English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

ྋགོང་ས་མཆོག་ལ་བཅར་འདྲི།

འདོན་སྤེལ། 2013/01/11 11:48 AM རྩོམ་པ་པོ།

བཅར་འདྲི་བྱེད་མཁན། རྗོར་རྒུ་ཨེ་རྗན་ཊོར་ཧཕི

ཕབ་བསྒྱུར་བྱེད་མཁན། མང་ཆུ་སྔོན་མོ། ཝཱ་ར་ཎཱ་སི།

སངས་རྒྱས་ཆོས་ལུགས་དང་དཔལ་འབྱོར་རིག་པ། འཛིན་སྐྱོང་ལྷན་ཚོགས་བཅས་ཚང་མ་ཕན་ཚུན་ལུ་གུ་རྒྱུད་དུ་སྦྲེལ་ཡོད་ཅིང༌། ཏཱ་ལའི་བླ་མ་མཆོག་གིས་ནོར་སྲིད་ཀྱི་ཉེན་ཁ་འདི་ནི་ཀུན་སྤྱོད་ཀྱི་ཉེན་ཁ་ཞིག་ཡིན་པའི་ཡིད་ཆེས་གནང་གི་འདུག གཤམ་གསལ་འདི་ནི་རྗོར་རྒུ་ཨེ་རྗན་ཊོར་ཧཕི་ལགས་ཀྱིས་བོད་ཀྱི་དབུ་ཁྲིད་ཏཱ་ལའི་བླ་མ་མཆོག་ལ་ཁོང་གི་བཙན་བྱོལ་བཞུགས་གནས་རྒྱ་གར་རྡ་རམ་ས་ལ་རུ་བཅར་འདྲི་བྱས་པ་ཞིག་ཡིན།

ཝལ་ཊི་དྲ་རྒྱ། སྐུ་ཉིད་ཀྱིས་རང་དབང་ཁྲོམ་རྭས་ལས་དོན་ཡག་པོ་སྒྲུབ་ཐུབ་ཀྱིན་མེད་པར་དགོངས་ཀྱི་འདུག་ལ། དེ་བཞིན་ཁྱེད་ཚང་སྒྲིག་སྲོལ་གཏན་འབེབས་ལའང་ཡིད་ཆེས་གནང་གི་མི་འདུག དེར་བརྟེན། ད་ལྟ་ང་ཚོར་དགོས་པ་དེ་ག་རེ་རེད།

ཏཱ་ལའི་བླ་མ། ངོས་ཀྱིས་དེ་ལ་རང་དབང་ཁྲོམ་རྭའི་དཔལ་འབྱོར་གྱི་འགན་འཁྲི་ཞེས་བརྗོད་ཀྱི་ཡོད། དེ་མཐར་གཏུགས་ན་མི་སྒེར་རེ་རེ་ལ་ཐུག་ཡོད། མི་སྒེར་སོ་སོའི་ཀུན་སྤྱོད་ཀྱི་འགན་འཁྲིའི་འདུ་ཤེས་དང་རང་ཁྲིམས་རང་སྲུང༌། ཡ་རབས་བཟང་སྤྱོད་དག་ལ་བརྟེན་ཡོད། ནོར་སྲིད་ཀྱི་ཉེན་ཁ་འདི་ཁྲོམ་རྭའི་དཔལ་འབྱོར་གྱི་ཉེན་ཁ་གཅིག་པུ་མ་རེད། དེ་ལས་ལྡོག་སྟེ་བཟང་སྤྱོད་ཀྱི་ཉེན་ཁ་ཞིག་རེད།

རེད་ལགས། དེར་བརྟེན་ང་ཚོས་ཐོག་མར་ངེས་པར་དུ་སྒྲུབ་དགོས་པའི་དོན་དག་ནི་སྲིད་གཞུང་ཚང་མའི་དབུ་ཁྲིད་རྣམ་པ་དང་བཟོ་ཚོང་ཁང་ཆེན་མོ་དག་གི་འགོ་གཙོ་ཡོངས་རྫོགས་ནང་པའི་དགོན་པ་དག་ལ་གཏོང་དགོས་པ་དེ་རེད། དེ་ལྟར་སྒྲུབ་ན་ཁོང་ཚོས་རང་ཁྲིམས་རང་སྲུང་སྦྱོང་སྲིད་པ་རེད་ལ་ཡ་རབས་བཟང་སྤྱོད་འགའ་འང་རྒྱུད་ལ་འཇགས་སྲིད་པ་རེད།

