ཁྲོ་ལ་གསོལ་མགྲོན་ཁང་ལེགས་གྲུབ་དང་ཁང་སྟོན་གསལ་བརྡ།
ཁང་སྟོན་གསལ་བརྡ།
༄༅། །མཛའ་བརྩེའི་འོ་མཚོ་གཅིག་ཏུ་རྒྱས་པའི་སྡེ་དགེའི་མང་ཚོགས་ལ་འཚམས་འདྲི་སྔོན་སོང་ཐོག་གུས་གསོལ།
དེའང་རྒྱལ་ས་ལྡི་ལི་རུ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཁྲོ་ལ་གསོལ་མགྲོན་ཁང་གི་ཕྱི་ནང་བཀོད་པ་ཡོངས་རྫོགས་གསར་བཟོ་ལེགས་གྲུབ་བྱུང་པའི་གཏམ་བཟང་ཞུ་བ་དང་ཆབས་ཅིག ཁ་སང་ཕྱི་ཟླ་ ༡༠ པའི་ཚེས་ ༢ ཉིན་དབུས་ལས་ཁུངས་སུ་ཚོགས་གཙོ་འཆམ་ར་དྲི་མེད་རྒྱལ་མཚན་ལགས་དང་བོགས་ལེན་པ། ཟུང་དཔང་རྣམ་པ་བཅས་ཚོགས་འཛོམས་ཐོག་སྔོན་གྱི་ཐག་གཅོད་བཞིན་མགྲོན་ཁང་གི་ཕྱི་ནང་ཆ་ཚང་བོགས་ལེན་པར་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་སྟབས་བདེ་ཞིག་ཚོགས་པ་ལེགས་གྲུབ་བྱུང་སོང་ཞུ།
མ་ཟད་འདི་ཚེས་ ༤ ནས་རྒྱལ་ཕྱི་ནང་གི་སྐུ་མགྲོན་སྣེ་ལེན་གྱིས་མགྲོན་ཁང་སྒོ་འབྱེད་བཞིན་ཡོད་མོད། དབུས་རྒྱུན་དང་ས་ཁང་ཚོགས་ཆུང་། ལྡི་ལི་སྡེ་དགེ་ས་རྒྱུན་བཅས་ཐུན་མོང་གི་གོ་སྒྲིག་འོག་འདི་ཟླའི་ཕྱི་ཚེས་ ༡༣ ནས་ ༡༤ བར་ཉིན་གཉིས་རིང་ཁང་སྟོན་རྒྱས་པ་ཞིག་གཏོང་རྒྱུར་གཏན་ཁེལ་སོང་པས་རྒྱལ་ཕྱི་ནང་གི་ཕུ་ནུ་མིང་སྲིང་གང་མང་ཞིག་ངེས་ཕེབས་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་ཅེས་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་དང་ས་ཁང་ཚོགས་ཆུང་ཐུན་མོང་ནས་ ༢༠༡༧་༡༠་༢ ཉིན།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།