English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེའི་རང་བྱུང་ཁོར་ཡུག་གི་ཁྱད་ཆོས།

འདོན་སྤེལ། 2013/01/29 8:50 AM རྩོམ་པ་པོ། སྡེ་དགེ་བ་མཁས་དབང་ཐུབ་བསྟན་ཕུན་ཚོགས།

སྡེ་དགེའི་རང་བྱུང་འཁོར་ཡུག་གི་ཁྱད་ཆོས།

སྡེ་དགེའི་ལོ་རྒྱུས་སྤྱི་དོན་ཟླ་ཤེལ་གསར་པའི་མེ་ལོང་ལས་ཚན་བཤུས་བྱས། རྩོམ་པ་པོ།  སྡེ་དགེ་བ་མཁས་དབང་ཐུབ་བསྟན་ཕུན་ཚོགས།

སྡེ་དགེའི་ཡུལ་གྲུའི་གནས་ཡུལ་ནི་བོད་གངས་ཅན་ལྗོངས་ཀྱི་ཤར་ཕྱོགས་འབྲི་ཆུའི་ཤར་ནུབ་གཉིས་སུ་གནས་ཡོད་ཅིང༌། གཙོ་བོ་རོང་འབྲོག་གི་ས་ཁུལ་གཉིས་སུ་དབྱེ་ཆོག ས་གཤིས་གནས་སྟངས་ཀྱི་སྒོ་ནས་དབྱེ་ན་ལྷོ་རོང་དང༌། བྱང་འབྲོག་ཅེས་དབྱེ་ཆོག་པ་ཞིག་རེད། ཡུལ་འདིར་རྒྱ་མཚོའི་ངོས་ལས་རྨི་ཁྲེ་ 5།000ཡན་ཆད་ཅན་གངས་རི་དང༌། རྫ་རི་མཐོན་པོ་གྲགས་ཅན་མང་པོ་ཡོད་པ་ནི། ཚ་བའི་རྡོ་རྗེ་དྲིལ་དཀར། འབྲུ་གཉན་ལྡོང༌། ཁྲོ་ཟིལ་ཁྲོམ། རྡོ་རྒྱལ་མུ་ནེ། རོང་མའི་ང་འདྲ་སོགས་ཡོད་པ་དང༌། ཆུ་ཀླུང་དང་ཆུ་ཕྲན་མང་པོ་དྲ་བ་བྲེས་པ་ལྟ་བུའི་འབབ་པའི་ནང་ལས་འབྲི་ཆུ་དང་ཟླ་ཆུ་གཉིས་ནི་སྡེ་དགེའི་ཕོ་བྲང་གི་མདུན་རྒྱབ་ཀྱི་ལྕགས་རི་ལྟར་བསྐོར་ནས་འབབ་ཅིང་ཡོད་པ་རེད། ཡུལ་འདིའི་རྒྱ་ཁྱོན་ཕྱེད་ཙམ་དེ་གདོད་མའི་ནགས་ཀླུང་ཆེན་པོས་ཁྱབ་ཡོད་པའི་ནང་ཐང་ཤིང་གཙོ་བོར་བྱས་པའི་ཤུག་པ། བེ་ཤིང༌། ཚ་རུ། སྟབ་པ། འཁྲིས་པ་སོགས་ཤིང་རིགས་ཧ་ཅང་མང་པོ་ཡོད་པ་དང༌། རྫ་རི་དང་བྲག་རི་ཐམས་ཅད་ལ་གསེར་དང༌། དངུལ། ཟངས། ལྕགས་ལ་སོགས་པའི་གཏེར་ཁ་རིགས་འབེལ་པོ་ཡོད་པ་རེད། ལྷག་པར་དུ་སྡེ་དགེའི་རོང་འབྲོག་གཉིས་ཀྱི་ས་ཁུལ་དུ་བོད་ཀྱི་གསོ་རིག་གཞུང་དུ་བསྟན་པའི་རྩྭ་ཤིང་གི་སྨན་རྫས་ཕལ་ཆེར་སྐྱེས་ཡོད་པས་ཡུལ་འདིར་གནའ་དུས་ནས་དེང་དུས་བར་སྨན་ལས་དར་ཁྱབ་ཆེན་པོ་བྱུང་ཡོད། རྡོ་སྨན་དང༌། ཚྭ་སྨན། ས་སྨན་རྣམས་ལས་ཅོང་ཞི་དང༌། འབྲུག་རུས། སྡོང་རོས། བ་ལ། མུ་ཟི། བ་ཚྭ། བྲག་ཞུན་སོགས་ཡུལ་འདི་རང་ནས་ཐོན་ཞིང་ཡོད་པ་དང༌། རི་དྭགས་ཀྱི་སྨན་རྫས་རྩ་ཆེ་ཤོས་གླ་རྩི་དང༌། དོམ་མཁྲིས་སོགས་ཀྱི་ཐོན་ཁུངས་གཙོ་བོ་ཞིག་ཡིན། ལྷག་པར་དུ་དབྱར་རྩ་དགུན་འབུ་དང༌། ཨུཏྤལ་མེ་ཏོག་སོགས་བོད་ཡུལ་གཞན་ན་དཀོན་པའི་སྨན་རྫས་རྩ་ཆེན་མང་པོ་ཞིག་ཡུལ་འདི་ནས་ཐོན་ཞིང་ཡོད་པ་རེད།

 

' རྩོམ་འོག་མ། སྡེ་དགེའི་འབྲོག་ཁུལ་གྱི་ཐོན་ཁུངས་དང་ལག་རྩལ།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • སྡེ་དགེ་རྒྱལ་པོའི་དབྱར་ཐོངས་ཀྱི་སྤྲོ་སྐྱིད་གླིང་།
  • སྡེ་དགེའི་རྒྱལ་རབས་ངག་གི་ས་བོན་ཨཏྤལ་ཆུན་པོ་ཞེས་བྱ་བ།
  • སྡེ་དགེ་ཡུལ་གྱི་གེ་སར་སྒྲུང་གི་ངག་རྒྱུན་སྐོར།
  • སྡེ་དགེའི་རྒྱལ་རབས་མུ་ཏིག་ཕྲེང་བ། ༼བཅུ་གཅིག་པ་རྫོགས་སོ།།༽
  • སྡེ་དགེའི་རྒྱལ་རབས་རིན་ཆེན་ཕྲེང་མཛེས། ༼བཅུ་པ་༽

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།