འདི་ལོའི་སློབ་ཐོན་པ་ཚོར་གཟེངས་བསྟོད་ཕྱག་ཁྱེར་འབུལ་རྒྱུའི་གསལ་བརྡ།
༈ སློབ་ཡོན་གསལ་བསྒྲགས།
དེའང་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་པའི་དམིགས་ཡུལ་དག་ལས་གཅིག་ནི་༸རྒྱལ་བའི་བཀའ་དགོངས་བཞིན་གཞོན་སྐྱེས་དག་འདབ་གཤོག་གཉིས་ལྡན་ཅན་གྱི་ཤེས་ཡོན་པ་རེ་ཡོང་བར་མཐུན་འགྱུར་དང་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་ལྟར་སྐུ་ཞབས་རྒྱལ་མཚན་ཆོས་གྲགས་ལགས་ཀྱི་བདག་རྐྱེན་ལས་འདི་ལོར་གསར་དུ་མཐོ་སློབ་འགྲིམ་མཁན་གྱི་རང་ཁོངས་སློབ་ཕྲུག་གྲངས་ ༧ ལ་ལོ་གསུམ་རིང་སློབ་ཡོན་འབུལ་རྒྱུ་དང་། སློབ་ཕྲུག་གཅིག་ལ་ལོ་རེར་ཧིན་སྒོར་ ༡༡༠༠༠ རེ་གཏོང་རྒྱུར་ཐག་གཅོད་བྱུང་ཡོད། གལ་སྲིད་སློབ་ཡོན་ཞུ་མཁན་སློབ་ཕྲུག་ ༧ ལས་བརྒལ་ཚེ་འདི་ལོའི་ཚོགས་ཆེན་སྟེང་ནས་རྒྱན་དཀྲུག་བྱ་རྒྱུ་ཡིན་ལ། སློབ་ཡོན་ཞུ་མཁན་རྣམས་སློབ་ཡོན་སྤྲད་རྒྱུར་དཀའ་ངལ་ཡོད་མཁན་ཤ་སྟག་ཡིན་པའི་རེ་བ་ཆེ།
༈ གཟེངས་བསྟོད་ཕྱག་ཁྱེར་གསལ་བརྡ།
དེ་བཞིན་འགན་ལྷན་ཐེངས་ ༢ པའི་གྲོས་ཆོད་ཨང་ ༣ པའི་དགོངས་དོན་བཞིན་བཙན་བྱོལ་ནང་གི་འདི་ལོར་སློབ་མཐར་ཕྱིན་པའི་རང་ཁོངས་སྡེ་དགེའི་སློབ་ཐོན་པ་ཚོར་བསྔགས་བརྗོད་དང་སྐུལ་ལྕག་ཆེད་གཟེངས་བསྟོད་ཕྱག་ཁྱེར་རེའང་འབུལ་རྒྱུར་ཐག་གཅོད་བྱུང་ཡོད། དང་པོ་༽འཛིན་རིམ་ ༡༢ སམ་དེ་དང་མཉམ་པར་སློབ་ཐོན་བྱུང་པའི་རྒྱུགས་འབྲས་ཨང་བརྒྱ་ཆ་ ༧༠ ཡན་ཆད་ལོན་མཁན། གཉིས་པ་༽མཐོ་སློབ་ནས་འབུམ་རམས་པའི་བར་རམ་དེ་དང་མཉམ་པའི་སློབ་ཐོན་པ་ཆ་ཚང་ལ་འབུལ་རྒྱུ།
གཤམ་གསལ་ཆ་རྐྱེན་ཚང་མཁན་ཚོས་འདི་ལོའི་ཕྱི་ཟླ་ ༡༠ ཚེས་ ༡༥ ནང་ཚུན་དབུས་ལས་ཁུངས་སུ་དགོས་མཁོའི་ཆ་རྐྱེན་དག་འབྱོར་དགོས་རྒྱུ།
སྡེ་དགེ་རྒྱལ་ཡོངས་ལྷན་ཚོཊ་ཀྱི་ཚོཊ་མིའི་ལག་དེབ་དང་། ཁོངས་གཏོཊ་ས་གནས་སྡེ་དགེ་ཚོཊ་པའི་ངོས་སྦྱོར་ཡི་གེ མགོ་པར་གཉིས་རེ་བཅས་དགོས། | |
སློབ་ཡོན་ཞུ་མཁན་གྱི་ཆ་རྐྱེན། | གཟེངས་བསྟོད་ཕྱག་ཁྱེར་ཞུ་མཁན་གྱི་ཆ་རྐྱེན། |
འཛིན་རིམ་ ༡༢ ཐོན་པའི་རྒྱུགས་འབྲས་ཤོག་ལྷེའི་ངོ་བཤུས། | འཛིན་རིམ་ ༡༢ སམ་དེ་དང་མཉམ་པའི་སློབ་ཐོན་པའི་ཆ་རྐྱེན། |
མཐོ་སློབ་གང་དུ་ཚུད་པའི་སློབ་གྲྭའི་ངོས་སྦྱོར་ཡིག་ཆ་དངོས། | མཐར་ཕྱིན་རྒྱུགས་འབྲས་ཨང་བརྒྱ་ཆ་ ༧༠ ཡན་ལོན་པའི་ངོ་བཤུས་ཡིག་ཆ། |
མཐོ་སློབ་གང་དུ་ཚུད་པའི་སློབ་ཡོན་འབྱོར་འཛིན། | མཐོ་སློབ་ནས་འབུམ་རམས་པའི་བར་རམ་དེ་དང་མཉམ་པའི་སློབ་ཐོན་པའི་ཆ་རྐྱེན། |
མཐར་ཕྱིན་འཛིན་གྲྭར་རྒྱུགས་འཕྲོད་ཟིན་པའི་ངོ་བཤུས་ཡིག་ཆ། |
སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༦་༨་༡ ཉིན།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།