English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སློབ་ཡོན་བྱ་དགའ་ཞིག་ལ་སྙན་ཞུ་འབུལ་ཕྱོགས་སྐོར།

འདོན་སྤེལ། 2014/07/13 1:05 PM རྩོམ་པ་པོ།

ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའ་ལ་སྙན་ཞུ་ཇི་ལྟར་འབུལ་དགོས དཀོན་མཆོག་སྐྱབས་ཀྱིས་འོས་སྦྱོར་བྱས།

ཀུན་ཕན་ཐེབས་རྩ་ཚོགས་པས་མ་འོངས་བོད་མིའི་སྤྱི་ཚོགས་ཡར་རྒྱས་དང་། ཁྱད་པར་དུ་ཀྲུང་གོ་ནང་ཁུལ་གྱི་བོད་ཀྱི་སློབ་གསོའི་མ་ལག་འཐུས་སྒོ་ཇེ་ཚང་དུ་གཏོང་བ་དང་། གསོན་ཤུགས་ལྡན་ཞིང་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་བཅས་ལ་ཞབས་འདེགས་སྒྲུབ་པའི་ནུས་པ་ཡོད་པའི་མི་སྒེར་རྣམས་ལ་རོགས་སྐྱོར་བྱེད་བཞིན་ཡོད། སྙན་ཞུ་འབུལ་མཁན་རྣམས་ངེས་པར་དུ་བོད་སྐད་ལ་ཡིག་ངག་(ཡུལ་སྐད་ལ་ཁྱད་མེད)གཉིས་ཐོག་ནས་བྱང་ཆུབ་པ་དགོས།

གོམ་པ་དང་པོ། ཁྱེད་ལ་འཚམས་པའི་སློབ་ཡོན་བྱ་དགའ་འདེམས་དགོས།

ཀུན་ཕན་ཐེབས་རྩ་ཚོགས་པས། ཀྲུང་གོའི་ནང་ཁུལ་གྱི་མཐོ་རིམ་སློབ་གླིང་ཁག་ཏུ། དངོས་གཞི་དང་དངོས་གཞིའི་རྗེས་ཀྱི་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་རྣམས་ལ། སློབ་ཡོན་བྱ་དགའ་རྣམ་གྲངས་འགའ་རེ་སྤྲོད་ཀྱི་ཡོད།

1. དངོས་གཞིའི་སློབ་ཡོན་བྱ་དགའ།

1) བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་སློབ་ཡོན་བྱ་དགའ། (TMSMSGS) འདི་ནི་མཐོ་འབྲིང་མཐར་ཕྱིན་པའི་ལོ་དེ་ཉིད་ཀྱི་ནང་དུ་སློབ་ཆེན་ལ་རྒྱུགས་འཕྲོད་ཟིན་པའི་སློབ་མ་ལ་སྤྲོད་པའི་བྱ་དགའ་ཞིག་ཡིན། སྙན་ཞུ་འབུལ་མཁན་རྣམས་ངེས་པར་དུ། རྒྱའི་སྐད་ཡིག་མ་གཏོགས་པའི་སློབ་ཚན་གཞན་པ་ཚང་མ་བོད་སྐད་ཡིག་ཐོག་ནས་སློབ་ཁྲིད་བྱེད་པའི་མཐོ་འབྲིང་ཞིག་ནས་མཐར་ཕྱིན་པ་ཡིན་དགོས།

