English

  • མདུན་ངོས།
  • རྒྱལ་རབས།
  • ལོ་རྒྱུས།
    • ལུང་ཚན།
    • གནས་རི།
    • བྲག་ནགས་མཚོ།
    • སྣ་ཚོགས།
  • དགོན་སྡེ།
    • སྡེ་དགེའི་དབུ་ཁག་ལྔ།
    • གཡུང་དྲུང་བོན།
    • སྔ་འགྱུར་རྙིང་མ།
    • རྒྱལ་བ་བཀའ་བརྒྱུད།
    • དཔལ་ལྡན་ས་སྐྱ།
    • རི་བོ་དགེ་ལུགས།
  • པར་ཁང།
  • མི་སྣ།
    • སྐྱེས་ཆེན་དམ་པ།
    • ཤེས་ལྡན་མཁས་པ།
    • རླབས་ཆེན་མི་སྣ།
    • རྩོམ་པ་པོ།
    • ལྷ་པ།
    • སྒྲུང་པ།
    • གཞས་པ་གཞས་མ།
    • གྲགས་ཅན་མི་སྣ་གཞན།
  • ཆས་གོས།
    • རྒྱལ་བློན།
    • ཕོ་ཆས།
    • མོ་ཆས།
  • ཡུལ་སྲོལ།
    • བཟང་ངན་བརྩི་སྲོལ།
    • འབྲོག་པ།
    • རོང་པ།
    • རོང་མ་འབྲོག
    • ཡུལ་སྲོལ་ཁག་ཅིག
    • དུས་ཆེན།
  • ལས་འགུལ།
  • ལག་ཤེས།
    • ལྷ་བཟོ།
    • པར་བརྐོས།
    • མགར་བ།
    • རྫ་བཟོ།
    • ཤོག་བུ་བཟོ་བ།
    • ཤིང་བཟོ་བ།
    • འཚེམ་བཟོ།
    • སྤུ་རིགས་བཟོ་བ།
  • གླུ་གཞས།
    • སྡེ་དགེའི་བྲོ་ཆེན།
    • མགུར་མོ།
    • གླུའི་རིགས།
    • གླིང་བྲོ།
    • ཁེད་(གབ་ཚིག)
    • གཏམ་དཔེ།
  • ངོ་སྤྲོད།

སྡེ་དགེའི་བཀའ་འགྱུར་འཚལ་པར་མའི་ལོ་རྒྱུས་སྙིང་བསྡུས།

འདོན་སྤེལ། 2014/09/11 12:44 PM རྩོམ་པ་པོ།

སྡེ་དགེའི་བཀའ་འགྱུར་འཚལ་པར་མའི་ལོ་རྒྱུས་སྙིང་བསྡུས།

༄། །སྡེ་དགེའི་བཀའ་འགྱུར་ནི།

སྡེ་དགེ་ཆོས་རྒྱལ་བསྟན་པ་ཚེ་རིང་གིས་སྦྱིན་བདག་མཛད་དེ་བོད་རབ་བྱུང་བཅུ་གཉིས་པའི་ས་བྱ་ལོ་ནས་དབུ་བཙུགས་ཏེ་ཆུ་གླང་ལོ་སྟེ།༼སྤྱི་ལོ་1729-1733༽བར་བགྲང་བྱ་ལྔའི་རིང་བརྩོན་པ་ཆེན་པོས་པར་དུ་བཞེངས་ཤིང་། དེ་ཉིད་སྡེ་དགེ་དགོན་ཆེན་ཏེ་ལྷུན་གྲུབ་སྟེང་གི་པར་ཁང་ཆོས་མཛོད་ཆེན་པོར་བཞུགས་སུ་གསོལ་བ་ལ་སྡེ་དགེ་མཚལ་པར་རམ་སྡེ་དགེ་བཀའ་འགྱུར་ཞེས་ཡོངས་སུ་གྲགས།

བཀའ་འགྱུར་འདིའི་ཡི་གེའི་ཕྱི་མོ་ཇི་ལྟར་བསྡུས་ཚུལ་ནི། བོད་ཀྱི་ལོ་པཎ་མང་པོས་བརྟག་ཤིང་དཔྱད་ནས་། ཞུས་ཤིང་དག་པར་མཛད་པའི་གངས་ལྗོངས་སུ་ཁུངས་ཐུབ་ཀྱི་ཕྱི་མོར་གྱུར་པ་འཕྱིང་བ་སྟག་རྩེའི་ཕོ་བྲང་དུ་བཞུགས་པའི་ཚལ་པ་བཀའ་འགྱུར་དེ་ཉིད། ཕྱིས་འཇང་ཡུལ་དུ་སྤྱན་དྲངས་ནས་པར་དུ་བསྒྲུབས་པའི་འཇང་ལི་ཐང་བཀའ་འགྱུར་པར་གཞི་འདིའི་མ་ཕྱི་གཙོ་བོར་བཟུང་བ་དང་། དེ་དང་ལྷན་སྒ་ཨ་གཉན་པཀྵིའི་ཐུགས་དམ་གྱི་རྟེན་བཀའ་འགྱུར་ཤིན་ཏུ་དག་པ་དང་། གཞན་ཡང་དཔེ་རྒྱུན་རྙིང་མ་ཁུངས་བཙུན་འགའ་ཞིག་ལ་གོ་བསྡུར་མཛད་ཅིང་། མདོ་སྟོད་ལྷོ་རྫོང་གི་བཀའ་འགྱུར་ཡང་སྤྱན་དྲངས་ཏེ། དེ་དག་དང་སྒོ་བསྟུན་ནས་པར་དུ་བསྒྲུབས་པར་མཛད།

