སྦེལ་ཇམ་དང་བལ་ཡུལ་ནས་འདན་མར་གདུང་སེམས་མཉམ་བསྐྱེད།
སྦེལ་ཇམ་རྒྱལ་ས་བྷུ་རུ་སུ་རུ་ཕྱི་ཟླ་ ༨ པའི་ཚེས་ ༣༠ དང་། ཕྱི་ཟླ་ ༩ ཚེས་ ༦ བཅས་ཉིན་གཉིས་རིང་སྦེལ་ཇམ་ས་གནས་སྡེ་དགེ་དང་གོ་འཇོ་ཚོགས་པ་དང་། བོད་རིགས་ཚོགས་པ་བཅས་ཀྱིས་གོ་སྒྲིག་འོག སྡེ་དགེ་འདན་མའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་ཞིག་གནང་འདུག་ལ། མཆོད་འབུལ་དེར་སྦེལ་ཇམ་དོན་གཅོད་སྐུ་ངོ་མཆོག་དང་དྲུང་ཆེ་རྣམ་གཉིས་ཀྱིས་གཙོས་བོད་རིགས་ཚོགས་པའི་ཚོགས་གཙོ་གཞོན་པ་དང་། ས་གནས་སྡེ་དགེ་ཚོགས་པའི་ཚོགས་གཙོ་བཅས་མཉམ་ཞུགས་ཐོག ཁོང་ཚོས་རྒྱ་ཆེའི་མང་ཚོགས་ལ་སྡེ་དགེ་འདན་མའི་ཛ་དྲག་གནས་ཚུལ་ངོ་སྤྲོད་དང་། བོད་ནང་གི་ད་ལྟའི་གནས་བབ་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་པ་རེད་འདུག
དེ་བཞིན་ཕྱི་ཟླ་ ༨ ཚེས་ ༣༡ ཉིན་བལ་ཡུལ་ས་གནས་ཆུ་སྒང་གིས་གོ་སྒྲིག་འོག་བལ་ཡུལ་རྒྱལ་སའི་ཉེ་འགྲམ་མཆོད་འཇོར་མི་མང་ཚོགས་ཁང་དུ་འདན་མའི་ཛ་དྲག་གནས་སྟངས་ལ་གདུང་སེམས་མཉམ་བསྐྱེད་ཆེད། མ་ཎི་ས་ཡ་ ༢། མ་ཛྲ་གུ་གུ་འབུམ་ ༣། སྒྲོལ་མ་ཁྲི་ ༢ སོགས་གསོག་སྒྲུབ་གནང་ཡོད་འདུག་ལ། མི་མང་སུམ་བརྒྱ་ཡན་མན་ཞིག་མཉམ་ཞུགས་བྱས་ཡོད་འདུག
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།