༢༠༡༥ ལོའི་སློབ་ཐོན་གཟེངས་བསྟོད་ཕྱག་ཁྱེར་འབུལ་རྒྱུའི་གསལ་བརྡ།
༄༅། །མཚུངས་མེད་སྡེ་དགེའི་ས་གནས་རྒྱུན་ལས་རྣམ་པ་དང་མང་ཚོགས་ལ་ཆེད་གསོལ།
དེའང་ཚོགས་པའི་དམིགས་ཡུལ་གཙོ་བོ་ཞིག་ནི། གཞོན་སྐྱེས་ཚོར་ཤེས་ཡོན་འབྱོར་ཐབས་བྱ་རྒྱུ་དེ་ཡིན་པ་ལྟར། སླད་ཆར་སློབ་ཡོན་གྱི་མཐུན་རྐྱེན་སྒྲུབ་རྒྱུའི་མཚོན་པའི་ལས་གཞི་ཁག་ཅིག་ཡོད་མོད། ད་ལྟའི་གནས་བབ་དང་བསྟུན་ཏེ་འགན་འཛིན་ལྷན་ཚོགས་ཐེངས་དང་པོའི་གྲོས་ཆོད་གཞིར་བཟུང་འདི་ལོ་ནས་བཟུང་རང་ཁོངས་གཤམ་གསལ་འོས་ཆོས་ལྡན་པའི་སློབ་མ་རྣམས་ལ་ཤེས་རིག་ལ་སྐུལ་ལྕག་དང་། ལེགས་བྱས་ལ་གཟིགས་བཟོས་ཆེད་༼ཕྱག་ཁྱེར་༽རེ་འབུལ་རྒྱུ་ལགས་པས། དོ་བདག་གི་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ཚོགས་མིའི་ལག་དེབ་ངོ་བཤུས་དང་། གཤམ་གསལ་སློབ་གྲྭ་སོ་སོའི་འདི་ལོའི་རྒྱུགས་འབྲས་ཤོག་ལྷེའི་ངོ་བཤུས། མགོ་པར་ ༢ རེ་བཅས་ ༢༠༡༥་༡༡་༥ ནང་ཚུན་དབུས་ལས་ཁུངས་སུ་ངེས་འབྱོར་དགོས་རྒྱུའི་བརྡ་ཁྱབ་ཏུ་སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་ནས་ ༢༠༡༥་༩་༡༥ ཉིན།
འབྲིང་རིམ་སློབ་མ།
འཛིན་གྲྭ་བཅུ་གཉིས་པའི་རྒྱུགས་འབྲས་ཨང་ཐོབ་བརྒྱ་ཆ་ ༨༠ ཡན།
མཐོ་རིམ་སློབ་མ།
འབྲིང་རིམ་འཛིན་གྲྭ་བཅུ་གཉིས་ནས་ཆེས་མཐོའི་སློབ་གྲྭའི་བར་གྱི་མཐོ་སློབ་གང་ཞིག་ཐོན་པའི་མཐའ་མའི་རྒྱུགས་འབྲས་ཨང་ཐོབ་བརྒྱ་ཆ་ ༧༥ ཡན།
ཆེས་མཐོའི་སློབ་མ།
ཆེས་མཐོའི་སློབ་མ་ཐོན་ཚད་ལ་གཟེངས་བསྟོད་ཕྱག་ཁྱེར་འབུལ་རྒྱུ་ཡིན།
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- ས་གནས་ཡུལ་མིའི་རེ་འབོད་ལ་བདག་སྐྱོང་དགོས་པའི་ཡོངས་ཁྱབ་བསྒྲགས་གཏམ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༢༢ ལོའི་སློབ་ཡོན་གསལ་བསྒྲགས།
- ༄༅། །འཛམ་གླིང་ཤར་ནུབ་གང་དུ་བཞུགས་ཡོད་པའི་རང་རེེའི་སྡེ་དགེ་བ་ཕུ་ནུ་མིང་སྲིང་ཡོངས་ལ་སྡེ་དགེའི་ཉིན་མོའི་གསལ་བརྡ།
- སྡེ་དགེ་པ་འཛིན་གྲྭ་བཅུ་པའི་སློབ་མ་ཡོངས་ནས་དོ་སྣང་གནང་དགོས་རྒྱུ་གལ་ཆེ།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་ ༢༠༡༩ ལོའི་སློབ་ཡོན་འབུལ་འགོ་བཙུགས།