ཨ་རི་མི་ནི་སོ་ཏྲ་དང་རྒྱ་གར་དྷེ་ར་ལྡུན་ཁུལ་གྱི་མཆོད་འབུལ།
ཕྱི་ཚེས་ ༢༣ ཉིན་ས་གནས་སྡེ་དགེ་ཚོགས་པ་དང་། ༢༤ ཉིན་ས་གནས་བོད་རིགས་ཚོགས་པས་གོ་སྒྲིག་ཞུས་ཏེ་ཨ་རི་མི་ནི་སོ་ཏྲ་རུ་འདན་མའི་ཛ་དྲག་གནས་བབ་ཆེད་ཉིན་གཉིས་རིང་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་ཞུས་འདུག ཚོགས་མགོན་དུ་སྟག་ཤམ་སྤྲུལ་སྐུ་རིན་པོ་ཆེ་དང་། མཁན་པོ་ཀུན་དགའ། དེ་བཞིན་རྒྱུད་སྟོད་བླ་གྲྭ་ཁག་སོགས་མང་ཚོགས་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་འདུག་ལ། མཁན་པོ་ཀུན་དགའ་ལགས་ཀྱིས་དེང་སྐབས་སྡེ་དགེ་འདན་མ་རུ་ཛ་དྲག་གནས་ཚུལ་ལྷག་བཞིན་པའི་སྐོར་གསལ་བཤད་དང་། དེ་རིང་གདུང་སེམས་མཉམ་བསྐྱེད་གནང་དགོས་པའི་རྒྱུ་མཚན་སོགས་གསུངས་བཤད་ཡོད་པ་རེད།
དྷེ་ར་ལྡུན་ཁུལ་གྱི་ས་གནས་སྡེ་དགེ་ཚོགས་པའི་གོ་སྒྲིག་འོག་ས་སྐྱའི་བཙུན་དགོན་དུ་འདན་མའི་ཛ་དྲག་གནས་སྟངས་འོག་ལྷག་པའི་འདས་གསོན་གཉིས་ཀྱི་ཆེད་དུ་བསྔོ་སྨོན་མཆོད་འབུལ་རྒྱ་ཆེན་ཞུས་འདུག་པ་དང་། ས་སྐྱ་མ་དགོན་གྱིས་མཚོན་དགོན་སྡེ་ཁག་དང་། ༸ས་སྐྱ་བདག་ཁྲི་རིན་པོ་ཆེས་གཙོས་སྐྱེས་ཆེན་ཁག་གི་མདུན་དུ་སྐྱབས་རྟེ
ན་དང་བསྔོ་རྟེན་འབུལ་ལམ་ཞུས་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།