English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེའི་ལྷ་བཟོ་ཨ་ཆུང་ལགས་ལ་གསེར་གྱི་རྟགས་མ་ཐོབ་པ།

འདོན་སྤེལ། 2014/04/29 11:36 AM རྩོམ་པ་པོ།

10151324_839038002778386_2921382860121006928_nདེ་རིང་ ༢༠༡༤་༤་༢༨ ཀྱི་སྔ་དྲོའི་ཆར། རྒྱ་ནག་ཧྥི་ཅན་ཞིང་ཆེན་ཕོའུ་ཐེན་གྲོང་ཁྱེར་མཚོ་འགྲམ་གྱི་རྒྱ་ནག་རྒྱལ་ཡོངས་སྐབས་དགུ་པའི་བཟོ་རྩལ་འགྲེམ་སྟོན་ཆེན་མོའི་ཐོག་རྒྱལ་ཡོངས་སྐབས་དང་པོའི་སྲོལ་རྒྱུན་ཆོས་ལུགས་འཇིམ་བརྙན་བཟོ་རྩལ་འགྲན་བསྡུར་གྱི་གཟེངས་རྟགས་ཕུལ་བའི་མཛད་སྒོ་བསྡུས་ཡོད་པ་དང་། འགྲན་ཚོགས་ཐོག་བོད་རིཊ་འཇིམ་བཟོ་བ་གྲགས་ཅན་སྡེ་དགེ་ཨ་ཆུང་ལགས་ལ་ཁྱད་འཕགས་གསེར་གྱི་རྟགས་མ་དང་། སྲོལ་རྒྱུན་བཟོ་རིག་སྒྱུ་རྩལ་བ་ཆེན་མོའི་མཚན་སྙན་ཐོབ་ཡོད་པ་རེད།

འགྲན་ཚོགས་དེ་ནི་རྒྱལ་ཡོངས་མི་རིགས་དམངས་ཁྲོད་བཟོ་རིག་སྒྱུ་རྩལ་མཐུན་ཚོགས་ཀྱི་གོ་སྒྲིག་འོག ཟླ་འདིའི་ཕྱི་ཚེས་ ༡༠ ནས་ ༢༠ བར་ཉིན་ ༡༠ རིང་འཚོགས་ཡོད་པ་དང་། འགྲན་ཚོགས་ཐོག་རྒྱ་ནག་གི་ཞིང་ཆེན་དང་ལྗོངས་ ༡༤། དེ་བཞིན་ཐའེ་ཝན་དང་ཧོང་ཀོང་བཅས་ནས་ཡོང་བའི་ཆོས་ལུགས་འདྲ་མིན་གྱི་འཇིམ་བརྙན་བཟོ་རྩལ་བ་ ༣༩ དངོས་སུ་འགྲན་ཞུགས་གནང་ཡོད་ཅིང་། ཉིན་གྲངས་ ༡༠ རིང་དཔྱད་འདེམས་བྱས་པར་བརྒྱུད་ཁྱད་འཕགས་གསེར་གྱི་རྟགས་མ་ ༣ དང་། གསེར་གྱི་རྟགས་མ་གཞན་ ༦། དངུལ་གྱི་རྟགས་མ་༨། དེའི་འཕྲོས་ཕུལ་བྱུང་རྟགས་མ་བཅས་བྱ་དགའི་རིམ་པ་བཀར་ཡོད་པ་རེད། ཨ་ཆུང་ལགས་ཀྱིས་གསུང་དོན། ད་ཐེངས་རྒྱལ་ཡོངས་བཟོ་རིག་སྒྱུ་རྩལ་བ་གྲགས་ཅན་མང་པོ་ཞིག་དང་ལྷན་དུ་འདི་འདྲའི་འགྲན་བསྡུར་ཆེན་པོ་ཞིག་ལ་ཞུགས་ཐུབ་པར་དགའ་བོ་བྱུང་ལ། ལྷག་པར་དུ་བོད་རིགས་འགྲན་ཞུགས་པ་གཅིག་པུ་ཞིག་ཡིན་པའི་ཆ་ནས། ཁྱད་འཕགས་གསེར་གྱི་རྟགས་མ་དང་།  སྲོལ་རྒྱུན་བཟོ་རིག་མཛེས་རྩལ་ཆེན་མོའི་མཚན་སྙན་རག་པར་སྙིང་ནས་དགའ་བོ་བྱུང་ཞེས་དང་། མ་འོངས་པ་ལའང་རང་ཉིད་ཀྱིས་དམིགས་བསལ་སྒྱུ་རྩལ་ལམ་བུ་ཞིག་གསར་དུ་བཏོད་དེ་བོད་པའི་སྒྱུ་རྩལ་བཟོ་རིག་ཐོག་ཕུལ་བྱུང་བྱས་རྗེས་འཇོག་རྒྱུ་ཡིན་ཞེས་གསུང་ཡོད་འདུག

