རྒྱུན་ལས་བསྐོ་བཞག་གི་མཛད་སྒོ་དང་འབྲེལ་བའི་ཚོགས་འདུ་ཞིག་བསྐངས་ནས་རྒྱལ་ཁའི་ངང་གྲོལ་ཡོད་པ་རེད།
རྒྱུན་ལས་རྣམ་པ།
- ཚོགས་གཙོ། གནས་ར་རྒྱལ་མཚན།
- ཚོགས་གཞོན། ཀརྨ་བྱམས་པ།
- དྲུང་ཆེ། ཚེ་བརྟན།
- དངུལ་གཉེར། ཆོས་གྲགས།
- མཐུན་འབྲེལ་འགན་འཛིན། དཔལ་ཡུལ་བསོད་བཟང་།
- དཔལ་འབྱོར་འགན་འཛིན། སྐལ་བཟང་དབང་རྒྱལ།
- རྩིས་པ། ཚེ་རིང་དཔལ་མོ་བཅས་ཡིན་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།