English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྦྲུམ་མར་ཉེན་ཁ་ཆེ་བའི་ནད་རྟགས་འགའ།

འདོན་སྤེལ། 2013/06/7 5:24 PM རྩོམ་པ་པོ།

སྦྲུམ་མར་ཉེན་ཁ་ཆེ་བའི་ནད་རྟགས་འགའ།

ཡོང་ཁུངས། མཚོ་སྔོན་བརྙན་འཕྲིན་ཁང་།

དང་པོ། སྐྱེ་ལམ་ལས་ཁྲག་བཞུར་བ།

སྐྱེ་ལམ་ལས་ཁྲག་བཞུར་སྐབས་ན་ཟུག་ཡོད་མེད་གཉིས་ཡོད། སྦྲུམ་མའི་མངལ་ལས་ཁྲག་ཉུང་ཙམ་བཞུར་ཡང་ཉེན་ཁ་ཧ་ཅང་ཆེ་བས། སྦྲུམ་མས་སེམས་ལྷོད་པོའི་སྒོ་ནས་ངལ་གསོ་དགོས།

མངལ་སྦྲུམ་ནས་ཟླ་དྲུག་འགོར་རྗེས་ཧ་ཅང་སེམས་ཆུང་བྱ་དགོས། རྒྱུ་མཚན་ནི་བུ་རོགས་ལ་སྐྱོན་ཞུགས་ནས་རྨ་བཟོས་པ་དང་། དེ་ལས་ཁྲག་བཞུར་བ་ནི་སྦྲུམ་མའི་ལུས་ཁྲག་ཡིན་པས་མ་བུ་གཉིས་ཀར་ཉེན་ཁ་ཆེན་པོ་ཡོད། དེ་བས་རང་འདོད་ལྟར་རྨ་བཅོས་སོགས་མི་བྱེད་པར་མྱུར་དུ་སྨན་པར་སྟོན་དགོས།

གཉིས་པ། ཕོ་བར་ཟུག་གཟེར་ལངས་པ།

1.སྦྲུམ་མར་ན་ཟུག་ལངས་པ།

མངལ་སྦྲུམ་དུས་ཟླ་མཚན་མི་འབབ་ཀྱང་རྒྱུ་ཞབས་ལ་ཟུག་གཟེར་ལངས་སྲིད། དེ་ནི་བུ་རོགས་ཆེ་རུ་གྱུར་ནས་བུ་སྣོད་ལ་གནོན་ཤུགས་སྟེར་བ་དང་། བུ་སྣོད་ནང་གི་ཁྲག་དེ་ཕྱིར་བཞུར་ན་སྐབས་འགར་མཁྲེགས་པོར་འགྱུར་སྲིད། ཁྲག་མཁྲེགས་པོར་གྱུར་ན་མ་བུ་གཉིས་ཀར་ཉེན་ཁ་འབྱུང་ཉེན་ཡོད།

2.སྦྲུམ་མའི་ཁམས་དམར་རྒྱུ་ལམ་ལས་སྦྲུམ་བུ་འཕེལ་བའི་རྐྱེན་གྱིས་ན་ཟུག་ལངས་བ།

ཐོག་མའི་ཟླ་གསུམ་གྱི་ནང་ལ་སྦྲུམ་མར་ན་ཟུག་འབྱུང་བ་ནི་རྒྱུན་ལྡན་ཡིན་ཡང་ན་ཟུག་ཇེ་ཆེར་སོང་ན་རྒྱུན་ལྡན་མིན། རྒྱུན་ལྡན་ལྟར་ན་སྦྲུམ་བུ་མངལ་ནང་དུ་འཕེལ་བ་ཡིན་མོད། སྐབས་འགར་བུ་སྣོད་ཕྱིར་མངལ་སྦྲུམ་པའང་ཡོད་པས་ཉེན་ཁ་ཆེ་སྟེ། དེའི་ནང་དུ་སྦྲུམ་བུ་ཤོང་ཚད་ཧ་ཅང་ཆུང་བས་ཡིན།

ཟླ་གསུམ་ལོན་མ་ཐག་སྦྲུམ་བུ་མངལ་ཕྱིའི་ཁམས་དམར་རྒྱུ་ལམ་དུ་ཆེ་རུ་ཕྱིན་པ་དང་བསྟུན་ནས་ཁམས་དམར་རྒྱུ་ལམ་ལ་ཟུག་གཟེར་འབྱུང་བ་དང་ཁྲག་འབབ་པ་ཡིན། ཁྲག་ཁོག་ལ་བླུགས་ན་ལུས་པོར་གནོད་ནས་མཐའ་མར་སྦྲུམ་མ་འཆི་འང་སྲིད།