ཏཱ་ལའི་བླ་མ། “བཞད་མོ་བཞད” ང་ཚོའི་དགོན་པ་དག་ཏུ་བདུན་ཕྲག་གསུམ་གྱི་བགྲོ་གླེང་ཚོགས་འདུ་ཡིས་འབྲས་བུ་དེ་འདྲ་ཡག་པོ་ལེན་ཐུབ་ཀྱི་མ་རེད། དེ་ནི་བྲག་རྡོ་ཞིག་གི་སྒང་ལ་འཁྱགས་པ་དུམ་བུ་གཅིག་བཞག་པ་འདྲ་བོ་ཡོད་རེད། ཅུང་ཙམ་རྗེས་སུ་བྲག་རྡོ་དེ་རློན་པར་འགྱུར་ངེས་རེད། ཡིན་ཡང༌། དེ་ལས་ལྷག་ཅི་ཡང་འབྱུང་གི་མ་རེད། བྲག་རྡོ་དེ་དེ་རུ་གནས་ངེས་རེད། རྒྱལ་སྤྱིའི་ནོར་སྲིད་ཀྱི་ཉེན་ཁ་འདིའི་ནང་མ་ལག་ཆ་ཚང་བའི་འགྱུར་བ་མགྱོགས་པོ་ཞིག་ཡོང་བར་རེ་སྒུག་བྱེད་པ་ནི་དོན་དངོས་དང་འགལ་བ་ཞིག་རེད། འགྱུར་བ་འདི་དག་མི་སྒེར་རེ་རེའི་བསམ་བློ་ནང་དང་བཟོ་ཚོང་ཁང་དག་ཏུ་འགྲོ་དགོས་ཀྱི་ཡོད། འདི་ནི་ང་ཚོས་མི་མང་གི་ཤེས་ཡོན་སློབ་གསོ་སྟེང་ཤུགས་སྣོན་ཇི་ཙམ་རྒྱག་མིན་ལ་ཐུག་འདུག འདི་ནི་བྱིས་གསོ་ཁང་ནས་བཟུང་འགོ་འཛུགས་དགོས་པའི་བྱ་གཞག་ཅིག་ཡིན་པ་ལས་བདུན་ཕྲག་ཉུང་ཤས་ཤིག་གི་བགྲོ་གླེང་གིས་སེལ་ཐུབ་པའི་ལས་དོན་ཞིག་མ་རེད།

དེར་བརྟེན་སྐུ་ཉིད་ཀྱིས་སློབ་གྲྭ་ནང་དུ་ཨང་རྩིས་དང་ལོ་རྒྱུས། སྐད་ཡིག་བཅས་གཅིག་པུ་ལ་དམིགས་པ་ཙམ་མ་ཡིན་པར་ཀུན་སྤྱོད་རིག་པ་དང་མི་ཆོས་རིག་པ། ཆོས་ལུགས་བཅས་ཁྱབ་ཁོངས་རྒྱ་ཆེ་ས་ནས་ཁྲིད་དགོས་པ་རེད་ཅེས་གསུང་གི་ཡོད་པ་རེད།

