English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༡ གསར་དུ་འགྲེམས་སྤེལ།

འདོན་སྤེལ། 2013/04/22 2:55 PM རྩོམ་པ་པོ།

munlam1_2013_4_20

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་ལས་ཁུངས་བཙུགས་ནས་ལོ་གཅིག་འཁོར་བ་དང་སྟབས་བསྟུན། སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༡ གསར་དུ་འགྲེམས་སྤེལ་བྱས་ཡོད་པ་རེད། ད་ལྟ་སྨོན་ལམ་ཚིག་མཛོད་དེ་ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་ལེགས་འགྲུབ་དང་། སྐར་ཁུང་རྟགས་ཅན་ནང་དུ་བསྐྱར་བཅོས་བྱས་ཡོད་པ་རེད།

དེ་ཡང་ཕྱི་ཟླ་༤ ཚེས་༢༠ ཉིན་གྱི་སྔ་དྲོ་དྷ་ས་གངས་སྐྱིད་ཉེ་འཁྲིས་སུ་ཡོད་པའི་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་དུ་གསར་འགོད་ལྷན་ཚོགས་ཤིག་བསྐོང་སྟེ། སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༡ པོ་བེད་སྤྱོད་གཏོང་ཕྱོགས་དང་། དེའི་ཁྱད་ཆོས་བཅས་ཞིབ་འཇུག་ཁང་དེའི་འགན་འཛིན་བློ་བཟང་སྨོན་ལམ་གྱིས་ངོ་སྤྲོད་གནང་ཡོད་པ་རེད། ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་ཚིག་མཛོད་དེ་དམིགས་བསལ་གྱིས་བེད་སྤྱོད་སྣ་འཛོམས་བྱེད་ཐུབ་ཀྱི་ཡོད་པ་རེད།

སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཀྱི་ཚིག་མཛོད་ཆེན་པོ་ཞིག་སྒྲིག་གི་ཡོད་ནའང་། ད་ཐེངས་ཀྱི་ཚིག་མཛོད་ཐོན་རིམ་༡.༡ པོ་ནི་བོད་ཀྱི་ཚིག་མཛོད་གྲགས་ཅན་ཁག་ཕྱོགས་བསྡུས་བྱས་པ་ཞིག་ལས། གསར་སྒྲིག་བྱེད་བཞིན་པའི་ཚིག་མཛོད་ཆེན་མོ་དང་འབྲེལ་བ་མེད་སྐོར་དང་། ད་ལྟ་པར་རིས་ཡོད་པའི་བོད་ཡིག་དང་དབྱིན་ཡིག རྒྱ་ཡིག་བཅས་ཡོད་པའི་ཚིག་མཛོད་ཅིག་ཀྱང་གསར་སྒྲིག་བྱེད་འཆར་ཡོད་པ་དང་། དེའི་ནང་གི་མིང་ཚིག་ཁག་ཀྱང་བོད་དབྱིན་རྒྱ་གསུམ་ཐོག་སྒྲ་གདངས་ཀློག་རྒྱུ་ཡོད་པ་ཞིག་སྒྲིག་འཆར་ཡོད་སྐོར་ཡང་བློ་བཟང་སྨོན་ལམ་གྱིས་འགྲེལ་བརྗོད་གནང་སོང་། སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༠ དེ་༢༠༡༠ ལོར་འགྲེམས་སྤེལ་བྱས་ཡོད་པ་རེད།

ཞིབ་འཇུག་ཁང་དེའི་ཉིན་དེར་སྤེལ་བའི་གསལ་བསྒྲགས་ནང་འཁོད་དོན། སྨོན་ལམ་ཚིག་མཛོད་ཐོན་རིམ་༡.༡ ཅན་ནི། བོད་ཡིག་ཚིག་མཛོད་དང་། དབྱིན་བོད་ཚིག་མཛོད། བོད་དབྱིན་ཚིག་མཛོད་བཅས་སྡེ་ཚན་གསུམ་ཡོད་པའི་མཉེན་ཆས་ཚིག་མཛོད་ཅིག་ཡིན་ལ། ཚིག་མཛོད་འདིར་བསྡོམས་པའི་མ་ཚིག་ཉིས་འབུམ་ལྷག་ཡོད་པ་མ་ཟད། སྡེ་ཚན་གཅིག་ནས་གཞན་ལ་ཐད་ཀར་བརྒྱུད་ནས་འཚོལ་ཐུབ་པ་བཟོས་ཡོད་པས་སྟབས་བདེ་ཡོད།

 

