English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡོང་ཚེ་དཀར་དགེ

འདོན་སྤེལ། 2013/07/1 2:39 AM རྩོམ་པ་པོ།

ཡོང་ཁུངས། ཆུ་སྒང་ལོ་རྒྱུས་ལས་དྲངས།

སྡོང་ཚེ་དཀར་དགེ

མདོ་ཁམས་ཤར་ཕྱོགས་སྡེ་དགེ་མངའ་ཁུལ་དཔེ་ཝར་རྫོངས་ནས་ཡིན་པའི་སྡོང་ཚེ་དཀར་དགེ་ནས་ལོ་རྒྱུས་ཞུ་འབྲས། སྡེེ་དགེ་འབྲི་ནུབ་མངའ་ཁུལ་དུ་སྤྱི་ལོ་ ༡༩༥༩ ཟླ་ ༦ པའི་ནང་འབྲི་ནུབ་ཕྱོགས་སུ་ཟིང་འཁྲུག་ལངས་ཏེ་བདེ་ལྷུང་ཞེས་པར་གནམ་ས་གཉིས་ནས་དམག་བརྒྱབ་སྟེ་སྡེ་དགེ་དང་གོ་འཇོ་བཅས་ཕོ་མོ་ཁྲི་ཕྲག་ཁ་ཤས་ཡོད་པ་གོ་འཇོ་སྨད་ནས་སྟོང་ཕྲག་གཅིག་དང་ཕྱེད་ཙམ་ཐར་བའི་ནང་ནས་རང་གི་ནང་མི་ ༡༨ ཡོད། དེང་ནང་ཕ་མ་རྒན་ཁོང་ལོ་ ༧༠ དང་ ༨༠ ཅན་གསུམ་ཡོད་པ་འགྲོ་རེ་བྲལ་ནས་རང་གི་ཁུ་བོ་ཚེ་ཆེན་དང་ཨ་རྡོར་མཉམ་སྡོད་དགོས་པ་རྒྱ་ལག་ཏུ་ཟིན་ནས་ལོ་ ༢༠ བཙོན་ཁང་ནང་སྡོད་དགོས་བྱུང་བ་དང་། རང་དང་ནང་མི་གཞན་རྣམས་དང་། གོ་སྡེ་གཉིས་མཉམ་དུ་འོང་ནས་གོ་འཇོ་གསེར་ལྡིང་ཁར་རང་ལ་མེ་མདའ་ཕོག་ནས་རྨས་སྐྱོན་དང་། སྤུན་མཆེད་ཉེ་འབྲེལ་བརྒྱ་ཕྲག་མང་པོ་བསད་རྨས་ཤོར་བ་དང་། དེ་ནས་སྡེ་དགེ་རྒྱལ་པོ་དང་བློན་འཁོར་ཉུང་བསྡུས་ལྷ་ཐོག་ནས་ཆབ་མདོ་རྫ་སྟོད་བརྒྱུད་ཀོང་པོ་ཕྱོགས་དང་ལྕགས་ར་དཔལ་འབར་དུ་འབྱོར། དེ་ཕྱོགས་སྡེ་དགེ་སྲས་དོན་ཡོད་ཅན་མི་སྣ་བཅུ་ཕྲག་ལྷག་གནམ་གྲུ་ནས་འབྱོར་བར་གོ་ལག་མདའ་རྫས་ཕོན་ཆེན་ཐོབ་པར་ཟླ་ངོ་ཁ་ཤས་དེ་ཕྱོགས་སུ་བསྡད། བོད་ཟླ་ ༡ པོའི་ནང་ཡང་བསྐྱར་རྒྱ་མིས་ཕྱོགས་གང་ས་ནས་དམག་བརྒྱབ་ནས་རི་ལུང་གང་སར་རྒྱ་བོད་གཉིས་ཀྱི་རོ་ཁྲག་གིས་གང་བར་མིག་མཐོང་བྱུང་། དེ་ནས་རྒྱ་འོག་སྤྲད་གསུམ་ཞེས་པའི་ཕོ་མོ་ཉིས་བརྒྱ་ལྷག་ཙམ་བྱང་ཕྱོགས་སུ་ཁ་ཐུག་ཏུ་ཕྱིན་པས་ཞག་ཤས་རྗེས་མདོ་གཞུང་ཞེས་པར་སླེབས་ཏེ། དེ་ཕྱོགས་དམག་འཐབ་བྱ་བའི་སྒང་སླེབས་པས་ཉིན་མཚན་བར་མེད་འཐབ་འཛིང་ཐོག་བྱང་མ་ཊའི་ལམ་ཁར་ཉིན་མཚན་བདུན་ནས་བརྒྱད་ཙམ་ལ་སླེབས། དེ་ནས་ཐང་ཁེ་ཁྲེ་ཞེས་པའི་ལྕགས་ཁྲབ་འཁོར་ལོ་འགས་ཉིན་མཚན་གསུམ་ཙམ་དེད་བྱུང་བར་བསད་རྨས་མང་པོ་དང་། གནམ་གྲུ་ནས་ཕེབས་པའི་མི་གྲངས་བཅུ་གྲངས་ཙམ་ཡོད་པ་གར་སོང་ཆ་མེད་སོང་། དེ་ནས་ཁ་ཟས་མེད། རྒྱབ་གོས་མེད། ཟླ་ངོ་གཅིག་ཙམ་བྱང་ཐང་རི་དྭགས་ཀྱི་ཤ་ཁྲག་ཟས་ནས་འོང་། དེ་ནས་ཨ་མདོ་སྟོད་མར་སླེབས་པར་མི་ཟས་ཕྲན་བུར་ཐོབ། དེ་ནས་རྒྱ་མི་དང་དགྲ་ཐེངས་ ༣༠ ནས་ ༤༠ བྱུང་བར། རང་གི་སྤུན་ཚེ་རིང་ཕུན་ཚོགས། བློ་གསལ་ཚེ་རིང་། ལྷ་མོ་ཨ་ནེ། ཚེ་དབང་སྒྲོན་མ་བཅས་བསད་ཤོར། འཕྲོས་ནང་མི་བདུན་སྟོད་མུ་གུམ་ཞེས་པར་བལ་པོའི་ས་མཚམས་སུ་སྤྱི་ལོ་ ༡༩༦༡ ལོར་སླེབས་པའི་ལོ་རྒྱུས་སུ།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། བཟི་སྨན་སྤྱད་ནས་ངའི་རོགས་པ་བཅུ་གསུམ་གྲོངས་ཚར་སོང་།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • མཁས་དབང་ནམ་མཁའི་ནོར་བུ་ལ་ཨི་ཊ་ལིའི་མི་སེར་གྱི་གཟེངས་རྟགས་མཐོ་ཤོས་དེ་ཕུལ།
  • ཚེ་དབང་ཕུན་ཚོགས་ཀྱི་ལོ་རྒྱུས་སྙིང་བསྡུས།
  • ཡིད་ལྷུང་འཆི་མེད་རྣམ་རྒྱལ།
  • ཡིད་ལྷུང་བཟོད་པ།
  • ཡ་ལུང་ཚེ་རིང་།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།