ཏཱ་ལའི་བླ་མ། ལོ་རྒྱུས་དང་ཨང་རྩིས། སྐད་ཡིག་བཅས་ནི་ཀླད་པའི་ཆེད་དུ་སྒྲིག་པའི་སློབ་ཚན་རེད། ཡིན་ཡང༌། འགན་འཁྲི་སྟེ་ཀུན་སྤྱོད་ཀྱི་འགན་འཁྲི་དག་དང་སྤྱི་ཚོགས་ཀྱི་འགན་འཁྲི་དག་སེམས་གཏིང་ནས་ཡོང་དགོས། འགན་འཁྲི་འདི་དག་དང་ལྷན་དུ་ཀླད་པའི་ནུས་ཤུགས་བསྒྲིལ་དགོས་པ་ནི་ད་ལྟའི་སྲིད་གཞུང་དང་བཟོ་ཚོང་ཁང་ཚོར་ག་རེ་དགོས་པ་དེ་རེད། ངོས་ཁྱེད་ལ་དཔེ་མཚོན་ཞིག་འཇོག ང་ཚོ་བོད་མི་ཚོས་བོད་དགྱའི་གནད་དོན་འདི་འཚེ་མེད་ཞི་བ་ཁོ་ན་བསྟེན་ནས་སེལ་ཐུབ་པའི་ཡིད་ཆེས་བྱེད་ཀྱི་ཡོད།འདི་ནི་ང་ཚོས་འགོ་བྱིས་གསོ་ཁང་ནས་བཟུང་མི་སྒེར་ཞིག་གི་ཤེས་ཡོན་སློབ་གསོ་ཧྲིལ་བོ་རྫོགས་པའི་བར་དུ་སློབ་གསོ་ག་རེ་རྒྱག་གི་ཡོད་པ་དེ་ཡིན། བོད་མི་ཞིག་རྩོད་རྙོག་ཅིག་ལ་འཕྲད་པའི་ཚེ་ཁོང་གིས་འཕྲལ་དུ་ངས་འབྲེལ་མོལ་ག་འདྲ་བྱས་ན་ད་གཟོད་རྩོད་རྙོག་འདི་སེལ་ཐུབ་བམ་ཞེས་བསམ་སྟེ་ཡ་ལན་སློག་ངེས་རེད།ང་ཚོའི་སློབ་གྲྭ་ཚོ་ནང་གི་གཞོན་ནུ་ཚོས་ཀྱང་འཚེ་བ་ནི་ཐབས་ལམ་ནོར་འཁྲུལ་ཞིག་ཡིན་པ་དང་དེས་དཀའ་རྙོག་སེལ་མི་ཐུབ་པ་རྟོགས་དགོས་པ་བཟོ་རྒྱུ་དེ་ང་ཚོ་ལ་གལ་ཆེན་པོ་རེད། བསམ་བློའི་འཁྱེར་སོ་འདི་ཤེས་ཡོན་སློབ་གསོ་དང་སྦྱོང་བརྡར་བརྒྱུད་ནས་བོད་མི་མང་པོ་ཞིག་གི་འཚོ་བའི་ཆ་ཤས་སུ་གྱུར་ཡོད། འདི་འདྲ་དཔལ་འབྱོར་དང་ཁྲིམས་ལུགས་སྟངས་འཛིན་ཐོག་ལའང་གཅིག་མཚུངས་འབྱུང་དགོས་ཀྱི་འདུག

ང་ཚོས་རང་དབང་ཁྲོམ་རྭའི་དཔལ་འབྱོར་གྱི་འགན་འཁྲི་ཆེད་དོན་དམ་པའི་གྲ་སྒྲིག་ཅིག་བྱེད་པའི་བར་དུ་ལོ་ངོ་བཅུ་ཕྲག་གམ་དུས་རབས་ག་ཚོད་ཅིག་འགོར་སྲིད་ཀྱི་རེད།

ཏཱ་ལའི་བླ་མ། ནོར་སྲིད་དང་དཔལ་འབྱོར་གྱི་གཉན་འཕྲང་འདིས་དེ་མྱུར་དུ་འབྱུང་བར་རོགས་རམ་བྱེད་ཀྱི་རེད། རྒྱུ་མཚན་ནི་དངུལ་སྒོར་གཅིག་པུ་བསམ་མཁན་དང་ཐ་ན་དེ་རྨི་ལམ་རྨིས་མཁན་གྱི་མི་དེ་ཚོར་ད་ཐེངས་ཤུགས་རྐྱེན་ཆེ་ཤོས་ཐེབས་ཡོད་པ་རེད། ཉེན་ཁ་འདི་མི་མང་པོར་མཚོན་ན་འཇིགས་སུ་རུང་བ་ཞིག་རེད། ཡིན་ཡང༌། དེས་དངུལ་སྒོར་གྱི་རིན་ཐང་ལ་ཚད་ཡོད་པ་དང་བདེ་འཇགས་མེད་པའི་གནས་སྟངས་ཧ་ཅང་ཆེ་བ་ཡོད་པའང་ང་ཚོར་སྟོན་གྱིན་ཡོད། ནང་སེམས་ཀྱི་རིན་ཐང་དག་སྟེ་དཔེར་ན་མཛའ་བརྩེ་དང་ཡིད་ཆེས། དྲང་བདེན་དང་བྱམས་བརྩེ་བཅས་ནི་དངུལ་སྒོར་ལས་མང་པ་ཡིད་རྟོན་བྱེད་རུང་བ་ཞིག་ཡིན། འདི་དག་གིས་དུས་རྒྱུན་ང་ཚོའི་འཚོ་བའི་ནང་བདེ་སྐྱིད་དང་སྟོབས་ཤུགས་འཁྱེར་ཡོང་གི་ཡོད།