བཀའ་འགྱུར་འདིའི་ཡི་གེ་མཁན་དང་ཞུ་དག་པ་རྣམས་ཀྱི་སློབ་སྟོན་པའམ་ཞུས་ཆེན་པ་ནི། སི་ཏུ་ཆོས་ཀྱི་འབྱུང་གནས། མཚན་གཞན་ཀརྨ་བསྟནཔའི་ཉིན་བྱེད་གཙུག་ལག་ཆོས་ཀྱི་སྣང་བས་མཛད་ཅིང་། དེ་ཉིད་ཀྱིས་མཛད་པའི་བཀའ་འགྱུར་དཀར་ཆག་༼བདེ་བར་གཤེགས་པའི་བཀའ་གངས་ཅན་གྱི་བརྡས་དྲངས་པའི་ཕྱི་མོའི་ཚོགས་ཇི་སྙེད་པ་པར་དུ་བསྒྲུབས་པའི་ཚུལ་ལས་ཉེ་བར་བརྩམས་པའི་གཏམ་བཟང་པོ་བློ་ལྡན་མོས་པའི་ཀུནྡ་ཡོངས་སུ་ཁ་ཕྱེ་བའི་ཟླ་འོད་གཞོན་ནུའི་འཕྲི་ཤིང་།༽ཞེས་པ་མཛད་ཅིང་འདི་ནི་བཀའ་འགྱུར་དཀར་ཆག་རྣམས་ལས་ཆེས་རྒྱས་ཤོས་ཞིག་ཡིན་པར་མངོན།

བཀའ་འགྱུར་འདིའི་སྒྲིག་རིམ་ནི། ལི་ཐང་པར་མ་དང་མཚུངས་པར་བཀའ་དངཔོ་བདེན་བཞིའི་ཆོས་འཁོར་གྱི་ཁོངས་སུ་གཏོགས་པ་འདུལ་བ་ལུང་བཞི་ནས་དབུ་བརྩམས་ཡོད་ཅིང་། དེ་ཡང་འདུལ་བའི་སྐོར་ལ་པོད་13། ཤེར་ཕྱིན་སྐོར་ལ་པོད་21། ཕལ་པོ་ཆེ་པོད་4། དཀོན་བརྩེགས་པོད་6། མདོ་སྡེ་པོད་32། རྒྱུད་པོད་20། གཟུངས་འདུས་པོད་2། འགྲེལ་ཆེན་དྲི་མེད་འོད་པོད་1། རྙིང་རྒྱུད་པོད་3། དཀར་ཆག་བཅས་ཁྱོན་བསྡོམས་བཀའ་འགྱུར་པོད་103 བཞུགས།

གླེགས་བམ་སོ་སོའི་དབུ་ལྷའི་འགོད་སྟངས་ནི། འདུལ་བར་བསྟནཔའི་གཏད་རབས་བདུན་གཙོར་བྱས་དགྲ་བཅོམ་པ་རྣམས་དང་། རིམ་གྱིས་ཕྱོགས་བཅུའི་སངས་རྒྱས་དང་། བདེ་གཤེགས་སོ་ལྔ། ཉེ་བའི་སྲས་བརྒྱད། སྐབས་དང་འབྲེལ་བའི་ཞུ་བ་པོ་སོགས་དང་། རྒྱུད་འབུམ་དུ་དཔལ་དུས་ཀྱི་འཁོར་ལོས་གཙོ་བྱས་རྒྱུད་སྡེ་གོང་འོག་དང་འབྲེལ་བའི་ཡི་དམ། ཆོས་སྲུང་། ནོར་ལྷ། གཏེར་བདག་སོགས་དང་། དཀར་ཆག་གི་དབུར་སྟོན་པ་ཤཱཀྱ་ཐུབ་པ་དང་། འཇམ་དབྱངས། ས་སྐྱ་པཎ་ཆེན། བུ་སྟོན་རིན་ཆེན་གྲུབ་སོགས་ཀྱི་སྣང་བརྙན་བཞེངས་ཡོད།

