ཨ་ཕྱུག་གི་ནད་པ་ལ་ཧིན་སྒོར་གཅིག་འབུམ་ལྷག་གི་རོགས་རམ།
ཨ་ཕྱུག་གི་ནད་པ་ལ་ཧིན་སྒོར་གཅིག་འབུམ་ལྷག་གི་རོགས་རམ།
དེའང་ ༢༠༡༩་༤་༢༨ ཉིན་བོད་ནང་གི་སྡེ་དགེ་རྫོང་། ཚ་ས། ཡ་དུས་ཤང་། རུ་ཁག་བཞི་པའི་ཉམས་ཐག་ནད་པ་ཟླ་བ་ལྷ་མོ་ལགས་ནས་བལ་ཡུལ་ས་གནས་སྡེ་དགེའི་རྒྱུན་ལས་བརྒྱུད། ཁོ་མོའི་རྐང་པ་ལ་ནད་ཚབ་ཆེན་པོ་ཞིག་བྱུང་སྟེ་ད་ཆར་བཤག་བཅོས་བྱེད་དགོས་འདུག་མོད། དེ་སྔོན་ཕོ་བའང་བཤག་བཅོས་བྱས་ཏེ་དངུལ་ཕྲན་བུ་ཡོད་པ་ཚང་མ་རྫོགས་སོང་པ་དང་། ད་སྐབས་སྨན་ཡོན་གྱི་དཀའ་ངལ་ཅི་ཆེ་འཕྲད་བཞིན་ཡོད་པས། སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ནས་རོགས་རམ་ཞིག་གནང་ལམ་ཡོང་བ་ཞུ་ཞེས་པའི་སྙན་ཞུ་འབྱོར་བ་དེ་བཞིན།
སྒྲིག་སྲོལ་ལྟར་ཡན་ལག་མྱུར་སྐྱོབ་ཁང་ནས་ཞིབ་འཇུག་བྱས་པའི་སྙན་ཐོ་འབྱོར་བར་གཞི་རྩར་བཟུང་སྟེ། ས་བགོས་ཧྥི་རན་སི་ས་གནས་སྡེ་དགེའི་རྒྱུན་ལས་ཀྱིས་གཙོ་འགན་བཞེས་པའི་འོག ས་ཁུལ་དེའི་མང་ཚོགས་ཀྱིས་ཞལ་འདེབས་ཀྲུང་སྒོར་ ༡༣༠༧༤ ཐམ་པ་གནང་སོན་བྱུང་བ་རྣམས་སྔོན་ནས་ནད་པར་ཕུལ་འབྱོར་ཟིན་མོད། ཁ་སྔོན་ ༢༠༡༩་༦་༡༧ ཉིན། དོ་བདག་གིས་བཀའ་དྲིན་ཆེ་ཞུ་དང་བཅས། འབྱོར་ལན་ཚད་ལྡན་ཕྱིར་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་ཡིག་ཚང་ལ་འཕྲོད་ཡོད་པ་རེད།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- ༑ ༢༠༢༡ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།
- ༑ ༢༠༢༡ ལོའི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་འདུན་ལྟར་ཛ་དྲག་ནད་པ་དང་ཉམས་ཐག་དཀའ་ངལ་ཅན་རྣམས་ལ་རོགས་རམ་ཞུས་པའི་སྐོར།