སྡེ་དགེའི་ས་ཁུལ་འགའ་ལ་ནང་དམེ་མི་བྱ་རྒྱུའི་དམ་བཅའ།
སྡེ་དགེའི་ས་ཁུལ་འགའ་ལ་ནང་དམེ་མི་བྱ་རྒྱུའི་དམ་བཅའ།
ས་གནས་ནས་ཁུངས་ལྡན་གནས་ཚུལ་འབྱོར་བ་ལ། དེང་སང་ཁམས་སྡེ་དགེའི་ཕྱོགས་ནས་གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་ཚོགས་ཞེས་པའི་ཕུ་ནུ་ནང་ཁུལ་དུ་ནང་དམེ་འཁྲུགས་འཛིང་མི་བྱེད་པའི་ཁས་ལེན་དམ་བཅའ་དང་། བཟང་ཕྱོགས་ཀྱི་འགྱུར་བ་ཁག་ཅིག་འགྲོ་བཞིན་འདུག
དེའང་སྡེ་དགེ་འཇོ་མདའ་ཝ་རཱ་བཤད་གྲའི་མཁན་པོ་ལྷ་དབང་དོན་འགྲུབ་ལགས་ཀྱིས་གཏོང་པའི་གནས་ཚུལ་ལྟར་ན། འདི་ཟླའི་ཕྱི་ཚེས་ ༡༧ ཉིན་སྡེ་དགེ་འཇོ་མདའ་རྫོང་ཐང་ཕུག་ཁུལ། ཝ་རཱ་དགོན་པའི་མངའ་འོག་སྐྱ་བོ་གྲོང་རུ་གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་ཚོགས་དབུ་བརྙེས་ཏེ། གྲོང་མོ་ཚོས་མི་ཚེ་ཧྲིལ་པོར་ནང་དམེ་ཁྲག་སྦྱོར་གྱི་བྱ་ངན་མི་བྱེད་པའི་དམ་བཅའ་བཞག་གནང་པ་དང་། མང་པོ་ཞིག་གིས་མི་ཚེ་འདིར་མི་ཀུན་ལ་འཁྲུགས་རྩོད་མི་བྱ་རྒྱུའི་དམ་བཅའ་བཞག་གནང་ཡོད་འདུག ད་དུང་གྲོང་ཚོ་འདིས་ལོ་གསུམ་གྱི་སྔོན་ནས་ཆང་རག་དང་། དུ་བ་ཤོ་རྒྱན་སོགས་མི་བྱེད་པའི་དམ་བཅའ་བཞག་གནང་པ་ལྟར་ད་ལྟ་ཡང་དེ་བཞིན་ལག་ལེན་གཙང་མ་བསྟར་བཞིན་ཡོད་འདུག སྤྱིར་གྲོང་ཚོ་འདི་ནི་ནམ་རྒྱུན་ནས་དགེ་སྒྲུབ་སྡིག་སྤང་གི་ལས་ལ་ཁ་ཙམ་མིན་པ་ལག་བསྟར་གནང་མཁན་ཞིག་ཀྱང་ཡིན་འདུག
༈ དེ་བཞིན་འདི་ཟླའི་ཕྱི་ཚེས་ ༡༤ ཉིན་སྡེ་དགེ་ཤར་ཕྱོགས་ཡིད་ལྷུང་དུའང་གངས་ལྗོངས་འཚེ་མེད་དཔའ་བོའི་མཐུན་དབུ་བརྙེས་ཏེ་ཕྱོགས་དེའི་མང་ཚོགས་མང་པོ་ཞིག་མཉམ་ཞུགས་ཐོག་སྔོན་ཆད་ཕུ་ནུ་ནང་འཛིང་ཆུང་ཚགས་ཤོར་བ་དང་། བྱས་ཉེས་ཀྱི་ངོ་ཚ་བཟོས་པ་རྣམས་ལ་འགྱོད་བཤགས་དང་། ད་ནས་བོད་པ་ནང་ཁུལ་དུ་ནང་དམེ་འཁྲུགས་རྩོད་སོགས་མི་བྱ་རྒྱུའི་ཁས་ལེན་དམ་གནང་པའི་གནས་ཚུལ་བྱུང་འདུག
