English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སློབ་དཔོན་ཆེན་པོའི་ཀཿཐོག་རྡོ་རྗེ་གདན་གྱི་གནས་བཤད།

འདོན་སྤེལ། 2014/12/3 1:56 PM རྩོམ་པ་པོ།

1_201182_18

 

 

 

 

 

 

 

 

 
ཨོ་རྒྱན་ཆེན་པོསཿ

འཛམ་བུ་གླིང་གི་མཐའ་ཁོབ་ཡུལ༔
གངས་ཅན་ལྗོངས་ཀྱི་ལྟེ་བ་ཉིད༔

ཀཿཐོག་མི་འགྱུར་རྡོ་རྗེ་གདན༔
འཁོར་ལོ་ལྔ་ལྡན་ཞི་ཁྲོའི་གནས༔
ང་ཡི་སྒྲུབ་གནས་མང་ཡོད་ཀྱང༔
གནས་ཀྱི་རྒྱལ་པོ་འདི་ཁོ་ན༔
ཁམས་ཡུལ་གནས་ཀྱི་རྒྱལ་པོ་སྦས་པའི་ཡུལ༔
འཁོར་ལོ་ལྔ་ལྡན་ཀཿཐོག་རྡོ་རྗེ་གདན༔
དེ་ཡི་སྒྲུབ་གནས་བརྒྱ་དང་ཉི་ཤུ་བཞི༔
ཁྱད་པར་མདོ་ཁམས་ས་ཡི་ཐིག་ལེ་ཆེ༔
ཀཿ་ཐོག་མི་འགྱུར་འཁོར་ལོ་ལྔ་ལྡན་གནས༔
རྒྱ་གར་རྡོ་རྗེ་གདན་དང་བཀོད་པ་མཚུངས༔
སྒྲུབ་པ་གང་བྱས་མི་འགྲུབ་གཅིག་ཀྱང་མེད༔
ཁྱད་པར་ནད་གདོན་རྐྱེན་གྱིས་བཏབ་པ་རྣམས༔
གནས་བསྐོར་འདི་བྱས་ཙམ་གྱིས་ནད་གདོན་ཞི༔
ཁྱད་པར་མ་འོངས་སྙིགས་མ་ལྔ་བདོའི་དུས༔
སྲོག་བདག་རྒྱལ་པོ་གཟའ་ཀླུ་ལ་སོགས་པ༔
ནག་ཕྱོགས་ཁ་དར་ནད་རིམས་སྣ་ཚོགས་དར༔
ནད་གདོན་དེ་ཉིད་སེལ་ཕྱིར་རིམ་གྲོ་ནི༔
ཐབས་ཀྱིས་བཅོས་ན་གཏོ་སྨན་གང་གིས་ཀྱང༔
ཕན་པ་དཀའ་བས་དེ་དུས་གནས་འདི་ལ༔
ཕྱག་དང་སྐོར་བ་བྱས་ན་དེ་ཡིས་ཕན༔
གནས་སྐབས་བར་ཆད་རྐྱེན་བགེགས་འདི་ཡིས་སེལ༔
ཕྱི་མ་ས་ལམ་བར་ཆད་འདི་ཡིསབཟློག༔
གསོལ་བ་གང་བཏབ་ཡིད་བཞིན་ནོར་ལྟར་འགྲུབ༔
སྨོན་ལམ་གང་བྱས་ཆུད་ཟོས་སོང་རེ་ཀན༔
ཁྱད་པར་གནམ་ལོ་ཡོས་ལོ་ནམ་ཤར་ཚེ༔
གནས་ཡུལ་ཀུན་གྱི་རྩ་གསུམ་དཔའ་བོ་དང༔
མ་མོ་མཁའ་འགྲོ་དམ་ཅན་ཆོས་སྐྱོང་འདུ༔
ཁྱད་པར་འཇའ་ལུས་མཁའ་སྤྱོད་འགྲུབ་པའི་གནས༔
ཁྲེགས་ཆོད་གཞི་དང་ཐོད་རྒལ་ལམ་བསྒོམ་ན༔
མི་ལོ་བདུན་ནས་འཇའ་ལུས་ངེས་པར་འགྲུབ༔
ཚེ་འདིར་བྱང་ཆུབ་མཆོག་གི་ལམ་བགྲོད་ཞིང་༔
ཕྱི་མ་ཕྱག་རྒྱ་ཆེན་པོ་ཐབས་མཆོག་གི༔
དངོས་གྲུབ་འབྲས་བུ་ངེས་པར་ཐོབ་ནུས་པ༔
གནས་ཀྱི་རྒྱལ་པོ་འདི་ཉིད་ཁོ་ན་ཙམ༔
པདྨའི་སྒྲུབ་གནས་འཁོར་ལོ་་ལྔ་ལྡན་ཞིང་༔
སྒྲུབ་གནས་བརྒྱ་རྩ་བརྒྱད་ཀྱི་སྙིང་པོ་སྟེ༔
འདི་ལ་དད་དང་ཡིད་ཆེས་མོས་གུས་ཀྱི༔
གནས་སུ་མ་གྱུར་མི་ཀུན་བདུད་ཀྱི་རིགས༔
གང་ཞིག་ང་ཡི་སྦས་ཡུལ་འདི་ཉིད་ཀྱི༔
ཐ་ན་མཚན་ཐོས་པ་ལ་ཡི་རངས་ཀྱང་༔
འདི་དང་ཕྱི་མ་བར་དོ་ཐམས་ཅད་ལ༔
མི་དེ་པདྨ་ང་ཡི་སྐྱབས་འོག་ཚུད༔
རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པར་འགྱུར༔
གཞན་ཡང་ལོ་རྒྱུས་ཕན་ཡོན་བརྗོད་མི་ལངས༔ ས་མ་ཡ༔རྒྱ་རྒྱ་རྒྱ༔

(ཀཿཐོག་རྡོ་རྗེ་གདན་ནི་ད་ལྟའི་ཀཿཐོག་དགོན་པ་ཆགས་ས་འདི་ཡིན་ལ། སྔོན་ཆོས་རྒྱལ་སྡེ་དགེ་ཚང་གི་དབུ་བླ་ཁག་ལྔའི་ཡ་གྱལ་ཞིག་ཡིན།)

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། མཁན་ཆེན་ཤེས་རབ་བཟང་པོའི་ལོ་རྒྱུས་སྙིང་བསྡུས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ཞེ་ཆེན་དགོན་བསྟན་གཉིས་དར་རྒྱས་གླིང་གི་ངོ་སྤྲོད་མདོར་བསྡུས།
  • སྔ་འགྱུར་རྙིང་མའི་དབུ་འཛིན་ཁྲི་རབས་ ༧ པར་འཚམས་འཕྲིན།
  • སྡེ་དགེའི་ཡུལ་གྱི་ཁྲ་མོ་གླིང་དང་འབྲེལ་བའི་རྗེས་ཤུལ་འགའ།
  • སྡེ་དགེ་འདན་མའི་ཡུལ་གྱི་ཀློང་ཐང་སྒྲོལ་མ་ལྷ་ཁང་།
  • རྨུགས་སངས་གནས་བཤད་དང་དགོན་པའི་ལོ་རྒྱུས་སྙིང་བསྡུས།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།