ཡིན་ཡང༌། མཛའ་བརྩེ་དང་ཡིད་ཆེས། བྱམས་བརྩེ་བཅས་ཀྱི་རིན་ཐང་ལ་གདེང་འཇོག་གནང་མཁན་མི་བུ་ཉུང་ཤས་རེད། སྐུ་ཉིད་ཀྱི་དགོངས་དོན་འདིར་སེམས་གཙོ་སྨྲ་བའི་ཤན་ཤུགས་ཅུང་ཙམ་ཐེབས་མི་འདུག་གམ།

ཏཱ་ལའི་བླ་མ། ཁྱེད་རང་གིས་བརྗོད་བཞིན་པ་འདི་འགལ་ཟླ་ཆེས་ཆེ་ཤོས་ནང་གི་གཅིག་རེད།ཁོང་ཚོ་ཡིན་ཞེས་ཁ་ཕོ་སྒྲོག་མཁན་གྱི་མི་དེ་ཚོར་དུས་རྒྱུན་ཡ་རབས་སྤྱོད་བཟང་གི་ཆ་ཧ་ཅང་ཉུང་ངུ་ལས་མེད་ལ། ཀུན་སྤྱོད་ཀྱི་འདུ་ཤེས་ཡག་པོ་ཡོད་མཁན་གྱི་མི་དེ་ཚོས་ཁོ་རང་ཚོ་ཅི་འདྲ་ཡིན་པ་བརྗོད་ཤེས་ཀྱི་མེད། དཀའ་ངལ་འདི་དཔལ་འབྱོར་རིག་པ་ལས་སྤྱི་ཚོགས་རིང་ལུགས་ནང་ཧ་ཅང་ཆེ་བ་ཡོད། འཇོན་ཐང་མེད་པའི་འགོ་ཁྲིད་ཚོས་དེ་སྔོན་རྒྱུན་དུ་འཇོན་ཐང་ཅན་ཚོར་དབང་སྒྱུར་དང་བཙིར་གནོན་བྱས་པ་རེད།དེའི་རྗེས་ག་རེ་འབྱུང་གི་ཡོད་པ་ང་ཚོས་མིག་མཐོང་བྱུང་ཡོད། གལ་ཏེ་བཟོ་ཚོང་ཁང་ཞིག་གིས་དེ་མཚུངས་ཀྱི་བྱ་སྤྱོད་བསྟན་ན་དེ་ཕམ་པར་བྱ་ངེས། རྒྱུ་མཚན་ནི་དེས་ནུས་ཤུགས་ཧ་ཅང་མང་པོ་ཞིག་ཆུད་ཟོས་སུ་གཏོང་གི་ཡོད་ཅིང༌། རང་ཉིད་ཀྱི་རིན་ཐང་དག་གཏན་ནས་ཡར་རྒྱས་གཏོང་མི་ཐུབ།

ཁེ་ལས་གཙོ་གཉེར་བ་ཡག་པོ་རེ་རེ་ལ་འོས་ཤིང་འཚམ་པའི་རྗེས་འཇུག་པ་ཞིག་འཚོལ་བར་སྔོན་འགྲོའི་ཆ་རྐྱེན་མང་པོ་ཡོད་པ་རེད། ཡིན་ཡང༌། སྐུ་ཉིད་ཀྱི་རྗེས་འཇུག་པ་འཚོལ་རྒྱུ་ནི་ཅུང་ཙམ་རྙོག་འཛིང་དང་གཞི་རྒྱ་ཆེ་བ་ཞིག་རེད། སྐུ་ཉིད་ཀྱིས་དེར་ཐུགས་འཁྲལ་གནང་གི་ཨེ་ཡོད།

ཏཱ་ལའི་བླ་མ། མེད། དེ་ནི་དེ་འདྲ་ཧ་ཅང་དཀའ་མོ་ཞིག་མ་རེད། ངོས་རང་དགེ་སློང་དཀྱུས་མ་ཞིག་ཡིན་པས་འཆི་ཁར་རྒྱུན་འཛིན་པ་ཞིག་དགོས་ཀྱི་མེད། ཏཱ་ལའི་བླ་མ་སྲིད་གཞུང་ཞིག་གི་འགོ་ཁྲིད་ཡིན་པའི་ལས་འགན་གྱི་ཆ་ནས་བསམས་ན། ངོས་ཀྱིས་ལོ་ངོ་བརྒྱད་ཀྱི་ཡར་སྔོན་ནས་སྲིད་གཞུང་གི་ལས་འགན་དག་མི་མང་རང་གིས་བདམས་པའི་སྲིད་གཞུང་ལ་རྩིས་སྤྲོད་བྱས་ཚར་ཡོད། དེར་བརྟེན་འདི་འང་དཀའ་ངལ་ཞིག་མ་རེད། འདི་ཡིས་ཏཱ་ལའི་བླ་མའི་རྗེས་འཇུག་པ་ཡི་གནད་དོན་ནི་ཆོས་ཀྱི་དབུ་ཁྲིད་ཅིག་གི་ཚུལ་དུ་འཇོག་གི་ཡོད། ངོས་ཀྱིས་༡༩༦༩ལོར་ཏཱ་ལའི་བླ་མ་སྐྱེ་ཕྲེང་བཅོ་ལྔ་བ་དེ་དགོས་མིན་བོད་མི་ཚོ་རང་ངོས་ནས་ཐག་གཅོད་བྱེད་དགོས་ཞེས་བརྗོད་ཡོད། ངོས་ཀྱིས་བསམ་འཆར་བཏོན་ཡོད། ཡིན་ཡང་འདི་ལས་ལྷག་ངོས་ཀྱིས་བྱེད་ཐུབ་ཀྱི་མེད་ལ་བྱེད་འདོད་ཀྱང་མེད།

