རྒྱ་ནག་ཏུ་ས་ཡོམ་གྱིས་མི་གྲངས་༡༢༤ ལྷག་འདས་གྲོངས།
དེ་རིང་ཞོགས་པ་རྒྱ་ནག་གི་ཆུ་ཚོད་༨ དང་སྐར་མ་༢ ཐོག་རྒྱ་ནག་གི་སི་ཁྲོན་གཡག་རྔ་རུ་རིམ་པ་༧ ཅན་གྱི་ས་ཡོམ་ཞིག་བརྒྱབས་ཏེ། མི་གྲངས་༡༢༤ ལྷག་འདས་གྲོངས་དང་མི་༣༠༠༠ ཙམ་ལ་རྨས་སྐྱོན་ཕོག་ཡོད་པ་རེད།
དེ་ཡང་རྒྱ་ནག་གི་ཞྭིན་ཧ་དྲ་ཐོག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་༢༠ ཉིན་གྱི་ཞོགས་པ་རྒྱ་ནག་གི་ཆུ་ཚོད་༨ དང་སྐར་མ་༢ ཐོག་རྒྱ་ནག་གི་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུ་ཧྲེ་རྫོང་དུ་རིམ་པ་༧ ཅན་གྱི་ས་ཡོམ་ཞིག་བརྒྱབ་ཡོད་པ་དང་། ས་ཡོམ་ཐོག་མར་བརྒྱབ་པ་ནས་ཆུ་ཚོད་ཕྱེད་ཀའི་ནང་མུ་མཐུད་དུ་ས་ཡོམ་རིམ་པ་འདྲ་མིན་ཐེངས་མང་པོ་ཞིག་སླེབས་ཡོད་པ་རེད།
གཡག་རྔ་ཛ་དྲག་མྱུར་སྐྱོབ་ལས་དོན་ཚོགས་ཆུང་གིས་བཤད་པ་ལྟར་ན། ད་ལྟའི་ཆར་མི་གྲངས་༡༢༤ ལྷག་ས་ཡོམ་གྱི་གོད་ཆག་དེའི་ཁྲོད་རྐྱེན་འདས་སུ་སོང་ཡོད་པ་ཁ་གསལ་ངོས་འཛིན་བྱུང་འདུག ཡིན་ནའང་དེ་ལས་མང་བའི་ཤི་རྨས་ཅི་ཙམ་བྱུང་ཡོད་མིན་གྱི་གནས་ཚུལ་གསལ་པོ་ད་དུང་ཤེས་རྟོགས་ཐུབ་མེད་པ་དང་། ཤི་རྨས་ཀྱི་གྲངས་ཀ་མུ་མཐུད་འཕར་བཞིན་ཡོད་པ་རེད་འདུག དེ་བཞིན་ས་ཡོམ་དེས་རྐྱེན་པས་གཡག་རྔ་དང་ཁྱིམ་མཚེས་ཀྱི་ཁྲིན་ཏུའུ་དང་ཁྲུང་ཆིན་སོགས་སུའང་མངོན་གསལ་དོད་པོས་ས་ཡོམ་གྱི་ཚོར་ཤུགས་བྱུང་ཡོད་འདུག གཡག་རྔ་ནི་བོད་རྒྱའི་ས་མཚམས་སུ་ཆགས་པའི་ས་ཁུལ་ཞིག་ཡིན་ཞིང་། ད་ལྟའི་ཆར་རྒྱ་རིགས་གཙོས་པའི་མི་གྲངས་ཁྲི་བརྒྱ་ལྷག་ཙམ་འདུས་སྡོད་བྱེད་སའི་ས་ཆ་ཞིག་ཡིན་པ་རེད།
ཡོང་ཁུངས། བོད་ཀྱི་བང་ཆེན་དྲ་བ།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།