སྡེ་དགེ་འཇོ་མདའ་ཁུལ་གྱི་གྲྭ་པ་ཞིག་དམར་གསོད།
རྒྱ་གཞུང་གིས་སྡེ་དགེ་འཇོ་མདའ་ཝམ་པ་དགོན་པའི་གྲྭ་བ་ཞིག་ལ་གཅར་རྡུང་བཏང་སྟེ་དམར་གསོད་བཏང་ཡོད་འདུག ཟླ་བ་སྔོན་མའི་ཕྱི་ཚེས་ ༢༨ ཉིན་གྱི་ཕྱི་དྲོའི་ཆུ་ཚོད་ ༣།༠༠ ཡས་མས་སུ་རྒྱ་གཞུང་གིས་ཆབ་མདོ་ས་ཁུལ་ཝམ་པ་དགོན་པའི་གྲྭ་བཀྲ་ཤིས་དཔལ་འབྱོར་ལགས། སྡེ་དགེ་རྫོང་སར་བཤད་གྲྭ་ནས་རང་དགོན་དུ་ལོག་འགྲོ་སྐབས། སྐམ་ཐོག་གྲུ་ཁ་ནས་ས་གནས་ཉེན་རྟོག་པས་སྔོག་གཤེར་བྱེད་སྐབས་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གི་གཏམ་བཤད་འོད་སྡེར་དང་། ༧གོང་ས་མཆོག་གི་བཀའ་སློབ་ཀྱི་དཔེ་དེབ་ཅིག་བཅས་རྙེད་སོན་བྱུང་ཡོད་ཚུལ་བཤད་དེ་ཉིན་དེའི་དགོང་མོ་སྡོད་གནས་སུ་འབྱོར་རྗེས་བཙན་འཁྲིད་བྱས་ཡོད་འདུག ཕྱི་ཟླ་ ༣ ཚེས་ ༡ ཉིན་ཉེན་རྟོག་པས་ཁོང་ལ་གཅར་རྡུང་དྲག་པོ་བཏང་སྟེ་ལུས་པོ་ཡོངས་ལ་རྨ་བཟོས་ནས་ཁ་གྲགས་མི་ཐུབ་པའི་གནས་སུ་བསྐྱལ་རྗེས་ཕྱིར་ནང་མིར་རྩིས་སྤྲོད་བྱས་ཡོད་པ་མ་ཟད། ཉེན་རྟོག་པས་ནང་མིར་ཟེར་རྒྱུར། ཁོང་གིས་རང་སྲོག་གཅོད་རྩིས་བྱས་ཏེ་གནས་སྟངས་དེ་འདྲ་ཆགས་ཡོད་སྐོར་བརྗོད་ཡོད་འདུག དེ་ནས་ཁྱིམ་མི་ཚོས་སྨན་ཁང་དུ་འཁྲིད་ཡོད་འདུག་མོད་ལམ་བར་ནས་ཁོང་སྐུ་གྲོངས་པའི་གནས་ཚུལ་བྱུང་ཡོད་འདུག
ཁོང་ནི་ཆབ་མདོ་ས་འཇོ་མདའ་རྫོང་། ཝམ་པ་སྡེ་བ་ནས་ཡིན་པ་དང་། ད་ལྟ་རང་ལོ་༣༤ ཡིན་འདུག ཁོང་གི་ཨ་མ་དེ་སྔོན་ནས་གྲོངས་ཡོད་པ་དང་ཕ་མིང་ལ་དངོས་གྲུབ་ཞུ་བཞིན་ཡོད་འདུག ཁོང་གིས་དེ་སྔོན་སྡེ་དགེ་རྫོང་སར་བཤད་གྲྭ་རུ་ལོ་ ༡༣ རིང་གཞུང་ལུགས་ཁག་ལ་སློབ་གཉེར་གནང་སྟེ་སློབ་དཔོན་གྱི་མཚན་གནས་བཞེས་ཡོད་པ་དང་། དེང་སྐབས་ཁོང་ལ་ཝམ་པ་སྡེ་དགོན་གཉིས་ནས་རེ་བ་ཆེན་པོ་འཆང་གིན་ཡོད་འདུག་པ་དང་། ཁོང་གིས་ཝམ་པ་དགོན་དུ་བཤད་གྲྭ་གསར་འཛུགས་ཀྱི་འཆར་གཞི་གནང་བཞིན་ཡོད་འདུག གནས་ཚུལ་དེ་ཐོན་རྗེས་ཡུལ་དགོན་གཉིས་ནས་མྱ་ངན་ཆེན་པོ་བྱེད་ཀྱིན་ཡོད་འདུག དེང་སྐབས་རྫོང་གི་ཉེན་རྟོག་པས་གནས་ཚུལ་འདི་ཡར་མར་བརྗོད་སྒྲོག་དང་། གོང་རིམ་ལ་ཞུ་བཏུག་གི་ལས་ཀ་མ་བྱེད་ཚེ། རྒྱ་སྒོར་ཁྲི་༢༥ སྤྲོད་ཆོག་པའི་སྐད་ཆའང་ཡོང་གིན་ཡོད་པའི་གནས་ཚུལ་འབྱུང་གིན་ཡོད་འདུག
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།