འཛམ་བུ་གླིང་གི་དབུ་ཁྲིད་ཚང་མས་སྐུ་ཉིད་ལ་མཇལ་འཕྲད་གནང་འདོད་འདུག ཡིན་ཡང་ཁོང་ཚོ་དང་དགྱ་ནག་བར་གྱི་དཔལ་འབྱོར་གྱི་འབྲེལ་ལམ་ལ་ཉེན་ཁར་ཐུག་འཇུག་འདོད་མེད་པ་སྐུ་ཉིད་ཀྱིས་དགོངས་བཞེས་གནང་ཐུབ་ཀྱི་འདུག་གམ།

ཏཱ་ལའི་བླ་མ། ཆབ་སྲིད་པ་ཞིག་གིས་གདམས་ག་ཡོངས་རྫོགས་ལ་བསམ་གཞིགས་བྱེད་པ་དང་དེའི་རྗེས་རྒྱལ་ཁབ་ཀྱི་ཁེ་ཕན་བརྩི་སྲུང་བྱེད་པའི་ཐག་གཅོད་ཐོག་ཡོང་བ་ཡིན་ན་ངོས་ཀྱིས་དེ་འགྲིག་གི་རེད་བསམ་གྱི་ཡོད། ཡིན་ནའང༌། ཆབ་སྲིད་པ་མང་པོ་ཞིག་གིས་ཁོང་ཚོ་རང་ཉིད་ཀྱི་ཆེད་དུ་དེ་ཧ་ཅང་ལས་སླ་བོ་བཟོ་གི་ཡོད། ཁོང་ཚོར་མཚོན་ན་ཁོང་ཚོ་རང་གི་བཟོ་ཚོང་ཁང་ཚོས་དངུལ་སྒོར་གང་མང་མང་གསོག་ན་འགྲིག་གི་ཡོད་པ་གཅིག་པུ་བསམ་གྱི་འདུག འདི་ནི་ངོས་ལ་མཚོན་ན་འཇིགས་སུ་རུང་བའི་དཀའ་ངལ་ཞིག་རེད་དམ། དངོས་གནས་མ་རེད། ང་རང་གི་དགའ་སྣང་གཙོ་བོ་ནི་འགྲོ་བ་མིའི་རིན་ཐང་དག་སྟེ་དཔེར་ན། འཆམ་མཐུན་དང་འགན་འཁྲི། སྦྱིན་གཏོང་གི་བྱ་བཞག་བཅས་དར་སྤེལ་གཏོང་རྒྱུ་དེ་ཡིན། འདི་དག་སྒྲུབ་པར་ངོས་རང་མི་མང་དང་ལྷན་དུ་སྐད་ཆ་བཤད་དགོས་ཀྱི་འདུག་པ་ལས་ཁོང་ཚོའི་དབུ་ཁྲིད་ཚོ་མིན། གལ་ཏེ་སྲིད་གཞུང་ཞིག་གི་དབུ་ཁྲིད་ཅིག་གིས་ཆོས་ཕྱོགས་ནས་ངོས་ལ་ཐུག་འདོད་ཡོད་ན། ང་ཁོང་ཚོར་ཐུག་རྒྱུ་ཧ་ཅང་དགའ་དགའ་ཡིན། གལ་ཏེ་ཁོང་ཚོ་ཐུག་འདོད་མེད་ན། མ་ཐུག་ན་ཆོག་གི་རེད། དེ་ལ་དཀའ་ངལ་འདྲ་མི་འདུག་ ངོས་རང་འཛམ་བུ་གླིང་ལ་འགྲུལ་བཞུད་བྱེད་དོན་ངོས་ཀྱི་མི་མང་དང་བོད་ཀྱི་མ་འོངས་བའི་གནད་དོན་གཅིག་པུ་ཆེད་མིན། ངོས་རང་མི་ག་ཚོད་མང་པོར་མཇལ་ཐུབ་ན་མཇལ་འདོད་འདུག

