མར་མེའི་ཁྲོམ་སྐོར་དང་ངོ་རྒོལ་སྐད་འབོད།
སྡེ་དགེ་འདན་མའི་ཕྱོགས་སུ་མི་མང་བཀག་ཉར་དང་། རྡུང་རྡེག་དྲག་པོ་བཏང་སྟེ་དམར་གསོད་གཏོང་བཞིན་པའི་ཛ་དྲག་གནས་སྟངས་འདི་དག་གི་ཆེད། ཨ་རི་ཉི་ཡོག་ཏུ་བོད་མི་དང་བླངས་པ་ཁག་ཅིག་གིས་གོ་སྒྲིག་འོག་མཉམ་འབྲེལ་རྒྱལ་ཚོགས་མདུན་ཕྱི་ཚེས་ ༡༨།༡༩།༢༠ བཅས་ཉིན་གསུམ་རིང་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང་། ཕྱི་ཚེས་ ༢༠ ནས་ ༢༢ བར་ཆུ་ཚོད་ ༤༨ རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འཆར་ཡིན་འདུག
དེ་བཞིན་ཁ་སང་ཕྱི་ཚེས་ ༡༩ དགོང་མོ་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་འདན་མའི་ཛ་དྲག་གནས་དོན་ཆེད་བཞུགས་སྒར་རྡ་ས་རུ་མར་མེའི་ཁྲོམ་སྐོར་ཞིག་གནང་ཡོད་པ་རེད། དེའང་རྡ་ས་ཉིན་མོའི་སློབ་གྲྭ་རུ་བོད་དབྱིན་གཉིས་ཐོག་ནས་༼གངས་ལྗོངས་ས་མཐོའི་སྟེང་སླར་ཡང་རིག་གསར་གྱི་རླུང་འཚུབ་ལངས་བ་༽ཞེས་པའི་བསྒྲགས་གཏམ་སྤེལ་བ་དང་།
ཚོགས་གཙོ་པ་སངས་ཚེ་རིང་ལགས་དང་ཚོགས་གཞོན་ལྷ་རྒྱ་རི་རྣམ་རྒྱལ་སྒྲོལ་དཀར་ལགས་གཉིས་ཀྱི་གཙོས་རྒྱུན་ལས་དང་ཚོགས་མི། དེ་བཞིནས་དྷ་ས་ཁུལ་གྱི་སེར་སྐྱ་མི་མང་དང་བོད་དོན་རྒྱབ་སྐྱོར་བ་བཅས་ཁྱོན་མི་གྲངས་ ༡༠༠ ཙམ་མཉམ་ཞུགས་གནང་ཡོད་པ་རེད། ཚོགས་གཙོ་པ་སངས་ཚེ་རིང་ལགས་ཀྱིས། རྒྱ་གཞུང་གིས་ ༡༩༥༩ ལོར་བོད་ས་ཡོངས་རྫོགས་བཙན་བཟུང་བྱས་ཏེ། བོད་ཀྱི་སྣོད་བཅུད་གཉིས་ལ་གཏོར་སྐྱོན་ཚབས་ཆེན་བཟོས་དང་བཟོ་བཞིན་པའི་སྐོར་འགྲེལ་བརྗོད་དང་འབྲེལ། ཡིག་ཐོག་ནས་བསྒྲགས་གཏམ་སྒྲོག་སྦྱངས་གནང་བའི་ནང་། ཐེངས་འདིའི་རྒྱ་ནག་གུང་ཁྲན་ཏང་གི་གདུག་རྩུབ་ཅན་གྱི་བྱ་སྤྱོད་ལ་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཙོས་འགྲོ་བ་མིའི་ཐོབ་ཐང་ལས་ཁུངས་ཁག་དང་། དྲང་བདེན་དང་ཞི་བདེར་དད་པའི་འཛམ་གླིང་མི་མང་རྣམས་ཀྱིས། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་དག་ལས་མྱུར་དུ་གྲོལ་ཐུབ་པར་རྒྱབ་སྐྱོར་གྱིས་རྒྱ་ནག་གུང་ཁྲན་ཏང་གཞུང་ལ་གནོན་ཤུགས་སྤྲོད་གནང་ཡོང་བ་དང་། ལྷག་པར་རྒྱ་ནག་གུང་ཁྲན་ཏང་གི་དཔོན་རིགས་ཚོས་བོད་ཚུད་པའི་གྲངས་ཉུང་མི་རིགས་སྟེང་བཟུང་བའི་གདུག་རྩུབ་ཆེ་བའི་བྱ་སྤྱོད་དེ་དག་ཕྲལ་དུ་མཚམས་འཇོག་དགོས་པ་དང་། སེར་ཤུལ་རྫོང་འདན་མ་ཡུལ་ཚོའི་སྡེ་དཔོན་དབང་གྲགས་ཀྱི་གཙོས་ཉེས་མེད་འཛིན་བཟུང་བྱས་པའི་ཡུལ་མི་རྣམས་འཕྲལ་དུ་ཀློད་གྲོལ་དགོས། རྨས་སྐྱོན་ཕོག་པའི་རྨས་མ་ཚོར་མྱུར་དུ་སྨན་བཅོས་མཐུན་རྐྱེན་ཆ་ཚང་བསྐྲུན་དགོས་ཞེས་འབོད་སྐུལ་གྱི་བསྒྲགས་གཏམ་འདི་སྤེལ་ཞེས་བསྒྲགས་གཏམ་སྒྲོག་སྦྱོང་གནང་སོང་།
2 Responses
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
མཁྱེན་ཡང་འཆམ་ར་དྲི་མེད་རྒྱལ་མཚན་ལགས་ ཁྱེད་ཀྱི་སྤེལ་གནང་བའི་གནས་ཚུལ་ཁག་ཧ་ཅང་གི་ཕན་ཐོགས་ཆེན་པོ་འདུག་པས་བཀྲིན་ཆེ་ཞུ་གི་ཡིན་
གུས་མོ་དེ་མོའི་དབྱངས་སྒྲོལ་ནས་
ཡང་ཡང་ཕེབས་རོགས་གནོངས།