ཨ་རིའི་གྲགས་ཆེན་དྲ་བ་ཞིག་གི་ནང་ཐོན་པའི་བོད་ཀྱི་གཞས་པ།
དེའང་ཉེ་ཆར་བོད་ནང་གི་གསར་སྐྱེས་གླུ་པ་སྡེ་དགེ་གདན་སྟོད། རྩེ་མདའ་གྲོང་དུ་སྐྱེས་པའི་འཇམ་དཔལ་ལགས་ཀྱིས་གཏོང་གནང་པའི་<<ང་ཡི་ལས་དབང་>>ཞེས་པའི་ཟེར་སྡེར་གྱི་ནང་དུ་”རྒྱལ་གཅེས་དཔའ་བོ་དཔའ་མོ་”ཞེས་པའི་གླུ་གཞས་དེ་འདི་ཟླའི་ཕྱི་ཚེས་ ༡༨ ཉིན་ཨ་རིའི་གྲགས་ཆེན་ཚགས་པར་ཝ་ཤིང་ཊོན་པོ་སེ་ཞེས་པའི་ཚགས་པར་གྱི་དྲྭ་རྒྱའི་ཐོག་བཀོད་ཡོད་པ་དང་། དེ་མ་ཐག་ལྟ་ཉན་བྱེད་མཁན་ཧ་ཅང་གྲངས་ཚད་འཕར་ནས་འཛམ་བུ་གླིང་དུ་དར་ཁྱབ་ཆེན་པོ་བྱུང་ཡོད། དེ་བཞིན་གནས་ཚུལ་དེའི་སྐོར་ཨ་རིའི་རླུང་འཕྲིན་ཁང་ནས་ཀྱང་གོང་གསལ་ཨ་རིའི་ཚགས་པར་དྲ་བའི་ཐོག་ཐོན་པ་དང་། དེའི་སྐོར་ངོ་སྤྲོད་ཙམ་བྱས་འདུག་པ་གཤམ་གསལ་ལྟར་ལགས་མོད། གཞས་པ་ཁོང་གི་མཚན་དང་། སྐྱེས་ཡུལ་ཙམ་ཡང་ངོ་སྤྲོད་གནང་ཐུབ་མེད་པ་ནི་བློ་ཕམ་སྐྱེ་གཞི་རེད།
གཞས་པ་འཇམ་དཔལ་ལགས་ནི། ད་ལྟ་ཕོ་ལོ་ཉི་ཤུ་རྩ་བརྒྱད་དང་། སྐྱེས་ཡུལ་སྡེ་དགེ་འདན་སྟོད། རྩེ་མདའ་ནས་ཡིན་པ་རེད། དེ་སྔོན་ཁོང་གིས་ཟེར་སྡེར་གཉིས་བཏོན་ཟིན་ཡོད་པ་དང་། དང་པོ་དེའི་མིང་ལ་<<མཐོ་སྒང་གི་མུན་གླིང་>>(མུན་གླིང་རེད་སྙམ་དཔྱོད་)དང་། གཉིས་པ་<<ང་ཡི་ལས་དབང་>>འདི་ལོ་བཏོན་པ་དེ་ཡིན། ཁུངས་ལྡན་གནས་ཚུལ་འབྱོར་གསལ་ལ། ཉེ་བའི་ཟླ་ཤས་ནས་ཁོང་གི་འགྲོ་འདུག་ལ་གཟབ་གཟབ་ངེས་ཅན་དགོས་ཀྱིན་ཡོད་འདུག་ལ། ད་ལྟའི་ཆར་ལ་མཚོན་ནའང་ཁོང་གི་གནས་སྟངས་ཛ་དྲག་ཆགས་ཀྱིན་ཡོད་འདུག
ཨ་རིའི་གྲགས་ཆེན་དྲ་བ་ཝ་ཤིན་ཏྲོན་པོ་སེའི་ནང་གཞས་པ་ཁོང་གི་གླུ་གཞས་ངོ་སྤྲོད་བྱས་པའི་དྲ་ཐག
ཨ་རིའི་རླུང་འཕྲིན་ཁང་གི་དྲ་བ་རུ་གཞས་པ་ཁོང་ངོ་སྤྲོད་བྱས་པའི་དྲ་ཐག
http://m.voatibetan.com/a/1705483.html
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།