དུས་རབས་འདི་ནི་དགྱ་ནག་གི་ཡར་སྐྱོད་ཀྱི་མཚོན་རྟགས་ཤིག་ཏུ་འགྱུར་ངེས་སམ།

ཏཱ་ལའི་བླ་མ། དགྱ་ནག་གིས་སྟོབས་ཤུགས་ཧ་ལས་པ་ཡར་རྒྱས་བཏང་ཡོད། ཐུན་མོང་མཉམ་སྡེབ་ཀྱི་རིམ་པའི་སྟེང་གི་རང་དབང་མང་བོ་འོག་ནས་དཔལ་འབྱོར་ཡར་རྒྱས་ག་འདྲ་ཡག་པོ་གཏོང་ཐུབ་པའི་བདེན་དཔང་དགྱ་ནག་གིས་སྟོན་གྱི་ཡོད། ཡིན་ནའང༌། དགྱ་ནག་ལ་ག་རེ་ཚང་གི་མི་འདུག་ཟེར་ན།རང་ཉིད་ཀྱི་སྤྱི་ཚོགས་བརྟེན་སའི་རིན་ཐང་དག་བརླག་ཀྱིན་ཡོད་པ་རེད། དམར་ཕྱོགས་རིང་ལུགས་པའི་གསར་བརྗེའི་སྔོན་གྱི་འབྲེལ་ཡོད་ཀྱི་ཀུན་སྤྱོད་མ་ལག་དག་སྔ་མོ་ནས་ཉམས་ཆགས་སུ་ཕྱིན་ཚར་ཡོད། ད་ལྟ་དེ་དག་གི་ཚབ་ག་རེ་ཡིས་བཟུང་ཡོད་པ་རེད་ཟེར་ན། དེ་ནི་དངུལ་སྒོར་ལས་གཞན་མིན། ཕུལ་བྱུང་དམར་ཕྱོགས་རིང་ལུགས་པ་འདི་ཡིས་སྟོབས་ཤུགས་དང་སྒོར་མོ་གཅིག་པུ་ལས་བསམ་གྱི་མེད། འདི་ནི་ཧ་ཅང་གཏོར་བཤིག་གི་རང་བཞིན་ཞིག་ཆགས་སྲིད།

རྒྱལ་ཁབ་དང་ཆོས་ལུགས། དཔལ་འབྱོར་བཅས་ཐ་དད་དུ་ཇེ་ཆེར་འགྲོ་བཞིན་འདུག སྐུ་ཉིད་ཀྱིས་ཆོས་ལུགས་ཀྱི་དབུ་ཁྲིད་ཚོ་སྟེ། དཔེར་ན། སྐུ་ཉིད་དང་ཡེ་ཤུའི་བླ་ཆེན་ཕོད་ཕུ་ལྟ་བུ་དག་གིས་འཇིག་རྟེན་འདི་ཇེ་བཟང་དུ་འགྱུར་བ་གཏོང་ཐུབ་པར་ཡིད་ཆེས་གནང་གི་ཨེ་ཡོད།

ཏཱ་ལའི་བླ་མ། ངོས་རང་ཆོས་ལུགས་ཀྱི་དབུ་ཁྲིད་ཅིག་གི་ཚུལ་དུ་འཛམ་བུ་གླིང་ལ་འགྲུལ་བཞུད་གནང་གི་མེད། ངོས་རང་མི་རང་ག་བ་ཞིག དགེ་སློང་དཀྱུས་མ་ཞིག་ཡིན། ངོས་རང་ཏཱ་ལའི་བླ་མའི་མིང་ཐོག་ནས་ཕེབས་བསུ་ཞུ་གིན་ཡོད་སྟབས་ངོས་ལ་གོ་སྐབས་མང་པོ་ཡོད་པ་དངོས་འབྲེལ་རེད་ལ། ངོས་ཀྱི་ལོ་ངོ་༥༠རིང་གི་བཙན་བྱོལ་འཚོ་བའི་ཁྲོད་ཉམས་མྱོང་མང་པོ་ཞིག་ཀྱང་བསགས་ཡོད་པའི་སྟབས་རེད།ངོས་ཀྱིས་ཉམས་མྱོང་འདི་དག་མི་མང་ཚོར་ལྷན་དུ་གླེང་ཐུབ་ཀྱི་ཡོད། ཡིན་ཡང༌། ངེད་གཉིས་ཀྱིས་སྐབས་འདིར་བརྗོད་བཞིན་པའི་ཀུན་སྤྱོད་ཀྱི་རྣམ་གཞག་འདི་དག་གིས་ངོས་ལ་ནང་སེམས་ཀྱི་སྟོབས་ཤུགས་ཤིག་གནང་གི་འདུག སྟོབས་ཤུགས་འདིས་ངོས་ལ་ནང་སེམས་ཀྱི་ཞི་བདེ་སྤྲོད་ཀྱི་འདུག འདི་ནི་ངོས་རང་ག་འདྲ་བྱས་ཏེ་མི་མང་ཚོར་ཐུག་འཕྲད་གནང་འདོད་ཡོད་པ་དེ་ཡིན།