བཀའ་འགྱུར་གྱི་པར་ཤིང་ནི། དུས་འགྱུར་སོགས་ཀྱི་རྐྱེན་ངན་འོག་མ་ཤོར་བ་ཉར་ཚགས་ལེགས་པོ་ཐུབ་ཡོད་ལ། ད་ལྟའང་སྡེ་དགེའི་པར་ཁང་ཆོས་མཛོད་ཆེན་མོར་བཞུགས་ཤིང་སྐབས་ལ་ལར་བགྲེས་སྐྱོན་བྱུང་བ་རྣམས་ཉམས་གསོ་མཛད་མུར་སྡེ་དགེ་དགོན་ཆེན་དུ་རང་འཇག་བཞུགས་ཡོད།

པར་བསྐོས་ཟིན་ནས་པར་བཏབ་པའི་པར་ཕུད་ནི། སྐབས་དེའི་གངས་རིའི་ལྗོངས་ཀྱི་རིས་མེད་བླ་ཆེན་རྣམས་ལ་ཕུལ་ཡོད་ལ། དེ་ལས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་གསུམ་པ་བདུད་འདུལ་རྡོ་རྗེར་ཕུལ་བའི་པར་ཕུད་དེ་ཉིད་དུས་ཕྱིས་རྒྱལ་དབང་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པ་ཆེན་པོས་རྒྱ་གར་དུ་གདན་དྲངས་ནས་སྤྱི་ལོ་1976-1979 རིང་འཕགས་ཡུལ་རྒྱལ་ས་ལྡི་ལི་གསར་པར་ཆོས་སྦྱིན་དུ་སྤེལ་ཡོད་པ་ལྟར་རོ།།

བསམ་ཚུལ་འབྲི།

Click here to cancel reply.

' རྩོམ་འོག་མ། སྡེ་དགེའི་བསྟན་འགྱུར་པར་མའི་ལོ་རྒྱུས་སྙིང་བསྡུས།

འབྲེལ་ཡོད་ཀྱི་རྩོམ་གཞན།

  • ༈ གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད།
  • སྡེ་དགེའི་ཀུ་ཚེ་ཡུལ་དུ་ཤིང་པར་བརྐོ་སྲོལ་བྱུང་བ། ཁ་རྒྱབ་ཉི་མ།
  • མདོ་ཁམས་སྡེ་དགེ་ཀུ་ཚེའི་ཡུལ་གྱི་ཤིར་པར་བརྐོ་སྲོལ་གླེང་བ།
  • མཁྱེན་བརྩེ་དབང་པོའི་ཐུགས་དམ་གྱི་རྟེན་སྒྲོལ་དཀར་ཞལ་ཐང་གི་སྐོར།

ཁྱབ་བསྒྲགས། མང་ ...
    Advertisement
འབྲེལ་མཐུད།
Advertisement
Advertisement
Advertisement
Advertisement
ངོ་དེབ།











  • ཁམས་པའི་དྲ་བ།
  • སྡེ་དགེའི་པར་ཁང་།
  • བོད་ཀྱི་བང་ཆེན།
  • བོད་ཀྱི་དུས་བབ།
  • རྒྱལ་བ་རིན་པོ་ཆེ།
  • ཆུ་སྒང་དྲ་བ།
  • བོད་ཀྱི་ཆ་འཕྲིན།
  • ཨ་རིའི་བརྙན་འཕྲིན།
  • བོད་ཀྱི་གཞས་ཚིག་དྲ་བ།་
  • དྲི་བ་དྲིས་ལན་དྲ་བ།
  • བོད་ཀྱི་འཕྲུལ་དེབ་དྲ་བ།
  • སམ་བྷོ་ཏྲ་དྲ་བ།།
  • འོད་ཟེར་དྲ་བ།
  • བོད་གཞུང་དྲ་བ།
  • སེང་རྡོར་དྲ་བ།།
  • སྨོན་ལམ་དྲ་བ།
  • མཚོ་སྔོན་པོ་དྲ་བ།
  • སྐར་ཁུང་དྲ་བ།
  • གེ་སར་རིག་གནས་དྲ་བ།
  • ཕ་ཡུལ་དྲ་བ།
  • སྤྱི་འཐུས་དྲ་བ།
  • འཛི་སྒར་དྲ་བ།
  • སྡེ་དགེ་རྒྱལ་ཡོངས་ལྷན་ཚོགས་དབུས་སྤྱི་ཁྱབ་རྒྱུན་ལས་ཁང་།
  • © 2020 Dege Gyalyong welfare Society
  • House # D-44, New Tibetan Camp. New Aruna Nagar, Majnu-ka-tilla, Delhi-110054, India.
  • E-mail: [email protected] Tel. 01123815056 Mb: +9717153449

བཟོ་སྐྲུན་པ། བསྟན་འཛིན་ཆོས་གྲགས།