སྲིད་སྐྱོང་བློ་བཟང་སེང་གེ་ལ་ཆེ་བསྟོད་ཕུལ་འདུག
ཡོང་ཁུངས། བོད་ཀྱི་དུས་བབ།
ཧི་མ་ཅལ་མངའ་སྡེ་གཞུང་གིས་བོད་མིའི་སྒྲིག་འཛུཊ་སྲིད་སྐྱོང་མཆོག་ལ། རླངས་འཁོར་སྟེང་རྒྱ་གར་དཔོན་རིཊ་གཞན་དག་དང་གཅིག་མཚུངས་ཐོག་གློག་འོད་བརྡ་རྟཊ་སྟོན་བྱེད་ཀྱི་ཆེ་མཐོང་ཕུལ་འདུག
རྒྱ་གར་དུས་བབ་ནང་གནས་ཚུལ་ཐོན་གསལ་ལ། ཉེ་ཆར་རྒྱ་གར་ཧི་མ་ཅལ་མངའ་སྡེ་སྲིད་གཞུང་གིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ལ། རྒྱ་གར་མཐོ་རིམ་དཔོན་རིགས་གཞན་དག་དང་གཅིག་མཚུངས་ཐོག་རླངས་འཁོར་སྟེང་གློག་འོད་བརྡ་རྟགས་སྟོན་བྱེད་ཀྱི་དམིཊ་བསལ་ཆེ་མཐོང་ཞིག་ཕུལ་འདུག
དེའི་ཐད་རྒྱ་གར་དཔོན་རིགས་ཤིག་གིས་གསར་ལམ་ཁག་ཏུ། དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་ནི། ༸གོང་ས་ཏཱ་ལའི་བླ་མ་མཆོག་གིས་བོད་མིའི་ཆབ་སྲིད་འགན་དབང་ཡོངས་རྫོཊ་རྩིས་སྤྲོད་གནང་ས་ཞིག་དང་། མང་ཚོགས་ཀྱིས་ཐད་ཀར་འོས་འདེམས་བྱས་པའི་བོད་མིའི་ཆབ་སྲིད་མགོ་ཁྲིད་ཐོག་མ་དེ་ཆཊ་ཡོད་སྟབས། ང་ཚོས་སྲིད་སྐྱོང་ཁོང་ལ་ཆེ་བསྟོད་ཕུལ་བ་དེ་ནི་འོས་ཤིང་འཚམ་པ་ཞིག་ཡིན་ཚུལ་བརྗོད་འདུག་ལ། དེ་བཞིན་ཧི་མ་ཅལ་མངའ་སྡེ་བློན་ཆེན་མཆོག་ཝེར་བྷ་དི་སིན་མཆོག་གིས་ཀྱང་། ༸གོང་ས་ཏཱ་ལ་བླ་མ་མཆོག་ནི་རྒྱ་གར་དང་ཧི་མ་ཅལ་མངའ་སྡེའི་དམིཊ་བསལ་སྐུ་མགྲོན་ཆཊ་ཡོད་ཅིང་། སྲིད་སྐྱོང་བློ་བཟང་སེང་གེ་མཆོག་མང་གཙོའི་ལམ་ལུགས་ཐོག་འོས་འདེམས་བྱས་པའི་བོད་མིའི་ཆབ་སྲིད་དབུ་ཁྲིད་ཡིན་ཞིང་། ཁོང་རྣམ་གཉིས་ལ་སྲུང་སྐྱོབ་དང་གུས་བརྩི་ཞུ་རྒྱུ་རྒྱ་གར་དབུས་ས་གཉིས་ཀྱི་ལས་འགན་ཡིན་ཚུལ་སོཊ་བརྗོད་ཡོད་འདུག
ཧི་མ་ཅལ་མངའ་སྡེ་སྤྱི་ཁྱབ་བློན་ཆེན་མཆོག་གིས་མུ་མཐུད་དུ། ༸གོང་ས་མཆོག་གི་སྐུ་ཕྱཱའི་སྲུང་སྐྱོབ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་བདེ་འཇཊ་ཐད། ད་བར་རྒྱ་གར་དབུས་གཞུང་དང་ཧི་མ་ཅལ་མངའ་སྡེ་གཉིས་ཀྱིས་འགན་ཅི་ཐུབ་འཁུར་བཞིན་ཡོད་ཚུལ་དང་། ཉེ་ཆར་རྒྱལ་ས་ལྡི་ལིར་ཚོཊ་པའི་མངའ་སྡེ་བློན་ཆེན་ཁག་གི་ཚོཊ་འདུའི་སྟེང་། ཁོང་གིས་ ༸གོང་ས་མཆོག་དང་རྒྱལ་བ་ཀརྨ་པ་མཆོག་རྣམ་གཉིས་ཀྱི་སྐུའི་སྲུང་སྐྱོབ་ཀྱི་འགྲོ་གྲོན་ཆ་ཚང་རྒྱ་གར་དབུས་གཞུང་གིས་ནར་གཏོང་དགོས་པའི་འབོད་སྐུལ་ཞུས་ཡོད་སྐོར་བརྗོད་འདུག གསར་འགོད་པ། དཔལ་ལྡན།
བསམ་ཚུལ་འབྲི།

འབྲེལ་ཡོད་ཀྱི་རྩོམ་གཞན།
-
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
-
ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
-
བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
-
དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
-
ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།