2) ཕུལ་བྱུང་སློབ་ཆེན་སློབ་མའི་སློབ་ཡོན་བྱ་དགའ། (IMSA) འདི་ནི་ཀྲུང་གོའི་ནང་གི་མཉམ་འབྲེལ་སློབ་ཆེན་ཁག་ཏུ་སློབ་ཞུགས་བྱས་པའི་སློབ་མ་ལ་སྤྲོད་པའི་བྱ་དགའ་ཞིག་ཡིན། དངོས་གཞིའི་སློབ་ཡོན་ཐད་རོགས་སྐྱོར་འཚོལ་འདོད་པའི་སློབ་མ་ཚོས་རང་ཉིད་ཀྱི་སློབ་སྦྱོང་སྡེ་ཚན་དང་འབྲེལ་བ་བྱས་ཏེ། སྡེ་ཚན་དེ་ཉིད་དུ་ཀུན་ཕན་ཐེབས་རྩ་ཚོགས་པའི་སློབ་ཡོན་བྱ་དགའི་ལས་གཞི་ཡོད་མེད་འདྲི་བརྩད་བྱ་དགོས།

2. དངོས་གཞིའི་རྗེས་ཀྱི་སློབ་ཡོན་བྱ་དགའ།

དངོས་གཞིའི་རྗེས་ཀྱི་སློབ་ཡོན་བྱ་དགའ་ནི། རབ་འབྱམས་ཞིབ་འཇུག་དང་འབུམ་རམས་ཞིབ་འཇུག་སློབ་གཉེར་བྱེད་པའི་སློབ་མ་རྣམས་ལ་སྤྲོད་པའི་བྱ་དགའ་ཞིག་ཡིན་ཞིང་། སློབ་ཡོན་ལོ་ངོ་གསུམ་བར་དུ་སྤྲོད་ཀྱི་ཡོད། ད་སྔ་ང་ཚོས་དངོས་གཞིའི་རྗེས་ཀྱི་སློབ་ཡོན་བྱ་དགའ་རྣམ་གྲངས་ལྔ་སྤྲོད་ཀྱི་ཡོད།

1) གཞི་རིམ་རྩིས་ཚན་དགེ་རྒན་གྱི་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ། (PTSRST) འདི་ནི་དངོས་གཞིའི་རྗེས་ཀྱི་མཐོ་རིམ་ཡོན་གནས་སློབ་གཉེར་བྱེད་འདོད་པའི། གཞི་རིམ་སློབ་གྲྭ་ཆུང་འབྲིང་གི་རང་བྱུང་ཚན་རིག་དགེ་རྒན་ལ་སྤྲོད་པའི་བྱ་དགའ་ཞིག་ཡིན། སྙན་ཞུ་འབུལ་མཁན་རྣམས་ལ་མ་མཐའ་ཡང་ལོ་ངོ་གསུམ་གྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་དགོས་པ་མ་ཟད། བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ་ཞིག་དགོས།

2) ཁྲིམས་ལུགས་དང་བཟོ་ཚོང་དོ་དམ་ཐད་ཀྱི་བུད་མེད་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ། (PTSWLB) འདི་ནི་ཁྲིམས་ལུགས་དང་བཟོ་ཚོང་དོ་དམ་ཐད། དངོས་གཞིའི་རྗེས་ཀྱི་ཡོན་གནས་སློབ་གཉེར་བྱེད་འདོད་པའི་བུད་མེད་ཆེད་ལས་མི་སྣར་སྤྲོད་པའི་བྱ་དགའ་ཞིག་ཡིན། སྙན་ཞུ་འབུལ་མཁན་རྣམས་ལ་མ་མཐའ་ཡང་ལོ་ངོ་གཉིས་ཀྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་དགོས་པ་མ་ཟད། བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ་ཞིག་དགོས།

3) སྤྱིར་བཏང་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ། (PTSDS) འདི་ནི། “གཞི་རིམ་རྩིས་ཚན་དགེ་རྒན་གྱི་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ།” ཞེས་པ་དང་། “ཁྲིམས་ལུགས་དང་བཟོ་ཚོང་དོ་དམ་ཐད་ཀྱི་བུད་མེད་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ།” ཞེས་པ་གཉིས་ཀྱི་ནང་དུ་མ་ཚུད་པའི་ལས་རིགས་འདྲ་མིན་ཐོག་གི་ཆེད་ལས་མི་སྣ་རྣམས་ལ་མཐོ་རིམ་སློབ་གཉེར་བྱེད་པར་སྤྲོད་པའི་སློབ་ཡོན་བྱ་དགའ་ཞིག་ཡིན། མོས་པ་ཡོད་པའི་སྙན་ཞུ་འབུལ་མཁན་རྣམས་ལ་མ་མཐའ་ཡང་ལོ་ངོ་གསུམ་གྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་དགོས་པ་མ་ཟད། བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ་ཞིག་དགོས།