 

10171759_839037712778415_5825742300864273433_n (1)༈ ལྷ་བཟོ་བ་གྲགས་ཅན་ཨ་ཆུང་ལགས་ནི། ཁམས་སྡེ་དགེ་རྫོགས་ཆེན་གཡང་འཁྱིལ་སྟེང་དུ་སྐྱེས་ཤིང་། ལོ་ངོ་ ༡༡ སྟེང་རྫོགས་ཆེན་དགོན་པའི་ཆོས་སྒོར་ཞུགས། དེ་ནས་གྲགས་ཆེན་ལྷ་བཟོ་བ་ཐུབ་བསྟན་འོད་གསལ་ཡུན་དུ་བརྟེན་ནས་མར་ཚོན་མཛེས་བཟོ། སྐུ་གཟུགས་ཀྱི་ཐིག་རྩ་དང་རི་མོའི་མན་ངག་སོགས་སྨན་གསར་ལུགས་ཀྱི་སྒྱུ་རྩལ་ལྷ་བྲིས་ལ་བྱང་ཆུབ་པར་བྱས། ༡༩༨༥ ལོ་ནས་བོད་ནང་ཁུལ་གྱི་ས་ཆ་མང་པོ་ཞིག་ལ་ཕེབས་ནས་ཆོས་བརྒྱུད་རིས་མེད་ཀྱི་དགོན་སྡེ་ཁག་ཏུ་ཆེ་ཤོས་ལ་ཐོག་བརྩེགས་ལྔ་ཅན་གྱི་འཇིམ་སྐུས་མཚོན་ལྷ་སྐུ་རྟེན་བཞེངས་གནང་། ༢༠༠༠ ལོ་ནས་དེང་རབས་ཀྱི་ལྷ་བྲིས་སྒྱུ་རྩལ་ནང་འདྲེན་བྱས་ཏེ་མནའ་དེང་ཟུང་འབྲེལ་གྱི་ལག་རྩལ་བྱང་པར་བྱས་ཤིང་། ཕྱི་རྒྱལ་ཨ་མེ་རི་ཀ། ཧྥི་རན་སི། མ་ལེ་ཤ། སེངྒ་པོར་སོགས་སུ་ཕེབས་ནས་བོད་བརྒྱུད་ལྷ་བྲིས་སྒྱུ་རྩལ་གྱི་ལག་རྩལ་ངོམས་པ་དང་། འཛམ་གླིང་གི་མི་སྣ་མང་པོ་ཞིག་དོ་སྣང་འདྲེན་པར་བྱས། དེང་སྐབས་རྫོགས་ཆེན་སྒྱུ་རྩལ་རིག་གནས་སྒྱུ་རྩལ་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ནས། བོད་ཀྱི་བཟོ་རིག་ལག་རྩལ་ཁྱབ་སྤེལ་གནང་པ་དང་། དེ་ཉིད་ཡུན་དུ་གནས་ཐབས་ཆེད་སློབ་མ་བསྐྱེད་སྲིང་ཐོག་བཞུགས་ཡོད་ལ། ཉེ་ཆར་རྒྱ་ནག་རྒྱལ་ཡོངས་ཀྱི་སྐབས་དང་པོའི་སྲོལ་རྒྱུན་ཆོས་ལུགས་ལས་འཇིམ་སབརྙན་བཟོ་རྩལ་འགྲན་ཚོགས་སྟེང་ནས་ཁོང་ལ་ཁྱད་འཕགས་གསེར་གྱི་རྟགས་མ་ཐོབ་ཡོད་པ་རེད།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། ཝཱཎ་དབུས་བོད་ཀྱི་གཙུག་ལག་སློབ་གཉེར་ཁང་དུ་སློབ་མའི་ས་མིག

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།