དེ་སྔོན་སྨོན་ལམ་ཚིག་ཐོན་རིམ་དང་པོ་སྐར་ཁུང་རྟགས་ཅན་གྱི་གློག་ ཀླད་(Windows)ཁོ་ནའི་ནང་མ་གཏོགས་བེད་སྤྱོད་མི་ཐུབ་ཀྱང་། ད་ཆ་ཀུ་ཤུ་རྟགས་ཅན་གྱི་ཀློག་ཀླད་ནང་དུའང་བེད་སྤྱོད་ལེགས་པར་གཏོང་ཐུབ་པ་བཟོས་ཐུབ་ཡོད་པ་དང།  ཀུ་ཤུ་རྟགས་ཅན་གྱི་གློག་ཀླད་ནང་བོད་དབྱིན་ཡིག་རིགས་ཀྱི་ལས་ཀ་གང་ཞིག་བྱེད་ནའང་ཚིག་མཛོད་འདིར་འབྲེལ་མཐུད་བྱེད་པར་ཧ་ཅང་སྟབས་བདེ་ཡིན་པས་བོད་ཡིག་དང་དབྱིན་ཡིག་འབྲི་ཀློག་སྦྱོང་གསུམ་བྱེད་པར་ཕན་ཐོགས་ཆེན་པོ་ཡོད། ཚིག་མཛོད་འདི་ནི་དྲ་འབྱེད་མཉེན་ཆས་ཁག་དང་ཀུ་ཤུ་བཟོ་ཚོང་ཁག་གིས་བཟོས་པའི་མཉེན་ཆས་མང་ཆེ་བར་ཐད་ཀར་བེད་སྤྱོད་གཏོང་ཆོག་པས་ན། བོད་་ཀྱི་སྐད་ཡིག་དང་འབྲེལ་བའི་སྟོང་ཆ་ཆེན་པོ་ཞིག་བསྐངས་ཐུབ་པ་བྱུང་ཡོད།

munlam_2013_4_20སྨོན་ལམ་ཚིག་མཛོད་ ༡.༡ ནི་སྐར་ཁུང་རྟགས་ཅན་གྱི་གློག་ཀླད་(Windows) ནང་ལའང་བེད་སྤྱོད་ལེགས་པར་ཐུབ་པ་མ་ཟད། དེ་སྔོན་གྱི་ཚིག་མཛོད་ལས་ཁ་འབྱེད་མགྱོགས་པ་དང་། བོད་ཡིག་ཚིག་མཛོད་ལ་ཞུ་དག་དང་བསྐྱར་བཅོས་ཐེངས་གཉིས་པ་བྱས་ཡོད་པས་ཕན་ཐོགས་གང་ལེགས་ཡོང་བའི་རེ་བ་ཡོད།

འོན་ཀྱང་ད་དུང་ཚིག་མཛོད་འདིའི་ནང་སྐྱོན་དང་ནོར་འཁྲུལ་རིགས་ཡོད་སྲིད་ན། བེད་སྤྱོད་གནང་མཁན་ཚོས་དུས་ཐོག་ལ་འདི་གར་འབྲེལ་བ་གནང་ན་རིམ་པས་ཡར་རྒྱས་གཏོང་ཆོག་པ་མ་ཟད། འདི་ག་སྨོན་ལམ་བོད་ཀྱི་བརྡ་འཕྲིན་ཞིབ་འཇུག་ཁང་གིས་བོད་ཡིག་གི་ཚིག་མཛོད་ཆེན་མོ་ཞིག་ཀྱང་རྩོམ་སྒྲིག་བྱེད་བཞིན་མཆིས་ན། ཁྱོན་ཡོངས་ནས་རྒྱབ་སྐྱོར་རོགས་རམ་ཡོང་བའི་རེ་སྐུལ་ཞུ་རྒྱུ་དང། བེད་སྤྱོད་གཏོང་ཚུལ་ནི་ཚིག་མཛོད་འདི་སྒྲིག་འཇུག་བྱས་རྗེས་བེད་སྤྱོད་གཏོང་ཚུལ་འདི་ག་ལས་ཁུངས་ཀྱི་དྲ་རྒྱ་www.monlamit.org ལ་གཟིགས་རོགས།

ཚིག་ མཛོད་འདི་ནི་བོད་ཀྱི་བོད་མི་རིགས་དང་རིག་གནས་ཀྱི་སྲོག་རྩར་གྱུར་པའི་བོད་ ཀྱི་སྐད་ཡིག་རྒྱུན་འཛིན་དང་དར་སྤེལ་ཆེད་དུ་དམིགས་ནས་བཟོས་པ་ཡིན་པས། ཚོགས་སྒེར་སུས་ཀྱང་ཚོང་བསྒྱུར་གཏན་ནས་བྱེད་མི་ཆོག ཚིག་མཛོད་འདི་བཞིན་འདི་གའི་དྲ་རྒྱའི་ལམ་ནས་ཐད་ཀར་ཕབ་ལེན་བྱ་ཐུབ་པ་དང་། མཉེན་ཆས་འདི་ཕན་ཚུན་ལ་ངོ་སྤྲོད་དང་བརྒྱུད་སྤྲོད་གང་མང་ཡོང་བའི་རེ་བ་ཞུ་ཞེས་འཁོད་ཡོད་པ་རེད།། ཡོང་ཁུངས། བོད་ཀྱི་བང་ཆེན་དྲ་བ།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། རྒྱ་ནག་ཏུ་ས་ཡོམ་གྱིས་མི་གྲངས་༡༢༤ ལྷག་འདས་གྲོངས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
  • ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
  • བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
  • དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
  • ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།