4) དངོས་གཞིའི་རྗེས་ཀྱི་བུད་མེད་རྩིས་ཚན་སློབ་མའི་སློབ་ཡོན་བྱ་དགའ། (PGSWS) འདི་ནི། ཉེ་སྔོན་དངོས་གཞིའི་སློབ་མཐར་ཕྱིན་ཞིང་། སྲོལ་རྒྱུན་བོད་སྨན་ཕུད་པའི་རང་བྱུང་ཚན་རིག་གི་ཐོག་ཏུ། རབ་འབྱམས་ཞིབ་འཇུག་དང་། ཡང་ན་འབུམ་རམས་ཞིབ་འཇུག་གི་སློབ་གཉེར་བྱེད་འདོད་པའི་བུད་མེད་སློབ་མ་རྣམས་ལ་སྤྲོད་པའི་སློབ་ཡོན་བྱ་དགའ་ཞིག་ཡིན། སྙན་ཞུ་འབུལ་མཁན་རྣམས་ཀྱི་བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་སློབ་ཆུང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ་ཞིག་དགོས།

5) སྤྱིར་བཏང་དངོས་གཞིའི་རྗེས་ཀྱི་སློབ་ཡོན་བྱ་དགའ། (PGDS) འདི་ནི། ཉེ་སྔོན་དངོས་གཞིའི་སློབ་མཐར་ཕྱིན་པའི་སློབ་མའམ། ཡང་ན་ཡོན་གནས་དེ་དང་མཚུངས་ཤིང་། བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ་དང་། “བུད་མེད་རྩིས་ཚན་སློབ་མ།” ཞེས་པའི་ཚན་པ་རུ་མ་ཚུད་པའི་སློབ་མ་རྣམས་ལ་སྤྲོད་པའི་བྱ་དགའ་ཞིག་ཡིན།

རྒྱལ་སྤྱིའི་སློབ་ཡོན་བྱ་དགའ།

ཀུན་ཕན་ཐེབས་རྩ་ཚོགས་པས། ཕྱི་རྒྱལ་གྱི་མཐོ་རིམ་སློབ་གླིང་ཁག་ཏུ་མཐོ་རིམ་སློབ་གཉེར་བྱེད་འདོད་པའི་སློབ་མ་དང་ཆེད་ལས་མི་སྣ་རྣམས་ལའང་མི་གྲངས་ཚད་ཡོད་ཀྱི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ་སྤྲོད་ཀྱི་ཡོད། སྙན་ཞུ་འབུལ་མཁན་གྱིས་ངེས་པར་དུ་དངོས་གཞིའི་སློབ་གཉེར་ཡོངས་སུ་གྲུབ་ཡོད་དགོས་པ་དང་། བོད་ཡིག་དང་དང་ཕྱི་རྒྱལ་སྐད་ཡིག་གི་ཆུ་ཚད་དེ་འབྲེལ་ཡོད་གཏན་འཁེལ་གྱི་ཚད་གཞི་དང་མཐུན་དགོས། ད་སྔ་ང་ཚོས་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ་རྣམ་གྲངས་གསུམ་སྤྲོད་ཀྱི་ཡོད།