གསུམ་པ། ལུས་སྟོབས་ཉམས་པ།

སྦྲུམ་མའི་ཁྲག་ནང་དུ་ལྕགས་རྒྱུ་མང་པོ་དགོས། ལྕགས་རྒྱུས་ཁྲག་རིལ་དམར་པོར་གསོ་རླུང་དྲངས་ནས་མ་བུ་གཉིས་ཀ་གསོ་བཞིན་ཡོད་པ་རེད། ནམ་རྒྱུན་སྦྲུམ་མའི་ཁྲག་ནང་དུ་ལྕགས་རྒྱུ་མ་འདང་ན་ཁྲག་ཤེད་ཉམས་འགྲོ། དེ་དུས་སྦྲུམ་མའི་ལུས་སྟོབས་ཇེ་ཞན་དུ་འགྱུར་བ་ཡིན། ནད་རྟགས་ནི་པགས་པའི་མདོག་དཀར་པོར་འགྱུར་བ་ཡིན། དེ་བཞིན་མིག་ལྕིབས་དང་ཁ་ཤའི་ནང་ཡང་དཀར་པོར་གྱུར་ཡོད་པས་མིག་ལྕིབས་དང་ཁ་ཤར་བལྟས་ན་ཤེས་ཐུབ། སྐབས་དེར་མྱུར་མོར་གསོ་བཅོས་མ་བྱས་ན་སྦྲུམ་མའི་ཁྲག་ཤེད་ཉམས་ནས་བྱིས་པ་སྐྱེས་སྐབས་ཉེན་ཁ་ཆེན་པོ་ཡོད། དེར་སྔོ་ཚོད་ཀྱི་རིགས་དང་ཁྲག་གསོ་བྱེད་ཀྱི་ཟས་རིགས་ཟ་དགོས།

བཞི་བ། ལུས་ཚ་རྒྱས་པ།

ལུས་ཚ་རྒྱས་པ་ནི་གཉན་ཁ་རྒྱས་པའམ་ལུས་ཚ་མཐོ་བ། སིབ་བུ་དང་ཆམ་པ་ཕོག་པ་སོགས་ཀྱི་རྐྱེན་ལས་བྱུང་བ་ཡིན། ཆམ་པ་ཕོག་པ་ལྟར་གསོ་བཅོས་བྱ་རྒྱུ་དེའང་ལས་སླ་མོ་ཞིག་མིན། ད་དུང་ལུས་ཆུ་བསྲད་པའི་ནད་བྱུང་ནའང་ལུས་ཚ་རྒྱས་སྲིད་པས། ངེས་པར་དུ་ཆུ་ཁོལ་མང་ཙམ་འཐུང་དགོས།

ལྔ་བ། རྐང་ལག་དང་ངོ་གདོང་སྐྲངས་པ།

མགོ་ན་བ་དང་མགོ་ཡོམ་འཁོར་བ། མིག་རབ་རིབ་ཏུ་གྱུར་བ། ཁྲག་རྒྱུ་མི་བདེ་བ་བཅས་ཀྱི་ནད་ཕོག་སྲིད། དེའི་ནད་རྟགས་ནི་ལུས་ཉབ་ཉོབ་ཏུ་འགྱུར་བ་དང་ཁྲག་ཤེད་མཐོ་བ། རྐང་བ་ཅུང་སྐྲངས་པ་ནི་རྒྱུན་ལྡན་ཡིན་པས་སེམས་འཚབ་མི་དགོས། ལོངས་ཚིག་སྐྲངས་ན་ཉེན་ཁ་ཆེར་མེད་མོད། ངོ་གདོང་དང་ལག་པ་སྐྲངས་ཏེ་གློ་བུར་དུ་ལུས་པོ་གཟུགས་མགོར་མི་ཐེག་པའི་ཚོར་སྣང་སྐྱེས་ན་ཉེན་ཁ་ཆེ།

ཁྲག་རྒྱུ་མི་བདེ་བ་འགོག་པའི་ཐབས་མཆོག

1.སྦྲུམ་མར་ཁྲག་རྒྱུ་མི་བདེ་བའི་སྐབས་སུ་སེམས་ཁམས་ལྷོད་ལྷོད་ངང་ངལ་གསོ་དགོས།

2.ཁ་ཟས་སུ་ཤ་ཟ་དགོས་པ་ལས་ཚྭ་ཟ་མི་རུང་།

3.ཡང་ན་ཁ་ཟས་སུ་ཚྭ་ཉུང་ཙམ་མ་གཏོགས་འདེབས་མི་ཉན།

4.རྐང་བ་ཁོ་ན་སྐྲངས་ན་ཉེན་ཁ་དེ་འདྲ་མེད།

 

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། གཞིས་ལུས་བོད་མིར་གནང་བའི་གལ་ཆེའི་གསུང་འཕྲིན།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • གྲོས་ཆོད་ཁག་ ༧ སྤྱི་མོས་སུ་བཞག་སྟེ་ཚོགས་འདུ་གྲོལ་བ།
  • ཁྲག་ཤེད་ལ་ཚོད་འཛིན་བྱེད་པའི་ཐབས་ལམ།
  • དགུན་ཁར་རིམས་ནད་འདི་དག་འབྱུང་བར་མཉམ་འཇོག་བྱ།
  • མཆིན་ཚིལ་རྒྱས་པའི་སྔོན་འགོག་དང་བཅོས་ཐབས།
  • ལས་རྨས་བྱུང་བའི་ལས་བཟོ་པའི་ཐོབ་ཐང་གང་འདྲ་རེད།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།