༈ ཡང་འདི་ལོའི་ཕྱི་ཟླ་དང་པོའི་ཚེས་༢༡ ཉིན་ཁམས་སྡེ་དགེ་དབོན་པོ་སྟོད་ཡེ་ན་དགོན་དུ་མཁན་པོ་བསམ་འགྲུབ་བཀྲ་ཤིས་ལགས་ཀྱིས་ལམ་འབྲས་ཀྱི་དབང་གནང་སྐབས་དབོན་པོ་སྟོད་ཕྱོགས་ཀྱི་གྲོང་ཚོ་ཡེ་ན། ཡ་ཕྱེ། ལིང་ཆེ། སྒོ་ལེབ་མ་སོགས་མང་པོ་ཞིག་གིས་ཕུ་ནུ་ནང་ཁུལ་དུ་འཁྲུགས་སློང་ངན་པ་མི་ཡོང་ཆེད་གྲི་༥༠༠ ཙམ་དང་། མེ་མདའ་མང་པོ་ཞིག ད་དུང་ཆུ་གནས་ཉྭ་སོགས་ལ་ཆུ་གློག་འཕྲུལ་ཆས་ཀྱིས་གནོད་འཚེ་གཏོང་གིན་ཡོད་དུས། དེའི་འཕྲུལ་ཆས་བཅས་མང་པོ་ཞིག་མེར་བསྲེག་བཏང་འདུག དེ་བཞིན་སྒོ་བཤས་སྤངས་ཏེ་སེམས་ཅན་མང་པོ་ཞིག་ཀྱང་ཚེ་ཐར་གཏོང་ཡོད་འདུག
One Response
བསམ་ཚུལ་འབྲི།
འབྲེལ་ཡོད་ཀྱི་རྩོམ་གཞན།
- སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་ཀྱི་དབུས་རྒྱུན་སྐབས་ ༣ པའི་ལོ་འཁོར་༣ གྱི་ལས་བསྡོམས་སྙིང་བསྡུས།
- ཨ་ཧྥི་ཏབ་ཀརྨ་སིང་པུ་རེ་ཝལ་ (Aftab Karma Singh Pureval) ལགས་ཨ་རིའི་གྲོང་ཁྱེར་སིན་སི་ན་ཊི་( Cincinnati) ཡི་སྤྱི་ཁྱབ་གྲོང་ཁྱེར་དཔོན་པོའི་གོ་གནས་ཀྱི་རྒྱལ་ཁ་ཐོབ་པ།
- བོད་ཕྲུག་༢༧་ལ་སྲིད་སྐྱོང་གི་སློབ་ཡོན་གཟེངས་རྟགས་ཐོབ་པའི་ནང་རང་རེ་སྡེ་དགེ་བའི་སློབ་མ་གཅིག་ཡོད་པ་རེད།
- དབུས་རྒྱུན་སྐབས་གསུམ་པའི་ཚོགས་ཐེངས་གཉིས་པ་དེ་བསྐོང་ཚོགས་གནང་
- ལོ་གསར་པའི་འཚམ་འདྲི་བཀྲ་ཤིས་བདེ་ལེགས།
ཉེ་ཆར་སྡེ་དགེ་འཇོ་མདའི་མངའ་ཁོངས་ཀྱི་ཝ་རཱ་དགོན་པའི་སྐྱ་བོ་གྲོང་ནས་བོད་པ་ནང་ཁུལ་དུ་འཁྲུགས་རྩོད་མི་བྱ་རྒྱུའི་ཁས་ལེན་དམ་བཅའ་བྱས་པའི་སྐོར། ཨ་རིའི་རླུང་འཕྲིན་གིས་བཅར་འདྲི་བྱས་པ་ཞིག་དྲ་ཐག་འདིའི་སྟེང་ལ་ཡོད་པས་གསན་རོགས་ཞུ།
http://www.voatibetan.com/content/a-village-in-kham-vows-not-to-engage-in-violent-acyts-against-other-tibetan-/1684506.html