1) ལས་ཐོག་དགེ་རྒན་གྱི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ། (PTSISISEP) འདི་ནི། ཆ་རྐྱེན་ཚང་བའི་སྙན་ཞུ་འབུལ་མཁན་ལ་འབྲེལ་ཡོད་བསླབ་གཞིའི་ཤེས་བྱ་དང་། སློབ་ཁྲིད་ཐབས་ལམ། སློབ་གསོའི་དོ་དམ་བཅས་ཀྱི་ནུས་རྩལ་མཐོར་འདེགས་གཏོང་བར་དམིགས་པའི། སློབ་གསོའི་ལས་རིགས་པར་སྤྲོད་པའི་སློབ་ཡོན་བྱ་དགའ་ཞིག་ཡིན། སྙན་ཞུ་འབུལ་མཁན་རྣམས་ལ་མ་མཐའ་ཡང་ལོ་ངོ་གསུམ་གྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་དགོས་པ་མ་ཟད། བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ་ཞིག་དགོས།

2) སྤྱིར་བཏང་ཆེད་ལས་མི་སྣའི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ། (PTSIS) འདི་ནི། རང་ཉིད་ཀྱི་ལས་རིགས་ལ་རྒྱལ་སྤྱིའི་རང་བཞིན་གྱི་སློབ་གཉེར་དགོས་ཤིང་། ལས་ཐོག་དགེ་རྒན་གྱི་ཚན་པ་རུ་མ་ཚུད་པའི་ཆེད་ལས་མི་སྣ་རྣམས་ལ་སྤྲོད་པའི་བྱ་དགའ་ཞིག་ཡིན། སྙན་ཞུ་འབུལ་མཁན་རྣམས་ལ་མ་མཐའ་ཡང་ལོ་ངོ་གསུམ་གྱི་འབྲེལ་ཡོད་ལས་ཀའི་ཉམས་མྱོང་ཡོད་དགོས་པ་མ་ཟད། བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ་ཞིག་དགོས།

3) དངོས་གཞིའི་རྗེས་ཀྱི་རྒྱལ་སྤྱིའི་སློབ་ཡོན་བྱ་དགའ། (PGIS) འདི་ནི། ཉེ་སྔོན་དངོས་གཞིའི་སློབ་མཐར་ཕྱིན་པའི་སློབ་མའམ། ཡང་ན་ཡོན་གནས་དེ་དང་མཚུངས་ཤིང་། ཕྱི་རྒྱལ་ནས་དངོས་གཞིའི་རྗེས་ཀྱི་སློབ་གཉེར་བྱེད་འདོད་པའི་སློབ་མ་ལ་སྤྲོད་པའི་བྱ་དགའ་ཞིག་ཡིན། ཚན་རིག་དང་ལག་རྩལ་རིགས་སློབ་གཉེར་བྱེད་མཁན་ལ་དམིགས་བསལ་མཐོང་ཆེན་བྱེད་ཀྱི་ཡོད། སྙན་ཞུ་འབུལ་མཁན་རྣམས་ཀྱི་བོད་ཡིག་གི་བྱང་ཚད་དེ་མ་མཐའ་ཡང་བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་ཡོན་ཚད་དང་མཉམ་པ་ཞིག་དགོས།

