སྡེ་དགེ་དཔོན་མདའ་ནས་རྒྱ་དམག་གིས་བོད་མི་འཛིན་བཟུང་།
དེ་རིང་ ༢༠༡༤་༡་༧ ཞོགས་པ་གློ་བུར་དུ་རྒྱ་དམག་ཕོན་ཆེན་ཞིག་སྡེ་དགེ་དགོན་ཆེན། དཔོན་མདའ་རུ་འབྱོར་ཏེ། ཉེ་ཆར་ཕུག་ལམ་བཟོ་བར་བཀག་འགོག་གནང་མཁན་གྱི་བོད་མི་མང་པོ་ཞིག་འཇུ་བཟུང་བྱས་ཟིན་འདུག
དེའང་ས་གནས་ས་ཐོག་ནས་ཁུངས་ལྡན་གནས་ཚུལ་འབྱོར་གསལ། འདི་ལོ་ ༢༠༡༣་༥་༦ ཙམ་ནས་རྒྱ་གཞུང་གིས་སྡེ་དགེ་མཐིལ་ནས་ས་འོག་ཕུག་བཟོ་རྒྱུའི་ལས་འགོ་བཙུགས་ཏེ། ལོ་དེའི་ཕྱི་ཟླ་ ༥ པའི་ཚེས་ ༢༠ ཉིན་ལས་མི་དང་འཕྲུལ་ཆས་ཆེད་གཏོང་གིས་མཛད་སྒོའང་བྱས་ཏེ་དངོས་སུ་ལས་འགོ་བཙུགས་པ་དང་། སྐབས་དེ་ནས་བོད་མི་ཚོས། ས་བརྐོ་རྡོ་སློག་གི་ཐོག་ནས་ས་འོག་ཕུག་ལམ་བཟོས་ན། ང་ཚོའི་འཚོ་བ་ལ་བརྡབ་གསིག་དང་། ཁོར་ཡུག་ལ་གཏོར་སྐྱོན་ཡོང་ངེས་ཡིན་དུས་ལས་འགོ་མི་འཛུགས་རོགས་ཞེས་ཞུ་རིམ་པ་བྱས་ཀྱང་ཉན་འཇོག་མེད་པ་བཙན་ཤེད་ཀྱི་ལས་འགོ་བཙུགས་ཡོད། ༢༠༡༣ ཕྱི་ཟླ་ ༡༢ པའི་ཚེས་ ༢༧ ཉིན་ཕྱོགས་དེའི་བོད་མི་བརྒྱ་ཡན་མན་མང་ལས་ཀ་བྱ་སར་འབྱོར་ཏེ་དངོས་སུ་བཀག་འགོག་བྱས་པ་རེད། རྒྱུ་མཚན་ནི། སྡོད་ཁང་མང་པོ་ཞིག་ལ་སེར་ཁ་གས་པ་དང་། ཁག་ཅིག་ས་འོག་ཏུ་རྡིབ་བཞིན་པའི་ཛ་དྲག་གི་གནས་ཚུལ་ཐོན་བཞིན་ཡོད་པས་རེད།
༢༠༡༣་༡༢་༣༡ ཉིན་སྡེ་དགེ་རྫོང་ཟེར་བའི་མགོ་གཙོའི་ལས་ཁུངས་སུ་མང་ཚོགས་བཅར་ནས། གནས་ཚུལ་རྣམས་ཞུས་ཀྱང་དོན་ཕན་གང་ཡང་བྱུང་མེད། དེ་རིང་༢༠༡༤་༡་༧ ཉིན་གྱི་ཞོགས་པ་གློ་བུར་དུ་ལས་ཀ་དེར་བཀག་འགོག་བྱ་མཁན་གྱི་གྲོང་ཚོ་(དཔོན་མདའ་རུ་)རྒྱ་དམག་ཕོན་ཆེན་ཞིག་ཕབ་ནས། བཀག་འགོག་བྱ་མཁན་གྱི་བོད་མི་ཡོངས་རྫོགས་འཇུ་བཟུང་བྱས་ཟིན་པའི་གནས་ཚུལ་ཐོན་འདུག ད་ལྟ་ཤུལ་ལུས་མང་ཚོགས་ཀྱིས་འཇུ་བཟུང་བྱས་པ་རྣམས་མར་མ་གཏོང་ན། ང་ཚོའང་མཉམ་དུ་ཡར་འཇུ་བཟུང་བྱ་རོགས་ཞེས་བཤད་ནས་ཛ་དྲག་གི་གནས་ཚུལ་ཐོན་བཞིན་འདུག ༢༠༡༤་༡་༧ ཉིན།
འདིའི་སྐོར་གྱིས་གནས་ཚུལ་རྙིང་པ་དྲ་ཐག་འདིའི་སྟེང་ན་ཡོད།
One Response
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
ང་ཚོས་བོད་པའི་ལས་དབང་འདི་ངོ་སྐྱོར་གི། ཡིན་ནའང་དཀའ་སྒུག་ག་ཚོད་འཕྲད་ཡང་སེམས་ཤུགས་ཉམས་མི་ཉན་ལ་ ཁུར་ཡུག་སྲུང་སྐྱོབ་ནི་སྒྲིབ་ཁྲིམས་གཅིག་དང་འགལ་མེད། ཡུལ་མི་ཚོ་གཅིག་སྒྲིལ་བྱེད་དགོས། །