སྐུ་ཉིད་ཕྱི་རྒྱལ་དུ་འགྲུལ་བཞུད་གནང་སྐབས་སྐར་མ་ལྔ་ཅན་གྱི་མགྲོན་ཁང་ནང་བཞུགས་དུས་ག་འདྲ་ཚོར་གྱི་འདུག

ཏཱ་ལའི་བླ་མ། སྐད་ཆ་དྲང་མོར་བཤད་ན། ངོས་རང་མགྲོན་ཁང་ཆེན་པོ་དག་ཏུ་སྡོད་དུས་སྐྱིད་པོ་ཞིག་ཚོར་གྱི་མི་འདུག མཚམས་རེར་ངོས་ཀྱིས་ཁང་པ་ནང་གདོན་འདྲེ་མེད་འགྲོ་བསམ་གྱི་ཡོད།བཞད་མོ་བཞད རྒྱུ་མཚན་འདི་ལ་བརྟེན་ནས་ངོས་ནས་དུས་རྒྱུན་སྡོད་ཁང་སྟབས་བདེ་བོ་ཞིག་མཁོ་སྤྲོད་བྱེད་པར་རེ་བ་འདོན་གྱི་ཡོད། ངོས་རང་ཁོར་ཡུག་གཙང་ཞིང་སྐྱིད་པོ་ཡོད་པའི་དེང་དུས་ཀྱི་ས་ཆ་ནང་སྡོད་པར་དགའ་བོ་ཡོད། ཡིན་ཡང༌། ངོས་རང་མང་ཆེ་ཤོས་གང་དུ་སྡོད་ས་དེར་གོམས་ཀྱི་མི་འདུག

སྐུ་ཉིད་རྒྱས་སྤྲོས་ཆེ་བའི་གསོལ་མགྲོན་ཁང་ནང་བཞུགས་སྐབས་ཉེས་དམིགས་ཀྱི་བློ་ཞིག་སྐྱེས་ཀྱི་འདུག་གམ།

ཏཱ་ལའི་བླ་མ། ངོས་ལ་ཅིའི་ཕྱིར་སྐྱེས་དགོས་པ་རེད། ཚོར་བ་སྐྱིད་པོ་བྱུང་དུས། ངོས་ཀྱིས་གཞན་དོན་མང་པོ་སྒྲུབ་ཐུབ་ཀྱི་རེད། ཡིན་ཡང༌། ངོས་ནས་མི་ཉམ་ཐག་ཚོ་མཐོང་དུས་སེམས་ལ་ན་ཟུག་ཡང་ཡང་གཏོང་གི་འདུག ཝེ་ན་ནས་ཐེངས་གཅིག་ངོས་རང་ཉལ་དུ་འགྲོ་སྐབས་མི་ཞིག་ཕྱི་ལོག་གི་སྲང་ལམ་སྟེང་ཉལ་ཡོད་པ་མཐོང་བྱུང༌། དེའི་ཕྱི་ཉིན་ངོས་རང་གཉིད་སད་དུས། ཁོང་ད་དུང་དེ་རུ་བསྡད་འདུག ངོས་ཀྱིས་ཁོང་ལ་ཤིང་ཏོག་དང་བག་ལེབ་བསྐུར་བ་ཡིན། དེ་ཡིས་ཁོང་གི་ཚད་མེད་པའི་སྡུག་བསྔལ་གནས་སྐབས་རིང་མ་གཏོགས་སེལ་ཐུབ་ཀྱི་མེད་པ་ངོས་ཀྱིས་ཧ་གོ་གི་ཡོད།