གོམ་པ་གཉིས་པ། “སྔོན་དཔྱད་རེའུ་མིག”ཁ་བསྐང་དགོས།

ཁྱེད་ཀྱིས་རང་ཉིད་ཀྱི་དགོས་མཁོ་དང་ཡོན་ཚད་ལ་མཐུན་པའི་སློབ་ཡོན་བྱ་དགའི་རྣམ་གྲངས་ཤིག་བདམས་རྗེས། སློབ་ཡོན་བྱ་དགའི་སྔོན་དཔྱད་རེའུ་མིག་དྲ་ཐོག་ནས་ཁ་བསྐངས་ཏེ། སྤྱི་ཟླ་༦ཚེས་༡༥ཡར་སྔོན་དུ་ཡར་སྤྲོད་དགོས། གལ་སྲིད་ཁྱེད་ཀྱིས་རེའུ་མིག་དེ་དྲ་ཐོག་ནས་ཁ་སྐོང་མ་ཐུབ་ན། གློག་ཡིག་བརྒྱུད་ནས་སློབ་ཡོན་བྱ་དགའི་གཞུང་ལས་ཁང་ལ་འབྲེལ་བ་བྱས་ཏེ། Wordདང་། ཡང་ན་PDFརྣམ་པའི་རེའུ་མིག་སྐུར་བར་རེ་ཞུ་བྱེད་དགོས། (རྒྱལ་ནང་གློག་རྡུལ་ཡིག་སྒམ། [email protected] རྒྱལ་སྤྱིའི་གློག་རྡུལ་ཡིག་སྒམ། [email protected]) ང་ཚོའི་སློབ་ཡོན་བྱ་དགའི་ཚོགས་ཆུང་གིས་ཁྱེད་ཀྱི་སྔོན་དཔྱད་རེའུ་མིག་ལ་དཔྱད་བསྡུར་བྱས་རྗེས། ལས་གཞིའི་དོ་དམ་པས་ཁྱེད་ལ་ཟླ་ངོ་གཅིག་གི་ནང་དུ། ཁྱེད་ཀྱི་གནས་ཚུལ་དེ་གཞི་རྩའི་ཆ་རྐྱེན་དང་མཐུན་ཡོད་མེད་ཀྱི་བརྡ་ལན་སྤྲོད་ཀྱི་རེད། གལ་སྲིད་ཆ་རྐྱེན་དང་མཐུན་ཡོད་ན། སྙན་ཞུ་ཆ་ཚང་བ་ཞིག་འབུལ་ཆེད། ང་ཚོས་ཁྱེད་ལ་སྙན་ཞུའི་རེའུ་མིག་ཆ་ཚང་བ་ཞིག་འགྲེལ་བཤད་དང་བཅས་པ་བསྐུར་ཡོང་གི་རེད། གལ་སྲིད་ཁྱེད་ལ་དེ་མིན་གྱི་དྲི་བ་འདྲ་ཡོད་ན། སློབ་ཡོན་བྱ་དགའི་འབྲེལ་ཡོད་ལས་བྱེད་པར་གོང་བཀོད་གློག་རྡུལ་ཡིག་སྒམ་བརྒྱུད་ནས་འབྲེལ་བ་བྱས་ཆོག་ལ། ཐད་ཀར་ཁ་པར་བཏང་ནས་འབྲེལ་བ་བྱས་ཀྱང་ཆོག འབྲེལ་གཏུག་ཁ་པར་ནི། (028) 85182531 (རྒྱལ་ནང་།)

གོམ་པ་རྗེས་མ་དེ་ཅི་ཞིག་ཡིན་ནམ།

བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་སློབ་ཡོན་བྱ་དགའ། བོད་ཡིག་མཐོ་འབྲིང་མཐར་ཕྱིན་སློབ་མའི་སློབ་ཡོན་བྱ་དགའ་ནི་ལོ་རེར་ཐེངས་རེ་དཔྱད་འདེམས་བྱེད་ཀྱི་ཡོད་ལ། དཔྱད་འདེམས་དུས་ཚོད་ནི། ལོ་རེའི་སྤྱི་ཟླ་༩ནས་སྤྱི་ཟླ་༡༡བར་ཡིན་ལ། དཔྱད་འདེམས་མཇུག་འབྲས་དེ་སྤྱི་ཟླ་༡༢ནང་དུ་ཁྱབ་སྒྲོག་བྱེད་ཀྱི་ཡོད་པ་དང་། སྤྱི་ལོའི་ལོ་གསར་ནས་འགོ་བཙུགས་ཏེ་སློབ་ཡོན་རོགས་དངུལ་འགྲེམས་གཏོང་བྱེད་ཀྱི་ཡོད། སྙན་ཞུ་འབུལ་བའི་དུས་བཀག་ཁག་ནི། སྤྱི་ཟླ་༩ཚེས་༡༥ཡར་སྔོན་དུ། སྙན་ཞུ་འབུལ་མཁན་གསར་པ་ཚང་མས་སྔོན་དཔྱད་རེའུ་མིག་ཡར་སྤྲད་ཟིན་དགོས། སྤྱི་ཟླ་༡༠ཚེས་༢༥ཡར་སྔོན་དུ། སྔོན་དཔྱད་ལ་ཆོག་མཆན་ཐོབ་པའི་སྙན་ཞུ་འབུལ་མཁན་ཚང་མས་སྙན་ཞུའི་ཡིག་ཚགས་ཆ་ཚང་བ་ཞིག་ཡར་སྤྲད་ཟིན་དགོས།

