སྲིད་སྐྱོང་མཆོག་གིས་རྩོམ་པ་པོ་འོད་ཟེར་ལ་འཚམས་འདྲི་གནང་བ།
སྲིད་སྐྱོང་མཆོག་གིས་རྩོམ་པ་པོ་འོད་ཟེར་ལ་འཚམས་འདྲི་གནང་བ།
ཡོང་ཁུངས། ཤམ་བྷ་ལའི་ཕོ་ཉ། ཕྱི་ལོ་༢༠༡༣ཟླ་༣ཚེས་༦ཉིན། ཟླ་འདིའི་ཕྱི་ཚེས་༣ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་བོད་ནང་བོད་པའི་བུད་མེད་རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་སུ་༼རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་བྱ་དགའ་༽ཐོབ་པའི་གསལ་བསྒྲགས་གནང་བར། ཁ་སང་ཕྱི་ཚེས་༥ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་འཚམས་འདྲི་གནང་འདུག
འཚམས་འདྲི་དེའི་ནང་། རྩོམ་པ་པོ་ཚེ་རིང་འོད་ཟེར་ལགས་ཀྱིས་རང་ཉིད་སྒེར་གྱི་བདེ་འཇགས་ལ་མ་འཛེམས་པར་བོད་ནང་གི་དངོས་ཡོད་གནས་སྟངས་ཇི་ཡིན་རྒྱལ་སྤྱི་དང་ལྷག་པར་རྒྱ་ནག་སྐམ་སའི་མི་མང་རྣམས་ལ་གོ་རྟོགས་སྤེལ་ཡོད། བོད་དོན་ཆེད་ཞུམ་པ་མེད་པའི་སྙིང་སྟོབས་དང་ཆོད་སེམས་བརྟན་པོས་ཕྱག་ལས་གནང་བར་ངོས་འཛིན་གྱིས་ཐེངས་འདིའི་རྒྱལ་སྤྱིའི་དཔའ་མཛངས་ལྡན་པའི་བུད་མེད་ཀྱི་བྱ་དགའ་ཐོབ་པར་ང་ཚོས་དགའ་བསུའི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་གསུངས་འདུག
གཟེངས་རྟགས་དེ་བཞིན་ཕྱི་ལོ་ ༢༠༡༣ ཟླ་ ༣ ཚེས་ ༨ ཉིན་རྒྱལ་སྤྱིའི་བུད་མེད་ཀྱི་ཉིན་མོ་དང་སྟབས་བསྟུན་ཚེ་རིང་འོད་ཟེར་ལགས་ཀྱིས་གཙོས་བུད་མེད་གཞན་དགུ་ལ་གནང་གཏན་འཁེལ་ཡོད་འདུག
རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་གྱི་གསར་འགོད་པ་སངས་རྒྱས།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།