སྐུ་ཉིད་ལུགས་དང་མ་མཐུན་པའམ་དྲང་པོ་མ་བྱུང་བའི་དུས་སྐབས་མཐའ་མ་དེ་ག་དུས་ཡིན།

ཏཱ་ལའི་བླ་མ། “བསམ་བློ་གཏོང་བཞིན” མཚམས་རེར་ངོས་ཀྱིས་བཟོད་སྒོམ་མ་ཐུབ་པ་ཡོང་གི་འདུག ཡིན་ཡང༌། དེའི་རྗེས་ངོས་བཟོད་གསོལ་ཞུ་གི་ཡོད། སྐབས་རེར་དེ་འདྲ་འབྱུང་གི་འདུག

སྐུ་ཉིད་ཀྱིས་ཁོང་ཁྲོའི་གནོད་སྐྱོན་ག་འདྲ་ཡིན་པའི་སྐོར་ལ་དེབ་མང་པོ་མཛད་འདུག སྐུ་ཉིད་མཚམས་རེར་ད་དུང་འང་སྐུ་རླུང་བཞེངས་ཀྱི་འདུག་གམ།

ཏཱ་ལའི་བླ་མ། ལོས་ཡིན། དེ་ནི་ཁོང་ཁྲོ་མེད་པར་བཟོ་རྒྱུའི་སྐོར་མ་རེད། དེ་ལས་ལྡོག་སྟེ་དེའི་འབྱུང་ཁུངས་བཙལ་ཏེ་དེར་ཁ་གཏད་གཅོག་དགོས་པ་རེད། གལ་ཏེ་ཁྱེད་ཀྱིས་ཁོང་ཁྲོ་གང་ནས་ཡོང་བ་མ་ཤེས་པ་དང་དེར་ཁ་གཏད་མ་བཅག་ན། ཁོང་ཁྲོ་ཇེ་ཆེར་འགྲོ་ངེས་རེད། ཁོང་ཁྲོ་ནི་ཁེངས་དྲེགས་གཞི་རུ་བཞག་པའི་གཏོར་བཤིག་རང་བཞིན་གྱི་ཚོར་བ་ཤུགས་དྲག་པོ་ཞིག་ཡིན། རྒྱུ་མཚན་འདིར་བརྟེན་ནས་ང་ཚོས་ངེས་པར་དུ་དེའི་འབྲུང་ཁུངས་བཙལ་ཏེ་དེར་བཀག་འགོག་བྱེད་དགོས།

སྐུ་ཉིད་ཀྱིས་དངུལ་ཁང་འཛིན་བྱང་དང་མཐོང་ཆེན་ལག་འཁྱེར་གང་ཡང་བདག་ཏུ་འཛིན་གྱི་མི་འདུགསྐུ་ཉིད་ལ་མེད་ན་འཚོ་ཐབས་བྲལ་བའི་ཅ་ལག་དེ་འདྲ་དངོས་གནས་མཁོ་གི་འདུག་གམ། དཔེར་ན། སྐུ་ཉིད་ཀྱི་བཞུགས་ཁང་ནང་མཁོ་བའི་ལུས་རྩལ་གྱི་ཡོ་ཆས་ལྟ་བུ།

ཏཱ་ལའི་བླ་མ། མེད། མེད་ན་འཚོ་ཐབས་མེད་པའི་ཅ་ལག་དེ་འདྲ་ཅི་གང་མེད། བསམ་བློ་འཁྱེར་སོ་འདི་ངོས་རང་བྱིས་པ་ཆུང་ཆུང་ཞིག་ཡིན་པའི་སྐབས་ནས་སྦྱངས་ཡོད།

 

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། རྫ་ཆུ་ཁའི་ཡུལ་སྡེ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་བ་དཀོན་མཆོག་བཀྲིས་ལ་བོད་ཀྱི་རྟ་སྒའི་སྐོར་བཅར་འདྲི།
  • པར་ཤིང་གི་སྐོར་ནས་མཁས་དབང་ཐུབ་བསྟན་ཕུན་ཚོགས་ལ་བཅར་འདྲི།
  • བོད་ཀྱི་ལྷ་རྗེ་སྐུ་བགྲེས་རྣམས་ལ་བཀའ་འདྲི་འགའ་ཞིག
  • འབོ་གངས་དཀར་རིན་པོ་ཆེ་ལ་བཀའ་འདྲི་ཞུས་པ།
  • སྡེ་རོང་ཚེ་རིང་དོན་གྲུབ་ལགས་ལ་མི་ཉག་སྐོར་གྱི་བཅར་འདྲི།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།