དངོས་གཞིའི་རྗེས་དང་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ། (འདིའི་ནང་དུ་རྒྱལ་ནང་རྒྱལ་སྤྱི་གཉིས་ཀ་ཚུད་ཡོད།) ཀུན་ཕན་ཐེབས་རྩ་ཚོགས་པའི་དངོས་གཞིའི་རྗེས་དང་ཆེད་ལས་མི་སྣའི་སློབ་ཡོན་བྱ་དགའ་གཉིས་ཀ་ལོ་རེར་ཐེངས་རེ་དཔྱད་འདེམས་བྱེད་ཀྱི་ཡོད་ལ། དཔྱད་འདེམས་དུས་ཚོད་ནི། ལོ་རེའི་སྤྱི་ཟླ་༨ནས་སྤྱི་ཟླ་༡༠བར་ཡིན་ལ། དཔྱད་འདེམས་མཇུག་འབྲས་དེ་སྤྱི་ཟླ་༡༢ཟླ་སྟོད་དུ་ཁྱབ་སྒྲོག་བྱེད་ཀྱི་ཡོད་པ་དང་། སྤྱི་ལོའི་ལོ་གསར་ནས་འགོ་བཙུགས་ཏེ་སློབ་ཡོན་རོགས་དངུལ་འགྲེམས་གཏོང་བྱེད་ཀྱི་ཡོད། སྙན་ཞུ་འབུལ་བའི་དུས་བཀག་ཁག་ནི། སྤྱི་ཟླ་༦ཚེས་༡༥ཡར་སྔོན་དུ། སྙན་ཞུ་འབུལ་མཁན་གསར་པ་ཚང་མས་སྔོན་དཔྱད་རེའུ་མིག་ཡར་སྤྲད་ཟིན་དགོས། སྤྱི་ཟླ་༨ཚེས་༡༥ཡར་སྔོན་དུ། སྔོན་དཔྱད་ལ་ཆོག་མཆན་ཐོབ་པའི་སྙན་ཞུ་འབུལ་མཁན་ཚང་མས་སྙན་ཞུའི་ཡིག་ཚགས་ཆ་ཚང་བ་ཞིག་ཡར་སྤྲད་ཟིན་དགོས། རྗེས་ལུས་ཐེབས་པའི་སྙན་ཞུ་ཚང་མ་ཐེངས་རྗེས་མའི་དཔྱད་འདེམས་དུས་རིམ་བར་དུ་ཕྱི་སྣུར་བྱེད་ཀྱི་ཡོད།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བོད་ཀྱི་འགྲོ་བ་མིའི་གྱོན་ཆས་བྱུང་རིམ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • གྲོས་ཆོད་ཁག་ ༧ སྤྱི་མོས་སུ་བཞག་སྟེ་ཚོགས་འདུ་གྲོལ་བ།
  • ཁྲག་ཤེད་ལ་ཚོད་འཛིན་བྱེད་པའི་ཐབས་ལམ།
  • དགུན་ཁར་རིམས་ནད་འདི་དག་འབྱུང་བར་མཉམ་འཇོག་བྱ།
  • མཆིན་ཚིལ་རྒྱས་པའི་སྔོན་འགོག་དང་བཅོས་ཐབས།
  • ལས་རྨས་བྱུང་བའི་ལས་བཟོ་པའི་ཐོབ་ཐང་གང་འདྲ་རེད།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།